- byang pa rnam rgyal grangs bzang /
- ID:
- T131985
- བྱང་པ་རྣམ་རྒྱལ་གྲངས་བཟང (Tibetan, Tibetan script, Original)
- > byang pa rnam rgyal grangs bzang / (Tibetan, Latin script, Transliteration-THL Extended Wylie Transliteration)
- > jangpa namgyel drangzang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. bod rgya tshig mdzod chen mo
[1872] རབ་བྱུང་བདུན་པའི་ཤིང་ཕག་ལོར་གཙང་ངམ་རིང་གི་རྒྱལ་སྡེ་ཆེན་པོར་སྐུ་འཁྲུངས། དགུང་ལོ་བཅུའི་ཐོག་པཎ་ཆེན་ནགས་ཀྱི་རིན་ཆེན་དང། བོ་དོང་ཕྱོགས་ལས་རྣམ་རྒྱལ་སོགས་ཡོངས་འཛིན་མང་པོ་བསྟེན་ནས་མདོ་སྔགས་དང། ཁྱད་པར་དུ་གསོ་བ་རིག་པ་ལ་མཁས་པར་སྦྱངས། རྒྱ་ནག་གོང་མ་ཏཱ་མིང་གིས་ཏའི་སི་ཏུའི་གོ་ས་གནང། གསུང་རྩོམ་ཡང་ནང་རིག་པའི་སྐོར་དང། སྒྲ་རིག་པ། བཟོ་རིག་པ། སྐར་རྩིས་སོགས་དང། ཁྱད་པར་དུ་གསོ་བ་རིག་པའི་སྐོར་ལ་ཡན་ལག་བརྒྱད་པ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་ཡིད་བཞིན་ནོར་བུ་རིན་པོ་ཆེ་བྱ་བའི་བསྟན་བཅོས་ལེའུ་བརྒྱ་དང་ཉི་ཤུ་ཡོད་པ་ཞིག་དང། རྩ་རྒྱུད་ཀྱི་འགྲེལ་པ་རྒྱུད་དོན་གསལ་བྱེད་སྒྲོན་མེ། བཤད་རྒྱུད་ཀྱི་འགྲེལ་པ་བདུད་རྫིའི་ཆུ་རྒྱུན། ཕྱི་མ་རྒྱུད་ཀྱི་དཀའ་འགྲེལ་དགོས་འདོད་འབྱུང་བ་སོགས་མང་དུ་མཛད། མི་ཡི་ཉི་མ་མཐོང་བ་དོན་ལྡན་སོགས་སློབ་མ་མང་པོ་བསྐྱངས། དགུང་ལོ་བརྒྱད་ཅུ་རྩ་གཅིག་བར་འགྲོ་བའི་དོན་མཛད། ...
- language:
- English
2. smon lam tshig mdzod chen mo
རབ་བྱུང་བདུན་པའི་ཤིང་ཕག་ལོར་གཙང་ངམ་རིང་གི་རྒྱལ་སྡེ་ཆེན་པོར་སྐུ་འཁྲུངས། དགུང་ལོ་བཅུའི་ཐོག་པཎ་ཆེན་ནགས་ཀྱི་རིན་ཆེན་དང༌། བོ་དོང་ཕྱོགས་ལས་རྣམ་རྒྱལ་སོགས་ཡོངས་འཛིན་མང་པོ་བསྟེན་ནས་མདོ་སྔགས་དང༌། ཁྱད་པར་དུ་གསོ་བ་རིག་པ་ལ་མཁས་པར་སྦྱངས། རྒྱ་ནག་གོང་མ་ཏཱ་མིང་གིས་ཏའི་སི་ཏུའི་གོ་ས་གནང༌། གསུང་རྩོམ་ཡང་ནང་རིག་པའི་སྐོར་དང༌། སྒྲ་རིག་པ། བཟོ་རིག་པ། སྐར་རྩིས་སོགས་དང༌། ཁྱད་པར་དུ་གསོ་བ་རིག་པའི་སྐོར་ལ་ཡན་ལག་བརྒྱད་པ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་ཡིད་བཞིན་ནོར་བུ་རིན་པོ་ཆེ་བྱ་བའི་བསྟན་བཅོས་ལེའུ་བརྒྱ་དང་ཉི་ཤུ་ཡོད་པ་ཞིག་དང༌། རྩ་རྒྱུད་ཀྱི་འགྲེལ་པ་རྒྱུད་དོན་གསལ་བྱེད་སྒྲོན་མེ། བཤད་རྒྱུད་ཀྱི་འགྲེལ་པ་བདུད་རྩིའི་ཆུ་རྒྱུན། ཕྱི་མ་རྒྱུད་ཀྱི་དཀའ་འགྲེལ་དགོས་འདོད་འབྱུང་བ་སོགས་མང་དུ་མཛད། མི་ཡི་ཉི་མ་མཐོང་བ་དོན་ལྡན་སོགས་སློབ་མ་མང་པོ་བསྐྱངས། དགུང་ལོ་བརྒྱད་ཅུ་རྩ་གཅིག་བར་འགྲོ་བའི་དོན་མཛད།
- language:
- Tibetan