Skip to main content Skip to search
byams chen chos rje shAkya ye shes/
ID:
T132228
  • བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས (Tibetan, Tibetan script, Original)
    • > byams chen chos rje shAkya ye shes/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jamchen chöjé shakyayeshé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. bod rgya tshig mdzod chen mo

[1876] ཙོང་ཁ་པའི་སློབ་མ་ཞིག་སྟེ་དགེ་ལུགས་པ་དར་རྒྱས་བྱེད་མཁན་གལ་ཆེན་པོ་ཞིག་ཡིན་ཞིང། རབ་བྱུང་དྲུག་པའི་ཆུ་འབྲུག་ལོ་ལ་འཁྲུངས། རབ་བྱུང་བདུན་པའི་ས་གླང་ལོ་ལ་ཏཱ་མིང་གི་རྒྱལ་པོས་གདན་དྲངས་ཀྱང་མ་ཕེབས་པའི་རྗེ་བཙུན་ཙོང་ཁ་པའི་ཚབ་བྱས་ནས་པེ་ཅིན་དུ་ཕེབས། རབ་བྱུང་བདུན་པའི་ཤིང་རྟ་ལོར་པེ་ཅིན་དུ་ལན་གཉིས་པ་ཕེབས་ནས་གུ་ཤྲཱི་ཆེན་པོའི་གོ་ས་ཐོབ། རབ་བྱུང་བདུན་པའི་ས་ཕག་ལོ་ལ་སེ་རའི་དགོན་པ་ཕྱག་བཏབ། རབ་བྱུང་བདུན་པའི་ཤིང་སྟག་ལོར་ཏཱ་མིང་རྒྱལ་པོས་བྱམས་ཆེན་ཆོས་རྗེ་ཞེས་པའི་མཚན་གནས་བསྩལ། རབ་བྱུང་བདུན་པའི་ཤིང་ཡོས་ལོར་པེ་ཅིན་ནས་བོད་ལ་ཕྱིར་ཕེབས་སྐབས་ལམ་བར་དུ་འདས། ...

language:
English

2. Thupten Phuntsok Dictionary

ཙོང་ཁ་པའི་སློབ་མ་ཞིག་སྟེ་དགེ་ལུགས་པ་དར་རྒྱས་བྱེད་མཁན་གལ་ཆེན་པོ་ཞིག་ཡིན་ཞིང་། རབ་བྱུང་དྲུག་པའི་ཆུ་འབྲུག་ལོ་ལ་འཁྲུངས། རབ་བྱུང་བདུན་པའི་ས་གླང་ལོ་ལ་ཏཱ་མིང་གི་རྒྱལ་པོས་གདན་དྲངས་ཀྱང་མ་ཕེབས་པའི་རྗེ་བཙུན་ཙོང་ཁ་པའི་ཚབ་བྱས་ནས་པེ་ཅིང་དུ་ཕེབས། རབ་བྱུང་བདུན་པའི་ཤིང་རྟ་ལོར་པེ་ཅིན་དུ་ལན་གཉིས་པ་ཕེབས་ནས་གུ་ཤྲཱི་ཆེན་པོའི་གོ་ས་ཐོབ། རབ་བྱུང་བདུན་པའི་ས་ཕག་ལོ་ལ་སེ་རའི་དགོན་པ་ཕྱག་བཏབ། རབ་བྱུང་བདུན་པའི་ཤིང་སྟག་ལོར་ཏཱ་མིང་རྒྱལ་པོས་བྱམས་ཆེན་ཆོས་རྗེ་ཞེས་པའི་མཚན་གནས་བསྩལ། རབ་བྱུང་བདུན་པའི་ཤིང་ཡོས་ལོར་པེ་ཅིན་ནས་བོད་ལ་ཕྱིར་ཕེབས་སྐབས་ལམ་བར་དུ་འདས།

language:
Tibetan

3. smon lam tshig mdzod chen mo

ཙོང་ཁ་པའི་སློབ་མ་ཞིག་སྟེ་དགེ་ལུགས་པ་དར་རྒྱས་བྱེད་མཁན་གལ་ཆེན་པོ་ཞིག་ཡིན་ཞིང༌། རབ་བྱུང་དྲུག་པའི་ཆུ་འབྲུག་ལོ་ལ་འཁྲུངས། རབ་བྱུང་བདུན་པའི་ས་གླང་ལོ་ལ་ཏཱ་མིང་གི་རྒྱལ་པོས་གདན་དྲངས་ཀྱང་མ་ཕེབས་པས་རྗེ་བཙུན་ཙོང་ཁ་པའི་ཚབ་བྱས་ནས་པེ་ཅིན་དུ་ཕེབས། རབ་བྱུང་བདུན་པའི་ཤིང་རྟ་ལོར་པེ་ཅིན་དུ་ལན་གཉིས་པ་ཕེབས་ནས་གུ་ཤྲཱི་ཆེན་པོའི་གོ་ས་ཐོབ། རབ་བྱུང་བདུན་པའི་ས་ཕག་ལོ་ལ་སེ་རའི་དགོན་པ་ཕྱག་བཏབ། རབ་བྱུང་བདུན་པའི་ཤིང་སྟག་ལོར་ཏཱ་མིང་རྒྱལ་པོས་བྱམས་ཆེན་ཆོས་རྗེ་ཞེས་པའི་མཚན་གནས་བསྩལ། རབ་བྱུང་བདུན་པའི་ཤིང་ཡོས་ལོར་པེ་ཅིན་ནས་བོད་ལ་ཕྱིར་ཕེབས་སྐབས་ལམ་བར་དུ་འདས།

