- dbang phyug pa/
- ID:
- T136683
- དབང་ཕྱུག་པ (Tibetan, Tibetan script, Original)
- > dbang phyug pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > wangchukpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
Followers of Ishvara; worshippers of Shiva; Shaiva, Shaivite, a follower of Shiva; Aishvara
- language:
- English
2. Ives Waldo Dictionary
-
Followers of shvara [Indian school maintaining omniscience of dbang phyug, snod bcud thams cad 'dod khams pa'i dbang phyug gis blo sngon du btang nas byas par 'dod]
- language:
- English
-
Followers of shvara
- language:
- English
3. Jim Valby Dictionary
opulent, rich, wealthy, Shaiva, shaivite, follower of the god shiva
- language:
- English
5. bod rgya tshig mdzod chen mo
[1934] སྔར་རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་ཞིག་ཡིན་པ་དེས་དབང་ཕྱུག་ཀུན་མཁྱེན་དུ་འཛིན་ཅིང། སྣོད་བཅུད་ཐམས་ཅད་འདོད་ཁམས་པའི་དབང་ཕྱུག་གིས་བློ་སྔོན་དུ་བཏང་ནས་བྱས་པར་འདོད། ...
- language:
- English
6. dung dkar bod rig pa'i tshig mdzod chen mo
སྤྱིར་དབང་ཕྱུག་ཅེས་པ་ནི། འཇིག་རྟེན་སྣོད་བཅུད་ཀྱི་བྱེད་པོར་གྲགས་པའི་དབང་ཕྱུག་ཆེན་པོའམ་ལྷ་ཆེན་མ་ཧྭ་དེ་ཝ་ཞེས་པའི་ལྷའི་མིང་ཡིན་ཞིང་། དབང་ཕྱུག་པ་ཞེས་པ་ནི། ལྷ་ཆེན་དབང་ཕྱུག་སྟོན་པར་འཛིན་པ་དང་། གཞི་ནི་སྣོད་བཅུད་ཐམས་ཅད་དབང་ཕྱུག་གིས་བློ་སྔོན་དུ་བཏང་ནས་བྱས་པ་ཡིན་ཏེ། འཇིག་རྟེན་གྱི་གནས་ལུགས་ལོངས་སྤྱོད་རྣམས་ཆོས་ཅན། བྱེད་པ་པོའི་བློ་སྔོན་དུ་སོང་སྟེ། དབྱིབས་དང་ཁ་དོག་སོགས་ཀྱི་ཁྱད་པར་ལྡན་པའི་ཕྱིར། དཔེར་ན། བུམ་པ་སོགས་བཞིན་ཞེས་སོགས་ཀྱི་གཏན་ཚིགས་ལ་བརྟེན་ནས་བསྒྲུབས་པ་དང་། ལམ་ནི་བུམ་པ་ཅན་གྱི་རླུང་བསྒྲུབས་ཏེ་བསྐལ་པའི་བར་དུ་འཆི་བ་མེད་པ་བསྒྲུབས་པ་དང་། དབང་ཕྱུག་གི་ལིངྒའི་རྩེ་ནས་དབང་བསྐུར་བ་དང་། བུད་མེད་དང་སྦྱར་ནས་ཁམས་འཛག་པའི་བདེ་བ་རྣམས་ཡིན་ཞིང་། འབྲས་བུ་ནི་ཁམས་འཛག་པའི་བདེ་བ་ལས་ཟུང་དུ་འཇུག་པའི་ཡེ་ཤེས་སྐྱེས་པ་ཐར་པར་འདོད་པའི་སྔར་རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་ཞིག་ཡིན། ལྷ་ཆེན་དབང་ཕྱུག་ནི། གངས་རིན་པོ་ཆེ་པོ་ཏི་སེ་ན་བཙུན་མོ་ཨུ་མ་དང་སྲས་ཚོགས་བདག་དང་གདོང་དྲུག་སོགས་འཁོར་གྱི་ཚོགས་སྟོང་གིས་སྐོར་ཞིང་གནས་པར་གསུངས་ཤིང་། ཧིན་རྡུ་རིག་བྱེད་པ་རྣམས་ཀྱིས་ལྷ་ཆེན་ཏི་སེར་བཞུགས་པ་ཡང་སྔར་སྲིད་པ་ཆགས་དུས་རྒྱ་མཚོ་བསྲུབས་པ་ལས་རིན་པོ་ཆེ་སྣ་ཚོགས་དང་ལྷན་དུ་དུག་བུམ་པ་ཞིག་བྱུང་བ་ལྷ་ཆེན་པོ་རང་གི་མགྲིན་པར་བཞག་པས་དུག་གིས་དེའི་མགྲིན་པ་སྔོ་ནག་ཏུ་གྱུར་ནས་མི་བཟོད་པའི་སྡུག་བསྔའི་བྱུང་བ་ལྡོག་ཕྱིར་ཤིན་ཏུ་བསིལ་བའི་ཏི་སེར་གནས་བཅས་པ་ཡིན་ཟེར། དེ་བཞིན་རལ་པའི་རྩེར་རྒྱ་མཚོ་ལས་བྱུང་བའི་ཟླ་ཚེས་ཅོད་པན་དུ་བཅིངས་པ། ལྷ་ཚངས་པའི་སྟེང་གདོང་བཅད་པའི་སྡིག་པ་སྦྱང་ཕྱིར་སློང་སྣོད་དུ་དུར་ཁྲོད་ཀྱི་མིའི་ཐོད་པ་ལག་ཏུ་ཐོགས་པ་ལྷ་ཆེན་གྱིས་ལྷ་མ་ཡིན་ལས་རྣམ་པར་རྒྱལ་བའི་རྟགས་སུ་རྩེ་གསུམ་པ་ཐོགས་ཏེ་གནས་པའི་སྐུ་བརྙན་ཅན་གྱི་ལྷ་ཞིག་དང་བྲམ་ཟེ་རྣམས་ཀྱིས་སྣོད་བཅུད་ཀྱི་བྱེད་པོ་དང་ཡི་གེའི་བྱེད་པོ་སོགས་བྱེད་པོ་ཉེར་བཞིར་བཤད་པའི་ལྷ་ཞིག་གོ །
- language:
- Tibetan
7. Thupten Phuntsok Dictionary
སྔར་རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་ཞིག་ཡིན་པ་དེས་དབང་ཕྱུག་ཀུན་མཁྱེན་དུ་འཛིན་ཅིང་། སྣོད་བཅུད་ཐམས་ཅད་འདོད་ཁམས་པའི་དབང་ཕྱུག་གིས་བློ་སྔོན་དུ་བཏང་ནས་བྱས་པར་འདོད།
- language:
- Tibetan
8. smon lam tshig mdzod chen mo
སྔར་རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་ཞིག་ཡིན་པ་དེས་དབང་ཕྱུག་ཀུན་མཁྱེན་དུ་འཛིན་ཅིང༌། སྣོད་བཅུད་ཐམས་ཅད་འདོད་ཁམས་པའི་དབང་ཕྱུག་གིས་བློ་སྔོན་དུ་བཏང་ནས་བྱས་པར་འདོད།
- language:
- Tibetan