- dbang grags pa 'byung gnas/
- ID:
- T136244
- དབང་གྲགས་པ་འབྱུང་གནས (Tibetan, Tibetan script, Original)
- > dbang grags pa 'byung gnas/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > wangdrak panjungné (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
-
དབང་གྲགས་པ་འབྱུང་གནས་ ཕག་གྲུ་སྡེ་སྲིད་ khri rabs 6th 'dis 7th water mouse yr to the wood mouse 12 yr srid bskyangs, t' ming kreng thung rgyal pos dbang gi 'ja' sa gnang]
- language:
- Tibetan
-
དབང་གྲགས་པ་འབྱུང་གནས་
- language:
- Tibetan
2. bod rgya tshig mdzod chen mo
[1930] ཕག་གྲུ་སྡེ་སྲིད་ཁྲི་རབས་དྲུག་པ་འདིས་རབ་བྱུང་བདུན་པའི་ཆུ་བྱི་ལོ་ནས་ཤིང་བྱི་ལོའི་བར་ལོ་བཅུ་གཉིས་སྲིད་བསྐྱངས། ཏཱ་མིང་ཀྲེང་ཐུང་རྒྱལ་པོས་དབང་གི་འཇའ་ས་གནང། ...
- language:
- English
3. dung dkar bod rig pa'i tshig mdzod chen mo
ཕག་གྲུ་སྡེ་སྲིད་ཁྲི་རབས་དྲུག་པ་འདི་ཉིད་རབ་བྱུང་བདུན་པའི་ཤིང་རྟ(༡༤༡༤)ལོར་ཡབ་སངས་རྒྱས་རྒྱལ་མཚན་དང་ཡུམ་ཀུན་དགའ་དཔལ་འཛོམས་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཅོ་ལྔ་པར་རྩེད་ཐང་གདན་སར་བཞུགས། དགུང་ལོ་བཅུ་དགུ་པ་རབ་བྱུང་བདུན་པའི་ཆུ་བྱི(༡༤༣༢)ལོར་ཕག་གྲུ་སྡེ་སྲིད་ཀྱི་ཁྲིར་ཕེབས། ལུགས་ཟུང་གི་མཛད་པ་རྣམས་གོང་མ་ན་རིམ་གྱི་སྲོལ་རྒྱུན་མ་ཉམས་པར་ཕྱག་བཞེས་གནང་། དེའི་དུས་ཡར་ལུང་དུ་དུས་ཟིང་ལངས་ཏེ་དུས་མི་བདེ་བ་ཆེན་པོ་བྱུང་། འདི་ལ་ཤིང་སྟག(༡༤༣༤)ལོའི་སྡེ་གཟར་ཆེན་མོའམ་ཕག་གྲུ་ནང་ཞིག་གི་ལོ་ཡང་ཟེར། ཤིང་ཡོས(༡༤༣༤)ལོ་ནས་རིན་སྤུངས་པའི་ཤུགས་ཇེ་རྒྱས་དང་ཕག་གྲུའི་མངའ་ཐང་ཅུང་ཟད་ཉམས་གུད་དུ་སོང་ཞེས་གླེང་། མེ་སྦྲུལ(༡༤༣༧)ལོར་གོང་མ་གྲགས་པ་འབྱུང་གནས་སྐྱིད་ཤོད་དུ་ཕེབས་པ་ནང་སོ་རུ་དབེན་ཤ་ཆེན་པོས་གུས་མཆོད་ལེགས་པར་མཛད། དུས་མི་བདེ་བའི་དབང་གིས་གཙང་ཕྱོགས་སུ་ཕེབས་མ་ཐུབ། གོང་མ་འདིའི་སྐབས་རྩེད་དང་། རྩེའི་གཙུག་ལག་ཁང་། ལྷ་ཁང་ཆེན་མོ། གསེར་གྱི་བཀའ་འགྱུར་སོགས་གསར་བཞེངས་དང་། ནག་ཆང་གི་ཁྲིམས་བསྡམས། སྒྲུབ་མཆོད་མང་པོ་བཙུགས། པཎ་ཆེན་ནགས་ཀྱི་རིན་ཆེན་དང་། རྒྱ་མ་སྤྱན་སྔ་བ་གཞོན་འོད། རྒོད་ཕྲུག་རགས་པ་སོགས་དང་། ལྷག་པར་དུ་མཁས་གྲུབ་དགེ་ལེགས་དཔལ་བཟང་དང་། གསང་སྣེའུའི་ཆོས་རྗེ་རྣམ་གཉིས། དྲུང་ཆེན་དཔོན་སློབ་སོགས་ལ་གུས་འདུད་དང་བདག་རྐྱེན་ཆེ་བ་མཛད། རྗེ་འདི་ཉིད་ཀྱང་ཐུགས་རབ་ཆེ་ཞིང་གསང་སྔགས་ཀྱི་མཁྱེན་པ་ཤིན་ཏུ་རྒྱས། བྱང་ཕྱོགས་ཀྱི་སོ་ཁ་སྲུང་བའི་ཕྱིར་འོད་ཡུག་གླིང་དཀར་གྱི་རྫོང་བརྩིགས། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་ཞེས་རྩོད་མེད་ཀྱི་མཁས་པ་ཆེན་པོ་དེ་ཡང་གོང་མ་འདིའི་ཞབས་འབྲིང་དུ་རྒྱུན་རིང་བཞུགས། སྲིད་ཀྱི་ཞབས་ཞུར་རིན་སྤུངས་པ་ནོར་བུ་བཟང་པོ་དང་འཕྱོངས་རྒྱས་པ་ཧོར་དཀོན་མཆོག་རིན་ཆེན་གཉིས་ནས་བྱས། རབ་བྱུང་བདུན་པའི་ལྕགས་སྤྲེལ(༡༤༤༠)ལོར་ཏཱ་མིང་ཀྱེན་ཐའི་ཀྲེང་ཐུང་རྒྱལ་པོས་དབང་གི་འཇའ་ས་ཕུལ། དགུང་ལོ་སོ་གཉིས་ལ་ཕེབས་པ་རབ་བྱུང་བདུན་པའི་ཤིང་གླང(༡༤༤༥)ལོར་སྐུ་གཤེགས། ཚེས་ལྔ་ལ་གཤེགསཔས་སྤྱན་སྔ་ཚེས་ལྔ་པ་ཡང་ཞུ། ཁྱོན་སྲིད་ལོ་བཅུ་གཉིས་བསྐྱངས།
- language:
- Tibetan
4. Thupten Phuntsok Dictionary
ཕག་གྲུ་སྡེ་སྲིད་ཁྲི་རབས་དྲུག་པ་འདིས་རབ་བྱུང་བདུན་པའི་ཆུ་བྱི་ལོ་ནས་ཤིང་བྱི་ལོའི་བར་ལོ་བཅུ་གཉིས་སྲིད་བསྐྱངས།
- language:
- Tibetan
5. smon lam tshig mdzod chen mo
ཕག་གྲུ་སྡེ་སྲིད་ཁྲི་རབས་དྲུག་པ་འདིས་རབ་བྱུང་བདུན་པའི་ཆུ་བྱི་ལོ་ནས་ཤིང་བྱི་ལོའི་བར་ལོ་བཅུ་གཉིས་སྲིད་བསྐྱངས། ཏཱ་མིང་ཀྲེང་ཐུང་རྒྱལ་པོས་དབང་གི་འཇའ་ས་གནང༌།
- language:
- Tibetan