- bris sku/
- ID:
- T134159
- བྲིས་སྐུ (Tibetan, Tibetan script, Original)
- > bris sku/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > driku (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
4. bod rgya tshig mdzod chen mo
[1905] རས་དང་ཤོག་བུ་སོགས་ལ་བྲིས་པའི་འདྲ་སྐུ། ... ཐུབ་པའི་བྲིས་སྐུ། ...
- language:
- English
5. dung dkar bod rig pa'i tshig mdzod chen mo
ལྡེབས་བྲིས་དང་རས་གཞི་ཤོག་བུ་སོགས་ཀྱི་ཐོག་བྲིས་པའི་ལྷ་སྐུ་སྟེ་བོད་དུ་བྲིས་སྐུའི་ཐོག་པ་ནི་རྒྱལ་པོ་གཉའ་ཁྲི་བཙན་པོའི་སྐབས་ཕོ་བྲང་ཡུམ་བུ་བླ་སྒང་དུ་རྒྱལ་པོ་རང་ཉིད་ཀྱི་ལོ་རྒྱུས་ལྡེབས་བྲིས་ཡོད་པ་ཕྱི་རྒྱལ་གྱི་མི་འགའ་ཞིག་གིས་དཔར་ལེན་བྱས་ཡོད་སྐད། ༡.བོད་ཀྱི་བྲིས་རྒྱུན་ནང་གི་དང་པོ་བལ་བྲིས་ནི་རྒྱལ་པོ་སྲོང་བཙན་སྒམ་པོ་དང། ཁྲི་སྲོང་ལྡེ་བཙན། ཁྲི་རལ་པ་ཅན་བཅས་ཀྱི་སྐབས་ལྡེབས་བྲིས་ཐོག་གི་སྐུ་མང་ཆེ་བ་ནི་བལ་པོའི་ལྷ་བྲིས་པས་བཞེངས་ཞིང། སྐབས་དེའི་ལོ་རྒྱུས་ལྡེབས་བྲིས་མང་པོ་ཞིག་བོད་ཀྱི་རི་མོ་མཁས་པས་བྲིས་པ་ཡིན་ལ། ལྷ་སྐུའི་འབྲི་རྩལ་ནི་བལ་བྲིས་ཀྱི་ལུགས་ཡིན། ༢.བྱེའུ་རིས་ནི་དུས་སྐབས་གང་དུ་བྱུང་བའི་ལོ་རྒྱུས་གསལ་པོ་མ་མཐོང་ཡང་གཙང་སྟོད་ཀྱི་དགོན་རྙིང་ཁག་དང་ས་སྐྱར་བཞུགས་པའི་བོད་བྲིས་ཀྱི་ཐང་ཀ་ཚོར་བལྟས་ན་ཡོན་རྒྱལ་རབས་ཀྱི་དུས་འགོར་བྱུང་བ་མིན་ནམ་སྙམ་པ་དང། རི་མོ་འབྲི་སྲོལ་དེ་ནི་ཡར་སྟོད་དུ་འཁྲུངས་པའི་སྤྲུལ་སྐུ་བྱེའུ་སྒང་པ་ཞེས་པ་རི་མོའི་འབྲི་རྩལ་ལ་ཤིན་ཏུ་མཁས་པ་ཞིག་བྱུང་བ་དེས་གསར་གཏོད་གནང་བ་ཡིན་ཞིང། བལ་བྲིས་དང་ཆ་འདྲ་བ་ལ་རི་མོ་ཧ་ཅང་ཞིབ་ཚགས་ཆེ་བ་ཞིག་ཡོད། ༣.