- dbu sems gnyis/
- ID:
- T137238
- དབུ་སེམས་གཉིས (Tibetan, Tibetan script, Original)
- > dbu sems gnyis/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > usemnyi (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
4. dung dkar bod rig pa'i tshig mdzod chen mo
རང་སྡེ་དབུ་མ་པ་དང་སེམས་ཙམ་པའི་གྲུབ་མཐའ་སྨྲ་བ་གཉིས་ཀྱི་བསྡུས་མིང་ཡིན་ཞིང། དབུ་སེམས་གཉིས་ལ་ཐེག་ཆེན་གྲུབ་མཐའ་སྨྲ་བའང་ཟེར་རོ། །ཐེག་པ་ཆེན་པོའི་གྲུབ་མཐའ་ནི་སྟོན་པ་སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་སུ་རིང་པོར་མ་སོང་བར་མི་ཡུལ་དུ་ཉམས་ནས་ཡུན་རིང་པོའི་བར་མ་དར། ཐེག་ཆེན་གྱི་གསུང་རབ་ཕལ་མོ་ཆེ་ཡང་དཀར་ཕྱོགས་ལ་དགའ་བའི་ལྷ་དང་ཀླུ་སོགས་ཀྱིས་སྤྱན་དྲངས་ཏེ་དེ་དག་གི་མཆོད་གནས་སུ་བཞུགས་དུས་ཕྱིས་འཕགས་པ་ཀླུ་སྒྲུབ་འཇིག་རྟེན་དུ་བྱོན་ནས། དེ་དག་བསྡུས་ཏེ་མིའི་འཇིག་རྟེན་དུ་རྒྱས་པར་མཛད། དེ་ཡང་ཆོས་ཀྱི་བདག་མེད་གཏན་ལ་ཕབ་སྟེ་ཐེག་པ་ཆེན་པོའི་བཀའ་ཡོད་ཡོད་པ་དང་། ཆོས་ཐམས་ཅད་བདེན་པར་མ་གྲུབ་པ་འཁོར་ལོ་བར་པའི་དགོངས་པ་མཐར་ཐུག་ཏུ་བཀྲལ་ཏེ་དབུ་མ་པའི་གྲུབ་མཐའི་སྲོལ་ཕྱེ་བར་མཛད། དེ་ནས་སློབ་དཔོན་ཐོགས་མེད་བྱོན་ཏེ་ཐེག་པ་ཆེན་པོ་དབུ་མའི་ལུགས་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་གསལ་བར་སྤེལ་ཟིན་ཡང། ད་དུང་ཐེག་པ་ཆེན་སེམས་ཙམ་པའི་ལུགས་གསོ་བར་དགོངས་ཏེ་བྱམས་པ་ཡི་དམ་དུ་བསྒྲུབས་ནས་སེམས་ཙམ་པའི་ལྟ་བ་འཁོར་ལོ་ཐ་མའི་དགོངས་པའི་དོན་དུ་བཀྲལ་ཏེ་སེམས་ཙམ་པའི་གྲུབ་མཐའི་སྲོལ་ཕྱེ་བར་མཛད་པ་ཡིན་ནོ། །
- language:
- Tibetan