- blo gros mchog ldan/
- ID:
- T135207
- བློ་གྲོས་མཆོག་ལྡན (Tibetan, Tibetan script, Original)
- > blo gros mchog ldan/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > lodrö chonden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. dung dkar bod rig pa'i tshig mdzod chen mo
སྟོད་ཀྱི་མགོན་གསུམ་གྱི་ཡ་གྱལ་རིག་པ་མགོན་གྱི་རྒྱུད་པ། ཡབ་གྲགས་པ་འབུམ་ལྡེའི་སྲས། རྒྱལ་པོ་འདིའི་དུས་སུ་གུ་གེ་ནས་དམུ་ཁྲབ་ཟིལ་བ་མ་མོའི་མུན་སྒྲིབ། ཁྲབ་ཆུང་དཀར་རུ། ལྷ་ཁྲབ་དཀར་པོས་གཙོས་ཁྲབ་བཅོ་བརྒྱད། རལ་གྲི་ནམ་མཁའ་ཁྲག་ལྡག་འབྲོང་རྩེ་རིང་། གློག་དམར་མེ་གསོད་ལ་སོགས་པའི་རལ་གྲི་བཅོ་བརྒྱད། སྐེ་གྲི་བདུད་གྲི་ནག་པོ། དམ་གྲི་གཞུང་བརྒྱད་རྣམས་ཀྱིས་གཙོ་བྱས་པའི་སྐེ་གྲི་བཅོ་ལྔ། ལྷ་གཡུ་འོད་ལྡན། ལྷ་གཡུ་དཀར་པོ་གཉིས་ཀྱིས་གཙོས་པའི་གཡུ་བཅོ་ལྔ། སྒ་མ་ཇི་ཁྲི་སྟེང་། བཀྲ་ཤིས་འོད་ལྡན་སོགས་སྒ་ཉི་ཤུ། ཆིབས་གྲོ་བོ་ལྔ་བཅུ་དང་། ངང་པ་ལྔ་བཅུ། འོལ་བ་ཉི་ཤུ། ཁྲ་བོ་སུམ་ཅུ། འབྲི་ཟལ་མོ་ཉི་ཤུ། གཡག་ཁམ་པ་ཉི་ཤུ། ལུག་ལ་སོགས་པའི་དཔྱ་ཁྲལ་མང་པོ་འབུལ་བཞེས་གནང་བ་དང་། མངའ་རིས་སྐོར་གསུམ་ཆབ་འོག་ཏུ་བསྡུས་ནས་མངའ་ཐང་དར་རྒྱས་བྱུང་བར་གྲགས།
- language:
- Tibetan
3. Thupten Phuntsok Dictionary
སྟོད་ཀྱི་མགོན་གསུམ་གྱི་ཡ་གྱལ་རིག་པ་མགོན་གྱི་རྒྱུད་པ། ཡབ་གྲགས་པ་འབུམ་ལྡེའི་སྲས། རྒྱལ་པོ་འདིའི་དུས་སུ་གུ་གེ་ནས་དམུ་ཁྲབ་ཟིལ་བ་མ་མོའི་མུན་སྒྲིབ། ཁྲབ་ཆུང་དཀར་རུ། ལྷ་ཁྲབ་དཀར་པོས་གཙོས་ཁྲབ་བཅོ་བརྒྱད། རལ་གྲི་ནམ་མཁའ་ཁྲག་ལྡག འབྲོང་རྩེ་རིང་། གློག་དམར་མེ་གསོད་ལ་སོགས་པའི་རལ་གྲི་བཅོ་བརྒྱད། སྐེ་གྲི་བདུད་གྲི་ནག་པོ། དམ་གྲི་གཞུང་བརྒྱད་རྣམས་ཀྱིས་གཙོ་བྱས་པའི་སྐེ་གྲི་བཅོ་ལྔ། ལྷ་ཡུལ་འོད་ལྡན། ལྷ་གཡུ་དཀར་པོ་གཉིས་ཀྱིས་གཙོས་པའི་གཡུ་བཅོ་ལྔ། སྒ་མ་ཇི་ཁྲི་སྟེང་། བཀྲ་ཤིས་འོད་ལྡན་སོགས་སྒ་ཉི་ཤུ། ཁྲ་བོ་སུམ་ཅུ། འབྲི་ཟལ་མོ་ཉི་ཤུ། གཡག་ཁམ་པ་ཉི་ཤུ། ལུག་ལ་སོགས་པའི་དཔྱ་ཁྲལ་མང་པོ་འབུལ་བཞེས་གནང་བ་དང་། མངའ་རིས་སྐོར་གསུམ་ཆབ་འོག་ཏུ་བསྡུས་ནས་མངའ་ཐང་དར་རྒྱས་བྱུང་བར་གྲགས།
- language:
- Tibetan