- dbang kun dga' legs pa/
- ID:
- T136177
- དབང་ཀུན་དགའ་ལེགས་པ (Tibetan, Tibetan script, Original)
- > dbang kun dga' legs pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > wangkün galekpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
-
དབང་ཀུན་དགའ་ལེགས་པ་[8th ༿ཕག་གྲུ་སྡེ་སྲིད་ཁྲི་རབས་ earth dragon to fire ox year 9 years srid bskyangs, in the 8th earth ox chin hang rgyal po'i bka' 'brel dbang gi go sa thob]
- language:
- Tibetan
-
{dbang kun dga' legs pa
- language:
- English
2. bod rgya tshig mdzod chen mo
[1928] ཕག་གྲུ་སྡེ་སྲིད་ཁྲི་རབས་བརྒྱད་པ་འདིས་རབ་བྱུང་བརྒྱད་པའི་ས་འབྲུག་ལོ་ནས་མེ་གླང་ལོའི་བར་ལོ་དགུ་སྲིད་བསྐྱངས། རབ་བྱུང་བརྒྱད་པའི་ས་གླང་ལོར་ཆིན་ཧང་རྒྱལ་པོའི་བཀའ་འབྲེལ་དབང་གི་གོ་ས་ཐོབ། ...
- language:
- English
3. dung dkar bod rig pa'i tshig mdzod chen mo
ཕག་གྲུ་སྡེ་སྲིད་ཁྲི་རབས་བདུན་པ་འདི་ཉིད་རབ་བྱུང་བདུན་པའི་ཆུ་གླང(༡༤༣༣)ལོར་ཡབ་ཆེ་ས་སངས་རྒྱས་རྒྱལ་མཚན་གྱི་སྲས་སུ་དགོན་གསར་དུ་འཁྲུངས། དགུང་ལོ་བཅུ་བཞི་པར་རྩེད་ཐང་གི་གདན་སར་ཕེབས། དགུང་ལོ་བཅུ་དྲུག་པ་རབ་བྱུང་བརྒྱད་པའི་ས་འབྲུག(༡༤༤༨)ལོར་ཕག་གྲུ་སྡེ་སྲིད་ཀྱི་ཁྲི་ལ་ཕེབས། རིན་སྤུངས་ནས་བདག་མོ་ཞིག་བཞེས་ཏེ་སྲས་རིན་ཆེན་རྡོ་རྗེ་དབང་གི་རྒྱལ་པོ་འཁྲུངས། སྡེ་སྲིད་འདིས་སྲིད་དབང་སྐྱོང་སྟངས་འཐུས་ཤོར་སོང་བའི་དབང་གིས་ཞལ་ངོ་མི་མཐུན་པ་དང་། དུས་མི་བདེ་བ་མང་དུ་བྱུང་བའི་གོ་སྐབས་དང་བསྟུན་ཏེ་ཕག་གྲུའི་ས་ནས་རིན་སྤུངས་རྫོང་དཔོན་ནོར་བུ་བཟང་པོས་གཙང་ཁུལ་གྱི་དབང་ཆ་ཕལ་ཆེ་བ་བླངས། ཀུན་དགའ་ལེགས་པ་དགུང་ལོ་སུམ་ཅུ་སོ་ལྔ་པར་སྲས་རིན་ཆེན་རྡོ་རྗེ་རྩེད་ཐང་གི་གདན་སར་བསྐོས། དེ་ནས་ཡུམ་སྲས་ཕྱོགས་གཅིག་ལ་བརྟེན་ནས་རྩེད་ཐང་གི་སྡེ་གཟར་ལངས། ཡུམ་གཤེགས་རྗེས་རིན་སྤུངས་མཚོ་སྐྱེས་རྡོ་རྗེས་མཁར་ཐོག་བཟང་། གོང་མ་ཀུན་དགའ་ལེགས་པ་མེ་གླང(༡༤༥༧)ལོར་ཟུར་བཞུགས་གནང་། རབ་བྱུང་བརྒྱད་པའི་ས་གླང(༡༤༦༩)ལོར་ཏཱ་མིང་གོང་མས་གསེར་ཡིག་པ་མངགས་ཏེ་དབང་གི་མཚན་ཕུལ། རབ་བྱུང་བརྒྱད་པའི་ལྕགས་གླང(༡༤༨༡)ལོར་རིན་སྤུངས་པ་ཁུ་དབོན་གྱིས་མཚོན་དབུས་གཙང་གི་དཔོན་གནས་ཆེ་ཁག་རྣམས་འཚོགས་ཏེ་ཁུ་དབོན་གཉིས་དབར་ལེགས་མོལ་ཞུས་ནས་གོང་མ་ཀུན་དགའ་ལེགས་པ་སླར་ཡང་སྡེ་སྲིད་ཀྱི་ཁྲི་ཐོག་ཏུ་ཕེབས། ནང་སོ་མཚོ་སྐྱེས་རྡོ་རྗེས་བློན་ཆེན་དང་། ཐོན་པ་རིན་པོ་ཆེ་དར་རྒྱས་ཀྱིས་ཀ་བཞི་བཟུང་། སྐབས་དེའི་ཚེ་དབུས་གཙང་མངའ་རིས་བཅས་པར་སྡེ་དཔོན་རྣམས་ནས་རང་རང་གི་མངའ་འོག་ཏུ་དཔུང་དམག་གོ་ཧྲག་མ་ཉུང་ཙམ་རེ་སྒེར་ཉར་ཐོག རང་རང་གི་མཆོད་ཡུལ་བླ་མ་དང་། དགོན་པ་ཁག་གི་ས་སྡེ་དང་། དཀོར་ཟ་དགེ་ཁོངས། ཆོས་ལུགས་སྐོར་ལ་ང་མཐོ་ང་བཙན། གཅིག་རྒྱབ་གཅིག་ལངས་བྱེད་རེས་ཀྱིས་ནང་འཁྲུག་ཡང་ནས་ཡང་དུ་བྱུང་ཡང་གོང་མ་ཉིད་སྤྱི་དཔོན་ལྟ་བུར་བཞུགས་ནས་ཕན་ཚུན་འདུམ་པའི་སློབ་སྟོན་ཁོ་ན་གནང་། ཀུན་མཁྱེན་ཡེ་བཟང་རྩེ་པ(འགོས་ལོ་ཙཱ་བ་ལ་ཞུ)དང་དཔལ་ཆོས་ཀྱི་གྲགས་པ་སོགས་ཡོངས་འཛིན་དུ་བསྟེན་ནས་ཐེག་པ་ཆེན་པོའི་ཆོས་མང་དུ་གསན། རྩེད་ཐང་གི་མཚན་ཉིད་པ་དང་སྒྲུབ་མཆོད་པ་རྣམས་ལ་བདག་རྐྱེན་བཟང་པོ་མཛད། གྲུབ་ཆེན་ཐང་སྟོང་རྒྱལ་པོས་ཉང་པོ་གྲུ་ཁར་ལྕགས་ཀྱི་ཟམ་ཆེན་འཛུགས་པ་མཛད་རྒྱུའི་མཐུན་རྐྱེན་ཡང་དག་པ་གནང་བཞིན་པར་རབ་བྱུང་བརྒྱད་པའི་ཆུ་ཡོས(༡༤༨༣)ལོར་དགུང་ལོ་ང་གཅིག་པར་སྐུ་གཤེགས།
- language:
- Tibetan
4. Thupten Phuntsok Dictionary
ཕག་གྲུ་སྡེ་སྲིད་ཁྲི་རབས་བརྒྱད་པ་འདིས་རབ་བྱུང་བརྒྱད་པའི་ས་འབྲུག་ལོ་ནས་མེ་གླང་ལོའི་བར་ལོ་དགུ་སྲིད་བསྐྱངས།
- language:
- Tibetan
5. smon lam tshig mdzod chen mo
ཕག་གྲུ་སྡེ་སྲིད་ཁྲི་རབས་བརྒྱད་པ་འདིས་རབ་བྱུང་བརྒྱད་པའི་ས་འབྲུག་ལོ་ནས་མེ་གླང་ལོའི་བར་ལོ་དགུ་སྲིད་བསྐྱངས། རབ་བྱུང་བརྒྱད་པའི་ས་གླང་ལོར་ཆིན་ཧང་རྒྱལ་པོའི་བཀའ་འབྲེལ་དབང་གི་གོ་ས་ཐོབ། །
- language:
- Tibetan