- bla gnyan/
- ID:
- T134587
- བླ་གཉན (Tibetan, Tibetan script, Original)
- > bla gnyan/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > lanyen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
5. Thupten Phuntsok Dictionary
〔རྙིང〕 (1) སྟོན་པ། (2) ཉེར་འཚེ། (3)སྔ་མའི་ནད་གཞི་མ་ཞི་བའི་ཁར་ཕྱི་མ་ནད་གཞན་ཞིག་སྣོན་མ་བྱུང་བའི་མིང་སྟེ། ཀོང་རོང་སྨན་བླ་དོན་གྲུབ་ཀྱིས་མཛད་པའི་གློ་བུར་ནད་ལྔ་དང་གཉན་ནད་ཀྱི་བཅོས་ཐབས་ཕན་བདེའི་སྙིང་པོ་ལས། བླ་གཉན་ཞེས། བླ་ཞེས་སྲོག་གི་མིང་དང་། གཉན་ཞེས་ཉེན་ཆེ་བའི་དོན་ཏེ། དཔེར་ན། སྔར་རླུང་ནད་ལྟ་བུ་མ་ཞི་བའི་ཁར། ཕྱིར་མཁྲིས་པ་ལྟ་བུའི་ཚེ་སྲོག་ལ་ཉེན་འབྱུང་བའི་དོན་ཡིན་ཞིང་། དེ་ལ་ནང་གསེས་སུ་དབྱེ་ན་ཞུགས་པ་དང་། ལོག་པ། འདོམས་པ་བཅས་གསུམ་དུ་སྣང་ངོ་། །
- language:
- Tibetan