སྨན་ལུགས་ནི་མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོས་རྒྱ་ནག་གི་གོས་ཆེན་འཐག་གྲུབ་མའི་ཐང་ཀ་མང་པོ་ཞིག་རྗེ་ཙོང་ཁ་པ་དང། ཀརྨ་པ། ཕག་གྲུ་སྡེ་སྲིད་སོགས་ལ་འཚམས་རྟེན་དུ་བསྐུར་བའི་གྲས་ནས་ཁག་གཅིག་ལྷོ་ཁ་སྨན་ཐང་དུ་འཁྲུངས་པའི་རི་མོ་མཁན་མཁས་པ་སྨན་བླ་དོན་གྲུབ་ཀྱིས་གཟིགས་པར་བརྟེན་རྒྱ་མི་རིགས་ཀྱི་རི་མོ་འབྲི་སྟངས་ལ་སློབ་སྦྱོང་དང་ལེགས་ཆ་བླངས་ཏེ་རྒྱ་བྲིས་དང་བོད་བྲིས་ཟུང་དུ་འབྲེལ་བའི་རྒྱུན་གསར་པ་ཞིག་བྱུང་བ་མ་ཟད། ད་དུང་གསེར་བྲིས་དང། མཚལ་བྲིས། ནག་ཐང། སྣག་བྲིས་བཅས་ཀྱི་སྒྱུ་རྩལ་གསར་པ་མང་པོ་གསར་གཏོད་གནང་ཞིང། བོད་ཀྱི་རི་མོ་མཁན་མཁས་པ་གྲགས་ཅན་མང་པོ་ཞིག་སྨན་ལུགས་པ་ཡིན་ཞེས་གསུང་རྒྱུན་འདུག། ༤.མཁྱེན་ལུགས་ནི། གོང་དཀར་སྒང་སྟོད་པ་མཁྱེན་བརྩེས་རང་ཉིད་ཀྱི་སློབ་དཔོན་རྡོ་པ་བཀྲ་ཤིས་རྒྱལ་པོའི་བྲིས་རྒྱུན་དང་མི་འདྲ་བའི་རི་མོའི་འབྲི་རྩལ་གསར་གཏོད་བྱས་པ་དེར་ཟེར། སྨན་ལུགས་དང་མཁྱེན་ལུགས་གཉིས་ཀྱི་རི་མོའི་བྲིས་རྒྱུན་བར་དམིགས་བསལ་གྱི་ཁྱད་ཆོས་གང་འདྲ་ཡོད་པ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་རང་རྣམ་ལས། ལྷ་སྐུ་ཞི་བའི་རིགས་རྣམས་སྨན་ཐང་པའི་འབྲི་རྒྱུན་ཧ་ཅང་ལེགས་པ་དང་ཁྲོ་བོའི་རིགས་རྣམས་མཁྱེན་བརྩེའི་བྲིས་རྒྱུན་ལེགས་པ་ཡོད་སྟབས་པོ་ཏ་ལའི་ལྡེབས་བྲིས་དང་ཐང་ཀ་མང་པོ་ཞིག་སྨན་མཁྱེན་སོ་སོའི་ཁྱད་ཆོས་དང་བསྟུན་ནས་འབྲི་རུ་བཅུག་པ་ཡིན་ཞེས་རྣམ་ཐར་ནང་གསལ། ༥.ཀརྨ་སྒར་བྲིས་ནི་ཀརྨ་པ་སྐུ་ཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེའི་དངོས་སློབ་རི་མོ་ལ་ཤིན་ཏུ་མཁས་པ་ཡར་སྟོད་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིད་ཀྱིས་གསར་གཏོད་བྱས་པ་ཡིན་ཞེས་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི《བཀའ་བརྒྱུད་གསེར་ཕྲེང》གི་ནང་གསལ། ༦.