Skip to main content Skip to search
brag lha klu phug
ID:
T133805
  • བྲག་ལྷ་ཀླུ་ཕུག (Tibetan, Tibetan script, Original)
    • > brag lha klu phug (Tibetan, Latin script, Transliteration-THL Extended Wylie Transliteration)
    • > draklha lupuk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

  • Drak Lhalupuk, Songtsen Gampo's meditation cave at Lhasa

    language:
    English
  • Dra Lhalupuk; King Songtsen Gampo's meditation cave on the front side of Chakpori Hill

    language:
    English

2. Ives Waldo Dictionary

in the lcags po mountain range, a rock cave in which Dharmaraja srong btsan sgam po's queen ru yong bza'i according to what she said carved by by skillful rdo bzo ba famous temple w some statues

language:
English

3. bod rgya tshig mdzod chen mo

[1900] ལྕགས་པོ་རི་རྒྱུད་དུ་ཡོད་པའི་བྲག་ཕུག་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་རུ་ཡོང་བཟའི་ངག་བཀོད་ལྟར་རྡོ་བཟོ་བ་མཁས་པས་བརྐོས་པར་གྲགས་པའི་ལྷ་སྐུ་འགའ་ཞིག་ཡོད་པའི་ལྷ་ཁང་ཞིག་...

language:
English

4. dung dkar bod rig pa'i tshig mdzod chen mo

(བྲག་ལྷ་ཀླུ་སྒུག)སྔར་རྒྱལ་པོ་སྲོང་བཙན་སྒམ་པོས་བཟའ་ཁྲི་བཙུན་མོར་བླངས་རྗེས་ཁྲི་བཙུན་བཙུན་མོར་བླངས་རྗེས་ཁྲི་བཙུན་གྱི་བཞུགས་གནས་སུ་བཞེངས་པའི་ཕོ་བྲང་ཡོད་ས་དེར་བྲག་ལྡེབས་སུ་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་རྡོ་བརྐོས་སུ་བྱས་ཏེ་དེའི་མཐའ་ནས་བྲག་ཕུག་བཟོས་པ་རྗེས་སུ་ལྷ་ཁང་དུ་གྱུར་པ་དེ་ཡིན། ཡང་བཤད་སྲོལ་གཞན་ཞིག་ལ་བྲག་ལྷ་ཀླུ་ཕུག(སྒུག)ནི་བཙན་པོ་སྲོང་བཙན་གྱི་བཙུན་མོ་རུ་ཡོང་བཟས་བཞེངས་པ་སྟེ《བཀའ་ཆེམས་བཀའ་ཁོལ་མ》ལས་ཁྲི་བཙུན་རུ་ཡོང་བཟའ་རྒྱལ་མོ་བཙུན་གྱིས་བྲག་ལ་མགོན་པོ་ཀུན་ཏུ་ཞལ་གྱི་ལྷ་ཁང་བཞེངས་པ་ལ་ལྕགས་པོ་རི་ལ་བྲག་ཕུག་གི་ལྷ་ཁང་བཞེངས་སྙམ་ནས་རྡོ་བྲེ་རེ་ཁོད་ན་ཚྭ་བྲེ་རེའི་བརྔན་པ་སྦྱིན་པས་ཚར་རོ་ཞེས་གསལ་བར་གྲགས། ལྷ་ཁང་བྲག་ལྷ་ཀླུ་ཕུག་དེ་ལྕགས་པོ་རིའི་ཤར་ངོས་རི་འདབས་སུ་གནས་ཤིང། བྲག་ཕུག་གི་ནང་རྟེན་གཙོ་བོ་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་རྡོ་བརྐོས་ཞལ་ཤར་གཟིགས་མ་དེའི་མཐའ་བསྐོར་དུ་སྐོར་ལམ་དང། བྲག་གི་ངོས་སུ་རྡོ་བརྐོས་སྐུ་བརྙན་མང་པོ། བྲག་ཕུག་གི་མདོར་ལྷ་ཁང་ཀ་གཉིས་མ་སོགས་ཁང་པ་དང་དེའི་ལྷོ་ངོས་རི་འདེབས་སུ་རྟ་མགྲིན་སྒྲུབ་ཕུག་ཅེས་བྲག་ཕུག་ཆུང་བ་ཞིག་རི་ངོས་སུ་ལྷ་ས་བའི་སྒེར་གྱི་མཚམས་ཁང་ཁ་ཤས་བཅས་ཡོད། ལྷ་ཁང་དེ་དོ་དམ་ལྕགས་པོ་རི་གྲྭ་ཚང་གིས་བྱེད་ཅིང་རྒྱུན་སྡོད་དཀོན་གཉེར་གྲྭ་པ་གཅིག་དང། མཚམས་ཁང་ཁག་ཏུ་སེར་སྐྱ་ཕོ་མོ་མཚམས་པ་བ་མང་པོ་སྡོད་པ། བྲག་ལྷ་ཇོ་ཁང་དེའི་བྱང་ངོས་རི་ལྡེབས་སུ་དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུའི་ནང་དུ་ལྷ་ས་སྨན་རྩིས་ཁང་གི་དབུ་འཛིན་མཁྱེན་རབ་ནོར་བུས་གྲུབ་ཐོག་ལྷ་ཁང་གསར་བཞེངས་གནང་བའི་ནང་གྲུབ་ཐོབ་ཐང་སྟོང་གི་སྐུ་སྟོང་ཕྲག་བརྒལ་བ་སོགས་བཞུགས།

language:
Tibetan

5. Thupten Phuntsok Dictionary

ལྕགས་པོ་རི་རྒྱུད་དུ་ཡོད་པའི་བྲག་ཕུག་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་རུ་ཡོང་བཟའི་ངག་བཀོད་ལྟར་རྡོ་བཟོ་བ་མཁས་པས་བརྐོས་པར་གྲགས་པའི་ལྷ་སྐུ་འགའ་ཞིག་ཡོད་པའི་ལྷ་ཁང་ཞིག

language:
Tibetan

6. smon lam tshig mdzod chen mo

ལྕགས་པོ་རི་རྒྱུད་དུ་ཡོད་པའི་བྲག་ཕུག་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་རུ་ཡོང་བཟའི་ངག་བཀོད་ལྟར་རྡོ་བཟོ་བ་མཁས་པས་བརྐོས་པར་གྲགས་པའི་ལྷ་སྐུ་འགའ་ཞིག་ཡོད་པའི་ལྷ་ཁང་ཞིག

language:
Tibetan