Skip to main content Skip to search
byar po paN chen/
ID:
T132375
  • བྱར་པོ་པཎ་ཆེན (Tibetan, Tibetan script, Original)
    • > byar po paN chen/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jarpo penchen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. bod rgya tshig mdzod chen mo

[1879] རབ་བྱུང་བརྒྱད་པའི་ནང་ལྷོ་ཕྱོགས་བྱར་ཡུལ་དུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་རིག་གནས་སྤྱི་དང། ཁྱད་པར་དུ་ཟུར་ལུགས་ཀྱི་བཞེད་པ་གཞིར་གཟུང་བའི་གསོ་བ་རིག་པ་ལ་མཁས་པར་གྱུར་པས་ཀར་མ་པ་ཆོས་གྲགས་རྒྱ་མཚོས་བྱར་པོ་པཎ་ཆེན་ཞེས་མཚན་གསོལ་ཞིང་གཟེངས་སུ་བསྟོད། སྐུ་ཚེ་ཧྲིལ་པོར་གསོ་བ་རིག་པ་འཆད་རྩོད་རྩོམ་གསུམ་ཁོ་ན་མཛད་དེ་ལྷོ་རྒྱུད་དུ་གསོ་བ་རིག་པའི་བསྟན་པ་སྤེལ། གསུང་རྩོམ་ཡང་རིག་གནས་སྤྱིའི་སྐོར་སྣ་ཚོགས་དང། ཁྱད་པར་དུ་གསོ་བ་རིག་པའི་སྐོར་ལ་དཔལ་ལྡན་རྒྱུད་བཞིའི་འགྲེལ་པ། སྨན་གྱི་ཁོག་འབུབས་ལེགས་བཤད་གསེར་གྱི་སྙེ་མ། བྱེ་བ་རིང་སྲེལ་གྱི་དཀར་ཆག་སོགས་མཛད། ...

language:
English

2. dung dkar bod rig pa'i tshig mdzod chen mo

རབ་བྱུང་བརྒྱད་པའི་ནང(༡༤༤༧ནས༡༥༠༦)ལྷོ་ཕྱོགས་བྱར་ཡུལ་དུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་རིག་གནས་སྤྱི་དང་ཁྱད་པར་དུ་ཟུར་ལུགས་ཀྱི་བཞེད་པ་གཞིར་བཟུང་བའི་གསོ་བ་རིག་པ་ལ་མཁས་པར་གྱུར་པས་ཀརྨ་པ་ཆོས་གྲགས་རྒྱ་མཚོས་བྱར་པོ་པཎ་ཆེན་ཞེས་མཚན་གསོལ་ཞིང་གཟེངས་སུ་བསྟོད། སྐུ་ཚེ་ཧྲིལ་པོར་གསོ་བ་རིག་པ་འཆད་རྩོད་རྩོམ་ཁོ་ན་མཛད་དེ་ལྷོ་རྒྱུད་དུ་གསོ་བ་རིག་པའི་བསྟན་པ་སྤེལ། གསུང་རྩོམ་ཡང་རིག་གནས་སྤྱིའི་སྐོར་སྣ་ཚོགས་དང་ཁྱད་པར་དུ་གསོ་བ་རིག་པའི་སྐོར་ལ《དཔལ་ལྡན་རྒྱུད་བཞིའི་འགྲེལ་པ》《སྨན་གྱི་ཁོག་འབུབ་ལེགས་བཤད་གསེར་གྱི་སྙེ་མ》《བྱེ་བ་རིང་བསྲེལ་གྱི་དཀར་ཆག》སོགས་མཛད། རྒྱུད་འཛིན་སློབ་མ་འཕྱོངས་རྒྱས་འཚོ་བྱེད་ཀུན་རྡོར་སོགས་མང་དུ་བསྐྱངས། མཛད་རྣམ་ཞིབ་པ་མ་རྙེད།

language:
Tibetan

3. Thupten Phuntsok Dictionary

རབ་བྱུང་བརྒྱད་པའི་ནང (༡༤༤༧ནས༡༥༠༦) ལྷོ་ཕྱོགས་བྱར་ཡུལ་དུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་རིག་གནས་སྤྱི་དང་ཁྱད་པར་དུ་ཟུར་ལུགས་ཀྱི་བཞེད་པ་གཞིར་བཟུང་བའི་གསོ་བ་རིག་པ་ལ་མཁས་པར་གྱུར་པས་ཀརྨ་པ་ཆོས་གྲགས་རྒྱ་མཚོས་བྱར་པོ་པཎ་ཆེན་ཞེས་མཚན་གསོལ་ཞིང་གཟེངས་སུ་བསྟོད། སྐུ་ཚེ་ཧྲིལ་པོར་གསོ་བ་རིག་པ་འཆད་རྩོད་རྩོམ་གསུམ་ཁོ་ན་མཛད་དེ་ལྷོ་རྒྱུད་དུ་གསོ་བ་རིག་པའི་བསྟན་པ་སྤེལ། གསུང་རྩོམ་ཡང་རིག་གནས་སྤྱིའི་སྐོར་སྣ་ཚོགས་དང་ཁྱད་པར་དུ་གསོ་བ་རིག་པའི་སྐོར་ལདཔལ་ལྡན་རྒྱུད་བཞིའི་འགྲེལ་པ》 སྨན་གྱི་ཁོག་འབུབ་ལེགས་བཤད་གསེར་གྱི་སྙེ་མ》 བྱེ་བ་རིང་བསྲེལ་གྱི་དཀར་ཆག》སོགས་མཛད། རྒྱུད་འཛིན་གྱི་སློབ་མ་འཕྱོངས་རྒྱས་འཚོ་བྱེད་ཀུན་རྡོར་སོགས་མང་དུ་བསྐྱངས། མཛད་རྣམ་ཞིབ་པ་མ་རྙེད།

language:
Tibetan

4. smon lam tshig mdzod chen mo

རབ་བྱུང་བརྒྱད་པའི་ནང་ལྷོ་ཕྱོགས་བྱར་ཡུལ་དུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་རིག་གནས་སྤྱི་དང༌། ཁྱད་པར་དུ་ཟུར་ལུགས་ཀྱི་བཞེད་པ་གཞིར་གཟུང་བའི་གསོ་བ་རིག་པ་ལ་མཁས་པར་གྱུར་པས་ཀར་མ་པ་ཆོས་གྲགས་རྒྱ་མཚོས་བྱར་པོ་པཎ་ཆེན་ཞེས་མཚན་གསོལ་ཞིང་གཟེངས་སུ་བསྟོད། སྐུ་ཚེ་ཧྲིལ་པོར་གསོ་བ་རིག་པ་འཆད་རྩོད་རྩོམ་གསུམ་ཁོ་ན་མཛད་དེ་ལྷོ་རྒྱུད་དུ་གསོ་བ་རིག་པའི་བསྟན་པ་སྤེལ། གསུང་རྩོམ་ཡང་རིག་གནས་སྤྱིའི་སྐོར་སྣ་ཚོགས་དང༌། ཁྱད་པར་དུ་གསོ་བ་རིག་པའི་སྐོར་ལ་དཔལ་ལྡན་རྒྱུད་བཞིའི་འགྲེལ་པ། སྨན་གྱི་ཁོག་འབུབས་ལེགས་བཤད་གསེར་གྱི་སྙེ་མ། བྱེ་བ་རིང་སྲེལ་གྱི་དཀར་ཆག་སོགས་མཛད།

language:
Tibetan