Skip to main content Skip to search
byams chos/
ID:
T132230
  • བྱམས་ཆོས (Tibetan, Tibetan script, Original)
    • > byams chos/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jamchö (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Jeffrey Hopkins Dictionary

Hopkins' Translations: the teaching [i.e. the Five Treatises] of Maitreya{BJ 45.2}

language:
English

2. Rangjung Yeshe Dictionary

The doctrines of Maitreya; the teachings of Maitreya

language:
English

3. Ives Waldo Dictionary

The doctrines of Maitreya

language:
English

4. Jim Valby Dictionary

Teachings of Maitreya

language:
English

5. dung dkar bod rig pa'i tshig mdzod chen mo

《བྱམས་ཆོས་སྡེ་ལྔ》རྒྱལ་བ་བྱམས་པ་མགོན་པོས་འཕགས་པ་ཐོགས་མེད་ལ་གསུངས་པའི་ཆོས་ཏེ། ༡.རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི《བསྟན་བཅོས་མངོན་རྟོགས་རྒྱན》སྐབས་བརྒྱད་ཡོད། དུས་རབས་བཅུ་གཅིག་པའི་དཀྱིལ་དུ་བོད་ཀྱི་ལོ་ཙྭ་བ་བློ་ལྡན་ཤེས་རབ་ཀྱིས་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བ། བསྟན་འགྱུར་སྣར་ཐང་དཔར་མའི་མདོ་ཕྱོགས་ལེ་ཚན[ཀ]པར་ཡོད། ༢.རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི《མདོ་སྡེ་རྒྱན》བམ་པོ་གསུམ་ཡོད་པ། དུས་རབས་བརྒྱད་པའི་མཇུག་ཏུ་བོད་ཀྱི་ལོ་ཙྭ་བ་སྐ་བ་དཔལ་བརྩེགས་ཀྱིས་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བ། བསྟན་འགྱུར་སྣར་ཐང་དཔར་མའི་མདོ་ཕྱོགས་ཀྱི་ལེ་ཚན[་ཕི]པར་ཡོད། ༣.རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི《དབུས་མཐའ་རྣམ་འབྱེད》དུས་རབས་བརྒྱད་པའི་མཇུག་ཏུ་བོད་ཀྱི་ལོ་ཙྭ་བ་ཞང་ཡེ་ཤེས་སྡེས་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བ། ༤.རྗེ་བཙུན་བྱམས་པ་མགོན་པོས་མཛད་པར《ཆོས་ཉིད་རྣམ་འབྱེད》དུས་རབས་བཅུ་གཅིག་པའི་འགོར་ནག་ཚོ་ལོ་ཙྭ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ་བཅས་མི་འདྲ་བ་གཉིས། ༥.རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི《རྒྱུད་བླ་མ》དུས་རབས་བཅུ་གཅིག་པའི་དཀྱིལ་དུ་བོད་ཀྱི་ལོ་ཙྭ་བ་བློ་ལྡན་ཤེས་རབ་ཀྱིས་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བ་བཅས་གོང་གསལ་བསྟན་བཅོས་ཕྱི་མ་བཞི་པོ་བསྟན་འགྱུར་སྣར་ཐང་དཔར་མའི་མདོ་ཕྱོགས་ཀྱི་ལེ་ཚན་[ཕི]པར་ཡོད་ཅིང་། བསྟན་བཅོས་ཁག་ལྔ་པོ་དེའི་འགྲེལ་པ་ལ་རྒྱ་གར་མཁས་པར་བརྩམས་པ་རིགས་མི་འདྲ་བ་སུམ་ཅུ་ལྷག་ཙམ་བསྟན་འགྱུར་གྱི་ནང་དུ་བཞུགས།

language:
Tibetan