གཙང་བྲིས་ནི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་དངོས་སློབ་དབུ་མཛད་ཆོས་དབྱིངས་རྒྱ་མཚོ་ཞེས་པ་དེས་རི་མོའི་འབྲི་རྒྱུན་སྨན་མཁྱེན་གཉིས་ཀའི་ཁྱད་ཆོས་དང་ལེགས་ཆ་བླངས་ཐོག། རང་ཉིད་ཀྱི་འབྲི་རྩལ་གསར་པ་ཡང་ཡོད་ཅེས་ལོ་རྒྱུས་ཁག་གི་ནང་གསལ། ༧.ཁམས་བྲིས་ནི་ཀརྨ་སྒར་བྲིས་ཀྱི་བྲིས་རྒྱུན་ལས་འཕེལ་རྒྱས་བྱུང་ཞིང། ལྷག་པར་དུ་སི་ཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས་ནི་སྐུ་ན་ཆུང་ངུའི་དུས་ནས་རི་མོ་ལ་མཁས་ཤིང་བྱང་ཆུབ་པ་དང་དགུང་ལོ་གསུམ་ཡས་མས་སུ་རྒྱན་དྲུག་མཆོག་གཉིས་དང་དཔག་བསམ་འཁྲི་ཤིང་གི་ཐང་ཀ་ངོ་གྲངས་སུམ་ཅུ་ཐམ་པ་འབྲི་གནང་མཛད་པ་ནི་ཡུལ་ལྗོངས་ཀྱི་བཀོད་པ་རྣམས་རྒྱ་མི་རིགས་ཀྱི་རི་མོའི་འབྲི་རྩལ་གཞིར་བཟུང་བ་དང་ལྷ་སྐུ་དང་ན་བཟའི་གོས་འཁྱུད་ཀྱི་རི་མོ་རྣམས་བོད་བྲིས་རྙིང་མ་གཞིར་བཟུང་བ་ཡིན་ཞེས་རྣམ་ཐར་ནང་གསལ། ༨.མདོ་སྨད་རེབ་གོང་གི་བྲིས་རྒྱུན་ནི་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ཀྱིས་མདོ་སྨད་བཀྲ་ཤིས་འཁྱིལ་དགོན་ཆེན་གསར་འདེབས་གནང་སྐབས་ཁང་བཟོའི་རྡོ་ཤིང་དང། ལྷ་བཟོ་བ་རྣམས་དེ་སྔའི་བོད་ས་གནས་སྲིད་གཞུང་ལ་རེ་བཅོལ་གནང་བ་ལྟར་སྲིད་གཞུང་ནས་བཏང་བའི་ལྷ་བྲིས་མཁས་པ་བདེ་ཆེན་གསང་སྔགས་མཁར་པའི་ཚེ་འཕེལ་ཟེར་བ་དེས་སློབ་མ་མང་པོ་གསོ་སྐྱོང་བྱས་པའི་ནང་ནས་རེབ་ཀོང་གི་ལྷ་བྲིས་མཁས་པ་རྣམས་བྱུང་བ་བཅས་ལོ་རྒྱུས་རགས་བསྡུས་ཙམ་ཡིན་ཅིང། ཞིབ་པར་ནི་གོང་གསལ་བྲིས་རྒྱུན་མི་འདྲ་བ་དེ་དག་གི་ཁྱད་ཆོས་དང་དཔེ་མཚོན་དཔར་རིས་བཅས་ཟུང་འབྲེལ་བྱས་པའི་ཆེད་རྩོམ་རྗེས་སུ་འབྱུང་རྒྱུར་བསམ་ནས་འདིར་བྲིས་མེད་ལགས།
- language:
- Tibetan
6. Thupten Phuntsok Dictionary