language:
Tibetan

4. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་དྲུག་པའི་ཤིང་ཕོ་རྟ་ལོ་སྟེ་སྤྱི་ལོ 1354 ལོར་གུང་ཐང་ཚལ་དུ་དཔོན་རྒྱུད་ཀྱི་རིགས་སུ་སྐུ་འཁྲུངས། རབ་བྱུང་བདུན་པའི་ཤིང་མོ་ཡོས་ལོ་སྟེ་སྤྱི་ལོ 1435 ལོར་མཛོ་མོ་མཁར་དུ་སྐུ་གཤེགས། ཁོང་གཞོན་ནུ་ཉིད་ནས་མཁྱེན་རབ་རྣམ་པར་བཀྲ་ཞིང་། མཁས་པའི་དབང་པོ་དུ་མ་བླ་མར་བསྟེན་ནས་རྒྱལ་བའི་གསུང་རབ་མཐའ་དག་ལ་མཁས་པར་སྦྱངས་ཏེ་མཐར་ཕྱིན་པར་མཛད། ཁྱད་པར་དུ་རྗེ་ཙོང་ཁ་པ་ཆེན་པོའི་སྤྱན་སྔར་མདོ་སྔགས་ཀྱི་ཟབ་ཁྲིད་མང་པོ་གསན་ཏེ་མཁས་པའི་དབང་པོར་གྱུར། དེ་ནས་གོང་མ་ཡུང་ལོ་ནས་ནང་ས་ལ་གདན་དྲངས་པ་ལྟར་དགུང་ལོ་ང་བཞི་བར (1408) རྗེ་ཙོང་ཁ་པའི་སྐུ་ཚབ་ཏུ་ལྷོ་རྒྱུད་ཁམས་ཕྱོགས་ལི་ཐང་བརྒྱུད་དེ་གོང་མའི་ཕོ་བྲང་དུ་ཕེབས། ཡུང་ལོ་རྒྱལ་པོ་དང་མཇལ་ཏེ་ཆོས་ཀྱི་བདུད་རྩི་བསྩལ་བས་གོང་མ་ཆེན་པོ་ཡབ་སྲས་གཉིས་ཀྱི་དབུ་བླར་བཀུར། “འཕྲིན་ལས་སྣ་ཚོགས་ལ་མཁས་ཤིང་གསལ་བ་ཆོས་ཉིད་དམ་པ་[1122]མཆོག་ཏུ་རྒྱལ་བ། ཤེས་རབ་རྣམ་དག་སྣང་བ་ཆེན་པོ་ཀུན་ཏུ་ཁྱབ་ཅིང་རྒྱལ་ཁམས་སྐྱོབ་པ། བསྟན་པ་རྒྱས་མཛད་རབ་ཏུ་དགེ་བ། བྱམས་ཆེན་ཆོས་ཀྱི་རྒྱལ་པོ” ཞེས་མངའ་གསོལ་ཏེ་འཇའ་ས་དང་འབུལ་བ་གནང་མཛད། དགུང་ལོ་རེ་གཉིས་པར་བོད་དུ་ཕེབས་ནས་རྗེ་ཙོང་ཁ་པ་དང་མཇལ་ཏེ་གོང་མས་གནང་བའི་གནས་བཅུའི་འཐག་སྐུ། ལྗོན་ཤིང་གི་གུར། གསེར་དངུལ་གྱི་མཎ་ཌལ་བཅས་ཕུལ་ནས་ཞབས་བརྟན་གསོལ་འདེབས་ཀྱང་མཛད། དགུང་ལོ་རེ་ལྔ་བར (1419) རྗེ་ཙོང་ཁ་པའི་བཀའ་སློབ་ལྟར་སེ་ར་ཐེག་ཆེན་གླིང་བཏབ་སྟེ་འཆད་མཉན་གྱིས་ལེགས་པར་བསྐྱངས། དགུང་ལོ་བདུན་བཅུ་བར (1424) གོང་མ་ཡུང་ལོས་སླར་ཡང་གདན་དྲངས་པ་ལྟར་ཕེབས་ཀྱང་གོང་མའི་ཕོ་བྲང་གི་ཁད་ཉེར་འབྱོར་སྐབས་གོང་མ་སྐུ་གཤེགས། འོན་ཀྱང་སྲས་ཟཱོན་དཱེས་ཡབ་རྒྱལ་པོ་ལས་ཀྱང་ལྷག་པའི་གུས་འདུད་མཛད་པར་མ་ཟད། “ནུབ་ཕྱོགས་ཀྱི་ལྷའི་སྲས་པོ་ཏཱ་གུའུ་ཤྲཱི” ཞེས་པའི་ཆོ་ལོ་གནང་ཞིང་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ་འགྲོ་བ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་དོ། གསུང་ལས་སྐྱེས་པའི་བུ་སློབ་ཀྱང་སྙེ་ཐང་བ་ཆོས་རྗེ་ཨ་མོ་ལྷ་བ་དང་། ཆོས་རྗེ་བསོད་ནམས་ཤེས་རབ་སོགས་མང་དུ་བྱོན་ཡང་། འདི་རྣམ་པ་གཉིས་ནི་གོང་མ་ཡུང་ལོའི་སྲས་ཟཱོན་དཱེ་རྒྱལ་པོའི་དབུ་བླ་མཛད་པས་ལུགས་གཉིས་ཀྱི་འཕྲིན་ལས་ཧ་ཅང་རྒྱས་སོ། །

language:
Tibetan