- byams pa gdan 'dren/
- ID:
- T132276
- བྱམས་པ་གདན་འདྲེན (Tibetan, Tibetan script, Original)
- > byams pa gdan 'dren/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > jampa dendren (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
on the 1st month 25th day nyin ma 'ongs rnam 'dren lnga pa'i bstan pa 'char ba'i rten 'brel bsgrig phyir the Maitreya silver statue Lhasa bar skor du gdan 'dren pa'i mdzad sgo zhig
- language:
- English
2. Jim Valby Dictionary
the invitation to Maitreya (ceremony on the 25th day of the 1st Tibetan month)
- language:
- English
3. bod rgya tshig mdzod chen mo
[1878] སྔར་བོད་དུ་ཧོར་ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་མ་འོངས་རྣམ་འདྲེན་ལྔ་པའི་བསྟན་པ་འཆར་བའི་རྟེན་འབྲེལ་བསྒྲིག་ཕྱིར་བྱམས་པའི་དངུལ་སྐུ་ལྷ་སའི་བར་སྐོར་དུ་གདན་འདྲེན་པའི་མཛད་སྒོ་ཞིག་...
- language:
- English
4. dung dkar bod rig pa'i tshig mdzod chen mo
རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་རྫོགས་རྗེས་ཚེ་ལོ་བཅུ་པ་འཆར་རྒྱུ་ལྡོག་ནས་རྗེ་བཙུན་བྱམས་པ་མགོན་པོའི་བསྟན་པ་མྱུར་དུ་འཆར་བའི་རྟགས་དང་རྟེན་འབྲེལ་ཆེད་དེ་སྔ་བོད་ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོ་ནམ་ལངས་སྔ་ཆར་ལྷ་ལྡན་གཙུག་ལག་ཁང་གི་མཆོད་ཁང་ལྷོ་མའི་རྟེན་གཙོ་བྱམས་མགོན་སྐུ་བརྙན་ཤིང་རྟ་འཁོར་ལོ་ཆེན་པོའི་ནང་སྔོན་དུ་གདུགས་དང་། གཡས་གཡོན་དུ་རྒྱལ་མཚན་དང་ཕྱེ་ཕུར་སོགས་ཀྱི་བརྒྱན་ཏེ་གདན་འདྲེན་ཞུས། འཁྱམས་རའི་སྒོ་འཕྱོར་མདུན་དུ་དགེ་སློང་བརྒྱད་གྲས་ཁྲུས་གསོལ་དང་། དེ་ནས་རྨེ་རུ་དང་བཞི་སྡེའི་དགེ་འདུན་ནས་མཆོད་མཛད་རྫས་སྣ་ཚོགས་ཐོགས་པའི་སེར་ཕྲེང་གི་སྔུན་བསུས་ཏེ་བར་བསྐོར་དུ་གདན་འདྲེན་པ་སྟེ། བྱེད་སྒོ་དེའི་ཐོག་མའི་སྲོལ་གཏོད་མཛད་མཁན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཡིན་ཅིང་། བྱམས་མགོན་གསུང་ཆོས་ར་བར་ཕེབས་མཚམས་རྨེ་རྙིང་ནས་འཁྱམས་རའི་ལྷོ་སྒོ་བརྒྱུད་གནས་ཆུང་ཆོས་སྐྱོང་ཕེབས་ཏེ་སྙན་དར་འབུལ་གནང་མཛོད་པ་དང་ཆབས་གཅིག་བླ་ཕྱག་ལས་ཁུངས་ནས་ཞལ་ཇ་སྒྲོན་དར་ཕུལ། གཞན་ཡང་ལྷ་སའི་མི་དམངས་སེར་སྐྱ་མང་པོས་འཚང་ཁ་ཤིག་ཤིག་གིས་སྙན་ཤལ་འབུལ་གྱི་ཡོད། བྱམས་མགོན་ས་སྦོག་སྒང་དུ་ཕེབས་མཚམས་ཀླུ་སྦུག་དང་། ཞོལ། བ་མ་རི་བཅས་ནས་གནམ་ལྕགས་མེ་སྒྱོགས་གསུམ་རིམ་ལེན་གྱིས་བརྒྱབ་རྟེ་གསུམ་པའི་མཛམས་དན་བག་མདུན་ནས་རྒྱུགས་རིང་སྤྱི་ཁྱབ་རིམ་བཞི་དང་། ལས་བྱ་ཆིབས་ཆེ། རྒྱུགས་མ་ཞལ་ངོ་བཅས་ནས་གཞུང་སྒེར་གྱི་རྒྱུགས་རྟ་རྣམས་དུས་གཅིག་ཏུ་གློད། དེ་བསྟུན་འབྲས་སྤུངས་མདུན་ཡན་སྣའི་རི་ཟུར་ནས་མི་རྒྱུགས་གློད། བ་མ་རི་ཟུར་ནས་བར་རྒྱུགས་ཞེས་པ་མི་རྟ་རང་འགྲིགས་རྣམས་བསྐྱོད། རྟ་རྒྱུགས། མི་རྒྱུགས། བར་རྒྱུགས་རྣམས་རྩེ་ཕོ་བྲང་གི་མདུན་ལམ་ཆེན་བརྒྱུད་གསུང་ཆོས་ར་བའི་མདུན་ནས་འགྲོ་ཞིང་། དེ་སྐབས་ཏཱ་ལའི་བླ་མ་མཆོག་རྒྱུགས་གཟིགས་སུ་གཞུང་ཞབས་ཡོངས་རྫོགས་དང་བཅས་གསུང་ཆོས་ར་བའི་ཟུར་འཕྱོང་གཟིམ་ཆུང་དུ་ཞབས་སོར་འཁོད། བར་རྒྱགས་རྣམས་གཟིགས་ལམ་དུ་འབྱོར་མཚམས་རྟ་ཐོག་ནས་གུས་བཏུད་ཀྱི་རྟ་རྩལ་རྣམ་འགྱུར་སྣ་ཚོགས་སྟོན་ཅིང་། དེ་སྐབས་ཇོ་བོ་རགས་རྒྱབ་ཟུར་ནས་རྟ་པ་འབྱོར་སྔ་རྟིང་གི་ཤིང་བྱང་ཨང་རིམ་སྤྲོད་མི་སྐུ་ཚབ་ཛ་ཐའི་གཅིག ལས་བྱ། ཆིབས་ཆེ། བཀའ་ཤག་སྐུ་ཚབ་བཅས་ཕེབས་ཏེ་ཨང་རིམ་གནང་། མི་རྒྱུགས་རྣམས་བླ་བྲང་རྙིང་པའི་མདུན་ནས་ཨང་རིམ་སྤྲད་དེ་སྐུ་ཚབ་རྣམས་ནས་རྟ་ཐོ་དང་མི་རྒྱུགས་ཀྱི་ཐོ་གཞུང་སྙན་ཞུར་ཕུལ། སྙན་ཞུ་ལམ་འཕྲལ་ཐོན་རྒྱུར་དེ་མཚམས་བཀའ་ཤག་སྐུ་ཚབ་བཀའ་དྲུང་དང་། གནང་ཆ་ལེགས་དར་སྤྲོད་མི་བླ་ཕྱག་ངོ་ལས་བཅས་ནས་གཟིགས་ལམ་བསམ་ཕོའི་མདུན་བསྐལ་བཟང་དར་ཆེན་འཁྲིས་ཤིང་སྟེགས་མཐོན་པོའི་སྟེང་ནས་ཞལ་ཕོ་བྲང་དུ་ཕྱོགས་ཏེ་བཀའ་དྲུང་ནས་ཐོག་མར་རྟ་ཐོ་དང་དེ་མཇུག་མི་རྒྱུགས་ཀྱི་ཐོ་ཀློག བླ་ཕྱག་ནས་སྔ་ལམ་གཟེངས་དར་དང་གོས་སྣའི་ཚན་གྲངས། ཇ་འཁོར་དྲུག་སོགས་སོང་གསལ་སྤྲད་དེ་དར་ཆེན་ལ་གཡལ་བསྐོར་གྱིས་ཁུངས་སོ་སོར་ལོག རྒྱུགས་རིང་སྤྱི་ཁྱབ་ནས་རྩེ་གཟིམ་ཆུང་འགག་ཏུ་ཞུ་སྒོ་རྣམས་འཐུས་ཚང་བྱུང་ལུགས་སྙན་སེང་ཞུས་འཕྲལ་ཕྱག་སྲུང་སྩལ་ཏེ་ཐུགས་རྗེ་ཆེ་ཞུའི་སྐུ་ཕྱག་ཕུལ། དེའི་སྐབས་རྟ་པ་རྣམས་ཕྱིར་ལོག་མ་འབྱོར་བའི་དབར་ཟུར་འཕྱོང་གཟིམ་ཆུང་སྤྱན་ལམ་འོག་ཏུ་གཟིམ་སྦྱོང་པ་རྐང་དམག་གཡས་རུ་དང་གཡོན་རུ་གཉིས་ཀྱི་མི་སྟོབས་ཤུགས་ཅན་གཅེར་ཧྲང་གཉིས་རེ་ནས་ཤུགས་རྩལ་ཨབ་ཐང་ཚད་པ་དང་གྱོན་པ་ཡོད་པ་འགའ་ཤས་ནས་མོད་དོ་གཉིས་ལྷག་ཙམ(རྒྱ་མ༡༦༠ཙམ)གྱི་ལྗིད་ཚད་ཡོད་པའི་རྡོ་རིལ་འཁྱེར་འགྱོགས་ཀྱིས་བསྐལ་བཟང་དར་ཆེན་ལ་བསྐོར་བ་ལན་གཉིས་ཙམ་བརྒྱབ་ཡོང་། དེ་དག་ལ་བླ་ཕྱག་ལས་ཁུངས་ནས་རྒྱུགས་མ་ཨང་ཀི་དང་པོར་ཁ་བཏགས་ཨ་ཤེ་གཅིག་དང་། གོས་ཆེན་ཁ་ཕྱེད་གསུམ་ཡོད་པའི་ཚོས་ཚོགས་དགུ་ཚན། ཇ་འཁོར་དྲུག་གཅིག