ལྡེབས་བྲིས་དང་རས་གཞི་ཤོག་བུ་སོགས་ཀྱི་ཐོག་བྲིས་པའི་ལྷ་སྐུ་སྟེ་བོད་དུ་བྲིས་སྐུའི་ཐོག་མ་ནི་རྒྱལ་པོ་གཉའ་ཁྲི་བཙན་པོའི་སྐབས་ཕོ་བྲང་ཡུམ་བུ་བླ་སྒང་དུ་རྒྱལ་པོ་རང་ཉིད་ཀྱི་ལོ་རྒྱུས་ལྡེབས་བྲིས་ཡོད་པ་ཕྱི་རྒྱལ་གྱི་མི་འགའ་ཞིག་གིས་དཔར་ལེན་བྱས་ཡོད་སྐད། ༡བོད་ཀྱི་བྲིས་རྒྱུན་ནང་གི་དང་པོ་བལ་བྲིས་ནི་རྒྱལ་པོ་སྲོང་བཙན་སྒམ་པོ་དང་། ཁྲི་སྲོང་ལྡེ་བཙན། ཁྲི་རལ་པ་ཅན་བཅས་ཀྱི་སྐབས་ལྡེབས་བྲིས་ཐོག་གི་ལྷ་མང་ཆེ་བ་ནི་བལ་པོའི་ལྷ་བྲིས་པས་བཞེངས་ཤིང་། སྐབས་དེའི་ལོ་རྒྱུས་ལྡེབས་བྲིས་མང་པོ་ཞིག་བོད་ཀྱི་རི་མོ་མཁས་པས་བྲིས་པ་ཡིན་ལ། ལྷ་སྐུའི་འབྲི་རྩལ་ནི་བལ་བྲིས་ཀྱི་ལུགས་ཡིན། ༢ བྱེའུ་རིས་ནི་དུས་སྐབས་གང་དུ་བྱུང་བའི་ལོ་རྒྱུས་གསལ་པོ་མ་མཐོང་ཡང་གཙང་སྟོད་ཀྱི་དགོན་རྙིང་ཁག་དང་ས་སྐྱར་བཞུགས་པའི་བོད་བྲིས་ཀྱི་ཐང་གར་བལྟས་ན་ཡོན་རྒྱལ་རབས་ཀྱི་དུས་འགོར་བྱུང་བ་མིན་ནམ་སྙམ་པ་དང་། རི་མོ་འབྲི་སྲོལ་དེ་ནི་ཡར་སྟོད་དུ་འཁྲུངས་པའི་སྤྲུལ་སྐུ་བྱེའུ་སྒང་པ་ཞེས་པ་རི་མོའི་འབྲི་རྩལ་ལ་ཤིན་ཏུ་མཁས་པ་ཞིག་བྱུང་བ་དེས་གསར་གཏོད་གནང་བ་ཡིན་ནོ། །བལ་བྲིས་དང་ཆ་འདྲ་བ་ལ་རི་མོ་ཧ་ཅང་ཞིབ་ཚགས་ཆེ་བ་ཞིག་ཡོད། ༣ སྨད་ལུགས། ༤ མཁྱེན་ལུགས། ༥ ཀརྨ་སྒར་བྲིས། ༦ གཙང་བྲིས། ༧ ཁམས་བྲིས། ༨ མདོ་སྨད་རེབ་གོང་གི་བྲིས་རྒྱུན་སོགས་མང་པོ་ཡོད་དོ། །
- language:
- Tibetan
7. smon lam tshig mdzod chen mo
རས་དང་ཤོག་བུ་སོགས་ལ་བྲིས་པའི་འདྲ་སྐུ།
- Model Sentence
(དཔེར་ན།) ཐུབ་པའི་བྲིས་སྐུ་ཞེས་པ་ལྟ་བུ།
- language:
- Tibetan
8. Negi Tibetan-Sanskrit Dictionary
-
paṭaḥ, o ṭam, citrapaṭaḥ — གཙོ་བོ་ཆོ་ག་གང་གིས་དང་། /དེ་བཞིན་བྱ་བ་གང་གིས་ནི། /ཀྱེ་རྡོ་རྗེ་ཡི་བྲིས་སྐུ་ནི། /བྱེད་པ་བདེ་བ་ཆེན་པོས་གསུངས༎ katareṇa vidhānena kayā kriyayā tathā prabho
- language:
- Sanskrit
-
hevajrasya paṭaṃ kāryaṃ kathayasva mahāsukha
- language:
- Sanskrit
-
he.ta.26ka/86; vi.pra.87kha/4.233.
- language:
- Sanskrit