Skip to main content Skip to search
blos bslangs/
ID:
T136061
  • བློས་བསླངས (Tibetan, Tibetan script, Original)
    • > blos bslangs/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > lölang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Dan Martin Dictionary

architectonic mandala. See Tucci, Lhasa 37. See blos blang.

language:
English

2. Ives Waldo Dictionary

1) elevate/ set up the mind; 2) mind the beggar; 3) relief image/ mandala for meditation

language:
English

3. bod rgya tshig mdzod chen mo

[1928] བསྒོམ་བྱ་དཔེ་རིས་གྱེན་དུ་བསླངས་ཏེ་འབུར་དོད་དུ་བཟོས་པའི་དཀྱིལ་འཁོར། ...

language:
English

4. dung dkar bod rig pa'i tshig mdzod chen mo

སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་རྒྱུད་སྡེ་བཞིའི་ཡི་དམ་རྣམས་ལ་དཀྱིལ་འཁོར་ལ་རི་མོར་བྲིས་པའི་རྡུལ་ཚོན་དང་། རས་བྲིས། བློས་བསླངས་བཅས་གསུམ་ཡོད་པའི་ནང་གསེས་གསུམ་པ་བློས་བསླངས་ཏེ། ཕྱི་གཞལ་ཡས་ཁང་ཕོ་བྲང་གི་རྣམ་པ་ལྟ་བུ་ལ་ནང་དུ་ཡི་དམ་གྱི་ལྷ་རྣམས་བཞུགས་པའི་དཀྱིལ་འཁོར་འབུར་དུ་དོད་པ་ཞིག་སྟེ། དེ་ལ་འཇིམ་པས་བཟོས་པ་དང་ཤིང་ལས་བཟོས་པ། གསེར་དངུལ་སོགས་རིན་ཆེ་ལས་བཟོས་པ་བཅས་སྣ་ཚོགས་ཡོད་ཅིང་། ད་ལྟ་ཉམས་ཆག་མེད་པར་གནས་པ་ནི་རྩེ་པོ་ཏཱ་ལའི་ཕོ་བྲང་དམར་པོའི་དབུ་རྩེའི་ཤར་ལྷོའི་ངོས་སུ་ཡོད་པའི་བློས་བསླངས་ཁང་དུ་རབ་བྱུང་བཅུ་གསུམ་པའི་མེ་བྱི(༡༧༥༦)ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་མཆོག་ནས་དངོས་སུ་ལྗགས་བཀོད་གནང་བ་ལྟར་གསེར་ཟངས་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲས་བཏབ་ནས་བཞེངས། གསང་བ་འདུས་པ་འཕགས་ལུགས་ལྷ་སུམ་ཅུ་སོ་གཉིས། བདེ་མཆོག་ལཱུ་ཨི་པ་ལྷ་དྲུག་ཅུ་རེ་གཉིས། རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མ་བཅས་ཀྱི་བློས་བསླངས་ཆེན་པོ་བཟོ་བཀོད་ཚད་དང་ལྡན་པ་དང་། ཡང་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་སྐུ་མྱ་ངན་ལས་འདས་རྗེས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བྱང་ངམ་རིང་ཆོས་སྡེ་དང་ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་དུ་བཞུགས་པའི་དུས་འཁོར་གྱི་བློས་བསླངས་ལ་དཔེ་བྱས་ཏེ་གསེར་ཟངས་ལས་བཟོས་པའི་དུས་འཁོར་གྱི་བློས་བསླངས་ཆེན་པོ་ཚད་ལྡན་ཞིག་བཞེངས་པ་ད་ལྟ་རྩེ་པོ་ཏ་ལའི་ཕོ་བྲང་དམར་པོའི་ཤར་ངོས་ཐོག་བརྩེགས་གཉིས་པའི་དུས་འཁོར་ལྷ་ཁང་དུ་བཞུགས་པ་དང་། གཞན་ཡང་སེ་ར་དགོན་པའི་སྔགས་པ་གྲྭ་ཚང་དང་། འབྲས་སྤུངས་དགོན་པའི་སྔགས་པ་གྲྭ་ཚང་སོ་སོར་འཇིམ་པ་ལས་བཟོས་པའི་གསང་བདེ་འཇིགས་གསུམ་གྱི་བློས་བསླངས་བཅས་ལ་གཟིགས་ཐུབ་ན་བློས་བསླངས་ཟེར་བའི་བཟོ་དབྱིབས་ཀྱི་རྣམ་པ་ལམ་ཙམ་མཁྱེན་ཐུབ།

language:
Tibetan

5. Thupten Phuntsok Dictionary

སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་རྒྱུད་སྡེ་བཞིའི་ཡི་དམ་རྣམས་ལ་དཀྱིལ་འཁོར་ལ་རི་མོར་བྲིས་པའི་རྡུལ་ཚོན་དང་། རས་བྲིས། བློས་བསླངས་བཅས་གསུམ་ཡོད་པའི་ནང་གསེས་གསུམ་པ་བློས་བསླངས་ཏེ། ཕྱི་གཞལ་ཡས་ཁང་ཕོ་བྲང་གི་རྣམ་པ་ལྟ་བུ་ལ་ནང་དུ་ཡི་དམ་གྱི་ལྷ་རྣམས་བཞུགས་པའི་དཀྱིལ་འཁོར་འབུར་དུ་ཐོན་པ་ཞིག་སྟེ། དེ་ལ་འཇིམ་པས་བཟོས་པ་དང་ཤིང་ལས་བཟོས་པ། གསེར་དངུལ་སོགས་རིན་པོ་ཆེ་ལས་བཟོས་པ་བཅས་སྣ་ཚོགས་ཡོད་དོ། །

language:
Tibetan

6. smon lam tshig mdzod chen mo

བསྒོམ་བྱ་དཔེ་རིས་གྱེན་དུ་བསླངས་ཏེ་འབུར་དོད་དུ་བཟོས་པའི་དཀྱིལ་འཁོར།

language:
Tibetan