རྟ་ལེགས་པ་གཅིག ཨང་གཉིས་པར་ཁ་བཏགས་ཟུབ་ཤེ་དང་། གོས་ཚོས་ཚོགས་བདུན་ཚན། ཇ་འཁོར་གསུམ་གཅིག རྟ་འབྲིང་གཅིག་ཨང་གསུམ་གཅིག རྟ་འབྲིང་གཅིག ཨང་གསུམ་པར་གོས་ཚོས་ཚོགས་ལྔ་ཚན་དང་། ཇ་འཁོར་གཉིས་གཅིག རྟ་དཀྱུས་གཅིག ཨང་བཞི་པ་ནས་བཅོ་ལྔ་བར་གོས་ཚོས་ཚོགས་གསུམ་ཚན་རེ་དང་། ཇ་སྦག་རེ། ཨང་བཅུ་དྲུག་ནས་ཉེར་ལྔ་བར་ཚན་གྲངས་གསུམ་རེ། ཨང་ཉེར་དྲུག་ནས་ཁ་བཏགས་ཟུབ་ཤེ་རེ་དང་། དེ་བཞིན་མི་རྒྱུགས་པར་གནང་ཆ་གོང་མཚུངས། བར་རྒྱུགས་ཨང་དང་པོར་ལྔ་ཚན་དང་། ཇ་འཁོར་དྲུག་གཅིག ཨང་གཉིས་པར་གསུམ་ཚན་དང་། ཇ་སྦག་འཁོར་གསུམ། ཨང་གསུམ་པར་ཉིས་ཚན་དང་། ཇ་སྦག་གཉིས། དེ་བྱིངས་ལ་ཁ་བཏགས་རེ། དེ་ནས་གཟིགས་སྦྱོང་བ་གཡས་རུ་དང་གཡོན་རུ་གཉིས་གྱི་བེར་ག་དང་། སྟོབས་ཤུགས་འགྲན་སྡུར། རྡོ་མགྱོགས་བཅས་པར་སྐེ་དར་རེ། རྒྱལ་ཁ་ཐོབ་མཁན་ལ་དངུལ་སྲང་གསུམ་རེ་བཅས་གསོལ་རས་སྤྲོད་སྲོལ་ཡོད། སྔ་དྲོའི་མཛད་སྒོ་དེ་དག་གྲུབ་རྗེས་འབྲས་སྤུངས་ཚོགས་ཆེན་ཞལ་ངོ་ངོ་ལ་ལྷ་ལྡན་བླ་བྲང་སྟེང་གཟིམ་ཆུང་འགག་ཏུ་ཐོན་ཕྱག་ཞུས་ཏེ་འཕྲལ་མར་འབྲས་སྤུངས་སུ་ཕྱིར་ལོག་བྱེད་ཅིང་། སྨོན་ལམ་ལས་བྱ་བ་རྣམས་ཀྱིས་ལས་མཇུག་ཚང་མ་དེ་ཉིན་རང་ལ་གཙང་མར་ཟིན་པ་བྱས་ཏེ་སང་ཉིན་བྱེད་འཕྲོ་གཏན་ནས་མ་ལུས་པ་བྱེད་དགོས་པ་བཅས་དེ་ཉིན་ནས་སྨོན་ཆེན་མོ་ལེགས་པར་གྲོལ་ཟིན་པ་ཡིན།
- language:
- Tibetan
5. Thupten Phuntsok Dictionary
སྔར་བོད་དུ་ཧོར་ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་མ་འོངས་རྣམ་འདྲེན་ལྔ་པའི་བསྟན་པ་འཆར་བའི་རྟེན་འབྲེལ་བསྒྲིག་ཕྱིར་བྱམས་པའི་དངུལ་སྐུ་ལྷ་སའི་བར་སྐོར་དུ་གདན་འདྲེན་པའི་མཛད་སྒོ་ཞིག
- language:
- Tibetan
6. smon lam tshig mdzod chen mo
སྔར་བོད་དུ་ཧོར་ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་མ་འོངས་རྣམ་འདྲེན་ལྔ་པའི་བསྟན་པ་འཆར་བའི་རྟེན་འབྲེལ་བསྒྲིག་ཕྱིར་བྱམས་པའི་དངུལ་སྐུ་ལྷ་སའི་བར་སྐོར་དུ་གདན་འདྲེན་པའི་མཛད་སྒོ་ཞིག
- language:
- Tibetan