Skip to main content Skip to search
bye rags/
ID:
T133294
  • བྱེ་རགས (Tibetan, Tibetan script, Original)
    • > bye rags/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > jerak (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

sand dam/ water embankment

language:
English

2. bod rgya tshig mdzod chen mo

[1892] བྱེ་མ་ལས་གྲུབ་པའི་ཆུ་སྐྱོར། ...

language:
English

3. dung dkar bod rig pa'i tshig mdzod chen mo

ལྷ་སའི་བྱང་ངོས་གླང་ཆེན་རི་ཟུར་ནས་འགོ་ཚུགས་པའི་བྱེ་རགས་དེ་ནི་དོག་བདེའི་ཕུ་ཆུ་དེ་སེ་ར་དགོན་པའི་ལྷོ་ངོས་ནས་ནུབ་ཏུ་རྒྱུགས་འགྲོ་བའི་རྒྱུད་ལ་བྱེ་མའི་རགས་ཤིག་ཡོད་པ་དེ་ནི་ལོ་ལྟར་དོག་བདེའི་ཕུ་ཆུ་རྒྱས་ནས་ལྷ་སའི་གྲོང་ཁུལ་དུ་གནོད་འཚེ་བཟོ་བ་འགོག་ཕྱིར་ཡུར་བུའི་ནང་གི་བྱེ་མ་རྣམས་གཡས་གཡོན་དུ་སྤུངས་པ་ལས་ཆགས་པ་ཞིག་རེད། དེ་སྔ་བོད་ས་གནས་སྲིད་གཞུང་ནས་ལྷ་ས་ཁུལ་ལ་དུ་བ་གནམ་གཏོང་སོགས་བསྐུལ་ཏེ་ལོ་ལྟར་བྱེ་མ་བཤངས་པ་དང་ལ་མའི་རགས་རྒྱག་པ་སོགས་ཇི་ལྟར་བྱས་ཀྱང་བྱེ་རགས་ཀྱི་འཛག་ཆུ་ཚད་མེད་དོན་པ་མ་ཟད། སྐབས་རེ་ཆུ་ཧ་ཅང་རྒྱས་སྐབས་བྱེ་རགས་ཤོར་ནས་ལྷ་སའི་གྲོང་ནང་དུའང་ཆུ་ཤོར་བ་བྱུང་། སྐབས་འགར་གྲོང་ནང་ཆུའི་གནོད་འཚེ་མི་འབྱུང་ཆེད་བྱེ་རགས་ཀྱི་བྱང་ངོས་གཤག་ནས་ཆུ་གློད་སྟབས་ཚེས་གསུམ་ཐང་རྒྱུད་ཞིང་ཁ་བྱེ་མས་མནན་པའི་ལོ་རྒྱུས་ཀྱང་ཡོད་ཅིང་། མཐར་བོད་རབ་བྱུང་བཅུ་དྲུག་པའི་ཤིང་ཡོས(༡༩༧༥)ལོར་བྱེ་རགས་རྩ་བཅོས་བྱས་ཏེ་ཤར་གླང་ཆེན་རི་ཟུར་ནས་ནུབ་བྲག་རི་ཁུག་མདུན་གྱི་འདམ་རའི་སྣེ་བར་ཞེང་ཆེ་ལ་གཏིང་ཟབ་པ་དང་གཡས་གཡོན་དུ་རྡོ་ཆེན་གྱི་རགས་དང་མཐིལ་དུ་རྡོ་བཅལ་བཏིང་ཐོག་གླང་ཆེན་རི་ཟུར་གྱི་ནུབ་ངོས་སུ་བྱེ་མ་འཁྱིལ་སའི་རྫིང་སོགས་བཟོས་པ་མ་ཟད། དེང་སྐབས་དེ་སྔའི་བྱེ་རགས་ཀྱི་རྒྱུད་དུ་ཁང་པ་མང་པོ་གསར་སྐྲུན་དང་གླིང་ཁ་སོགས་ཀྱིས་མཛེས་པར་བྱས་ཡོད།

language:
Tibetan

4. Thupten Phuntsok Dictionary

བྱེ་མ་ལས་གྲུབ་པའི་ཆུ་སྐྱོར།

language:
Tibetan

5. smon lam tshig mdzod chen mo

བྱེ་མ་ལས་གྲུབ་པའི་ཆུ་སྐྱོར།

language:
Tibetan