- dbang ngag dbang bkra shis grags pa rgyal mtshan/
- ID:
- T136281
- དབང་ངག་དབང་བཀྲ་ཤིས་གྲགས་པ་རྒྱལ་མཚན (Tibetan, Tibetan script, Original)
- > dbang ngag dbang bkra shis grags pa rgyal mtshan/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > wangngak wangtra shidrak pagyemtsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
-
དབང་ངག་དབང་བཀྲ་ཤིས་གྲགས་པ་རྒྱལ་མཚན་ [10th ཕག་གྲུ་སྡེ་སྲིད་ཁྲི་རབས་ in the 8th rood rabbit year by t' ming hong kri rgyal po kva din gu shri' khran ho lwang gi name dang 'ja' sa bestowed]
- language:
- Tibetan
-
དབང་ངག་དབང་བཀྲ་ཤིས་གྲགས་པ་རྒྱལ་མཚན་
- language:
- Tibetan
2. bod rgya tshig mdzod chen mo
[1930] ཕག་གྲུ་སྡེ་སྲིད་ཁྲི་རབས་བཅུ་པ་འདི་ལ་རབ་བྱུང་བརྒྱད་པའི་ཤིང་ཡོས་ལོར་ཏཱ་མིང་ཧོང་ཀྲི་རྒྱལ་པོས་ཀྭ་དིན་གུ་ཤྲི་ཁྲན་ཧོ་ལྭང་གི་མཚན་དང་འཇའ་ས་གནང། …
- language:
- Tibetan
3. dung dkar bod rig pa'i tshig mdzod chen mo
ཕག་གྲུ་སྡེ་སྲིད་ཁྲི་རབས་དགུ་པ་འདི་ཉིད་རབ་བྱུང་བརྒྱད་པའི་ས་སྤྲེལ(༡༤༨༨)ལོར་ཡབ་སྤྱན་སྔ་ངག་གི་དབང་པོ་དང་ཡུམ་རྫོང་ཁ་མའི་སྲས་སུ་འཁྲུངས། དགུང་ལོ་བཅུ་གཉིས་པ་རབ་བྱུང་བརྒྱད་པའི་ས་ལུག(༡༤༩༩)ལོར་ཕག་གྲུ་སྡེ་སྲིད་ཀྱི་ཁྲི་ལ་ཕེབས། ཤིང་བྱི(༡༥༠༤)ལོར་རིན་སྤུངས་ནས་སྲིང་མོ་ཞིག་བདག་མོར་ཕུལ་བ་དེ་ལ་སྲས་འགྲོ་བའི་མགོན་པོ་འཁྲུངས། དགུང་ལོ་ཉེར་གཉིས་པར་སྡེ་སྲིད་དང་རིན་སྤུངས་པ་དཔོན་བློན་དབར་གྱི་འཁོན་གཞིའི་འགོ་ཚུགས། དགུང་ལོ་ཉེར་ལྔ་པར་ཏཱ་མིང་གོང་མས་དབང་གི་མཚན་ཕུལ། རབ་བྱུང་དགུ་པའི་ཆུ་རྟ(༡༥༢༢)ལོར་རིན་སྤུངས་པས་སླར་ཡང་སྡེ་གཟར་ཚན་ཆེ་བར་བསླངས་ཀྱང་སྡེ་སྲིད་ཀྱི་མཚན་ཇུས་ལ་སྐྱོན་མ་བྱུང་། རིན་སྤུངས་པ་མཚོ་སྐྱེས་རྡོ་རྗེས་དཔོན་ཚབ་ཐེལ་གཏོང་སྐབས་རབ་བྱུང་བརྒྱད་པའི་ས་རྟ(༡༤༩༨)ལོ་ནས་ལྷ་ས་སྨོན་ལམ་ཆེན་མོར་སེ་འབྲས་དགེ་གསུམ་གྱི་དགེ་འདུན་ཕེབས་མི་ཆོག་པ་བཟོས་ཏེ་དེའི་ཚབ་ཏུ་ཉེ་འདབས་ཀྱི་བཀའ་བརྒྱུད་པ་དང་ས་སྐྱ་པའི་དགོན་ཁག་ནས་དགེ་འདུན་པ་ཕེབས་རྒྱུའི་ལམ་བཟོས་པ་དེ་སྡེ་སྲིད་ངག་དབང་བཀྲ་ཤིས་གྲགས་པས་རབ་བྱུང་དགུ་པའི་ས་སྟག(༡༥༢༨)ལོར་སེ་འབྲས་དགེ་གསུམ་གྱི་དགེ་འདུན་པ་སྨོན་ལམ་ལ་ཕེབས་སྲོལ་སྔར་རྒྱུན་བསྐྱར་གསོ་གནང་བ་དང་རྒྱལ་བ་དགེ་འདུན་རྒྱ་མཚོ་ལོ་ལྟར་སྨོན་ལམ་གྱི་ཚོགས་དབུར་གདན་དྲངས། འབྲས་སྤུངས་རྡོ་ཁང་སྔོན་མོ་རྒྱལ་བ་དགེ་འདུན་རྒྱ་མཚོར་ཕུལ། མིང་དགའ་ལྡན་ཕོ་བྲང་དུ་བསྒྱུར། སྡེ་སྲིད་འདི་ཉིད་ཀྱི་སྐུ་རིང་ལ་རིན་སྤུངས་པ་སོགས་ཀྱིས་ཕག་གྲུའི་སྲིད་དབང་ལ་བསྡོ་བའི་སྡེ་གཟར་མང་ཙམ་བྱུང་ཡོད་རུང་། སྡེ་སྲིད་མཆོག་ལུགས་ཟུང་སྐྱོང་སྟངས་མཁས་ཤིང་ཕན་ཚུན་མཐུན་ཐབས་གཙོ་བཟུང་མཛད་པས་སྡེ་སྲིད་ཀྱི་མཚན་ཇུས་ཉམས་པ་ཆེར་མ་བྱུང་། རྗེ་འདིས་གསེར་ཆོས་ཀྱི་བཀའ་བསྟན་འགྱུར་ཇི་སྙེད་དང་གོས་ཐང་མང་པོ་གསར་བཞེངས་ཀྱིས་རྣམ་དཀར་དགེ་བའི་མཛད་པ་རྒྱ་ཆེར་སྤེལ། ཆོས་ལུགས་གྲུབ་མཐའི་ཞེན་མེད་པར་ཀུན་ལ་བསྙེན་བཀུར་ཞབས་ཏོག་མཛད། སྲིད་ལོ་དྲུག་ཅུ་ལྷག་བསྐྱངས་ཤིང་། དགུང་ལོ་བརྒྱད་ཅུ་ཡས་མས་བཞུགས།
- language:
- Tibetan