Skip to main content Skip to search
byams pa dang 'brel ba'i chos nyi shu/
ID:
T132274
  • བྱམས་པ་དང་འབྲེལ་བའི་ཆོས་ཉི་ཤུ (Tibetan, Tibetan script, Original)
    • > byams pa dang 'brel ba'i chos nyi shu/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jampa dandrel bechö nyishu (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

twenty works connected to Maitreya, བྱམས་ཆོས་སྡེ་ལྔ་ by Maitreya, ས་སྡེ་ལྔ་ + སྡོམ་རྣམ་གཉིས་ by Asanga, པྲ་ཀ་ར་ན་སྡེ་བརྒྱད་ by Vasubandhu]

language:
English

2. Ives Waldo Dictionary

  • 20 works connected to Maitreya [by Maitreya the byams chos sde lnga &, taught by Asanga the sa sde lnga and sdom rnam gnyis, by Vasubandu pra ka ra na sde brgyad]

    language:
    English
  • 20 works connected to Maitreya

    language:
    English

3. bod rgya tshig mdzod chen mo

[1878] བྱམས་པའི་གསུང་བྱམས་ཆོས་སྡེ་ལྔ་དང། ཐོགས་མེད་ཀྱི་གསུང་ས་སྡེ་ལྔ་དང་སྡོམ་རྣམ་གཉིས། དབྱིག་གཉེན་གྱི་གསུང་པྲ་ཀ་ར་ཎ་སྡེ་བརྒྱད་བཅས་ཉི་ཤུའོ། ...

language:
English

4. dung dkar bod rig pa'i tshig mdzod chen mo

དེ་ཡང་སངས་རྒྱས་འདས་ནས་ལོ་དགུ་བརྒྱ་ལྷག་སྟོང་དུ་ཉེ་བ་ན་སློབ་དཔོན་ཐོགས་མེད་ཀྱིས་མགོན་པ་བྱམས་པ་བསྒྲུབས་ཏེ་བཀའ་ཐ་མ་དོན་རྣམ་པར་ངེས(མདོ་སྡེ་ས་བཅུ་པ་ལ་སོགས་མི་ཡུལ་དུ་གདན་དྲངས)པ་གཏན་ལ་དབབ་པར་མཛད་དེ། དེ་ཡང་མདོ་སྡེ་རྒྱན་དང་མངོན་རྟོགས་རྒྱན་གཉིས། དབུས་དང་མཐའ་རྣམ་འབྱེད་དང་། ཆོས་དང་ཆོས་ཉིད་རྣམ་འབྱེད་གཉིས། ཐེག་པ་ཆེན་པོའི་རྒྱུད་བླ་མ་སྟེ། བྱམས་ཆོས་སྡེ་ལྔ་གནས་ནས་མི་ཡུལ་དུ་བྱོན་ཏེ་ཡི་གེར་བཀོད། ཐོགས་མེད་རང་གི་གཞི་བསྡུ་བ། རྣམ་གྲངས་བསྡུ་བ། རྣམ་པ་གཏན་ལ་འབབ་པ་བསྡུ་བ། རྣམ་པར་བཤད་པའི་སྒོ་བསྡུ་བ། རྩ་བ་ལྟ་བུའི་སའི་དངོས་གཞི་བསྡུ་བ་སྟེ། རྒྱས་པའི་བསྟན་བཅོས་ས་སྡེ་ལྔ། ཐེག་པ་ཐུན་མོང་གི་ཆོས། མངོན་པ(འདི་མངོན་པ་གོང་མར་གྲགས)ཀུན་ལས་བཏུས་དང་། ཐེག་པ་ཆེན་པོའི་སྡོམ་ཐེག་བསྡུས་ཏེ། བསྡུས་པའི་བསྟན་བཅོས་སྡོམ་རྣམ་གཉིས་མཛད་དེ། ཐེག་པ་ཆེན་པོ་རྒྱ་ཆེན་སྤྱོད་པའི་སྲོལ་ཕྱེས་སོ། དེའི་གཅུང་སློབ་དཔོན་དབྱིག་གཉེན་གྱིས་ཁ་ཆེའི་སློབ་དཔོན་འདུས་བཟང་བསྟེན་ཏེ་ཡེ་ཤེས་འཇུག་པ་ལ་སོགས་མངོན་པ་སྡེ་བདུན་གསན་སྐབས་སུ་གཅེན་ཐོགས་མེད་ལ། བྱམས་ཆོས་སྡེ་ལྔ། ས་སྡེ་ལྔ། སྡོམ་གཉིས་སོགས་གསན་ནས་དབྱིག་གཉེན་གྱིས་སེམས་ཙམ་པྲ་ཀ་ར(པྲ་ཀ་ར་ནི་བོད་སྐད་དུ་རབ་ཏུ་བྱེད་པའོ)སྡེ་བརྒྱད་མཛད་དེ། ཉི་ཤུ་པའི་རབ་དུ་བྱེད་པ་དང་། སུམ་ཅུ་པའི་རབ་ཏུ་བྱེད་པ། ཕུང་པོ་ལྔ་རབ་ཏུ་བྱེད་པ་དང་། རྣམ་བཤད་རིག་པ། ལས་གྲུབ་པའི་རབ་ཏུ་བྱེད་པ་སྟེ་རང་རྒྱུད་བརྩམས་པ་ལྔ་དང་། རྟེན་འབྲེལ་མདོའི་འགྲེལ་པ། མདོ་སྡེ་རྒྱན་གྱི་འགྲེལ་པ། དབུས་མཐའི་འགྲེལ་པ་སྟེ། གཞན་འགྲེལ་དུ་བརྩམས་པ་གསུམ་སྟེ། རབ་ཏུ་བྱེད་པའི་རྒྱུད་སྔར་གྱི་བཅུ་གཉིས་དང་བསྡོམས་པས་བྱམས་པ་དང་འབྲེལ་བའི་ཆོས་ཉི་ཤུའོ། དེནས་སློམ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་བརྩམས་ཏེ་མངོན་པ་འོག་མར་གྲགས་པའོ། སླར་ཡང་དེ་དག་གསལ་བར་བྱ་བའི་ཕྱིར་མངོན་པ་མཛོད་རང་འགྲེལ(འདི་པ་ཚབ་ལོ་ཙྭ་མ་ཉི་མ་གྲགས་ཀྱིས་བོད་སྐད་དུ་སྒྱུར)དང་བཅས་པ་བརྩམས་པའོ།

language:
Tibetan

5. Thupten Phuntsok Dictionary

བྱམས་པའི་གསུང་བྱམས་ཆོས་སྡེ་ལྔ་དང་། ཐོགས་མེད་ཀྱི་གསུང་ས་སྡེ་ལྔ་དང་སྡོམ་རྣམ་གཉིས། དབྱིག་གཉེན་གྱི་གསུང་པྲ་ཀ་ར་ཎ་སྡེ་བརྒྱད་བཅས་ཉི་ཤུའོ།

language:
Tibetan

6. smon lam tshig mdzod chen mo

བྱམས་པའི་གསུང་བྱམས་ཆོས་སྡེ་ལྔ་དང༌། ཐོགས་མེད་ཀྱི་གསུང་ས་སྡེ་ལྔ་དང་སྡོམ་རྣམ་གཉིས། དབྱིག་གཉེན་གྱི་གསུང་པྲ་ཀ་ར་ཎ་སྡེ་བརྒྱད་བཅས་ཉི་ཤུའོ། །

language:
Tibetan