- 'ba' rom pa dar ma dbang phyug
- ID:
- T138670
- འབའ་རོམ་པ་དར་མ་དབང་ཕྱུག (Tibetan, Tibetan script, Original)
- > 'ba' rom pa dar ma dbang phyug (Tibetan, Latin script, Transliteration-THL Extended Wylie Transliteration)
- > barom padar mawangchuk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
3. bod rgya tshig mdzod chen mo
[1967] འཕན་ཡུལ་དུ་རུས་མདའ་ཁར་བར་འཁྲུངས། རྗེ་སྒམ་པོ་བའི་སློབ་མ་ཡིན། ལ་སྟོད་བྱང་དུ་འབའ་རོམ་གྱི་དགོན་པ་བཏབ། གནས་ལུགས་ཕྱག་རྒྱ་ཆེན་པོ་དང་བདེ་སྟོང་ཕྱག་རྒྱ་ཆེན་པོ་མདོ་སྔགས་ཟུང་འབྲེལ་གྱིས་སློབ་མ་མང་པོ་ལ་ཁྲིད་བཏབ་ཅིང་འབའ་རོམ་བཀའ་བརྒྱུད་ཀྱི་སྲོལ་ཕྱེ། གདན་ས་དེ་ཁོང་གི་གདུང་བརྒྱུད་ཀྱིས་བསྐྱངས་ཀྱང་ནང་མ་འཆམས་པས་རིམ་གྱིས་ཉམས་པར་གྱུར། ...
- language:
- English
4. dung dkar bod rig pa'i tshig mdzod chen mo
འབའ་རོམ་བཀའ་བརྒྱུད་ཀྱི་སྲོལ་གཏོད་པ་པོ། རྗེ་འདི་ཉིད་ཡབ་སྟོན་པ་འབྱུང་གནས་བློ་གྲོས་དང་ཡུམ་ཇོ་མོ་ལོ་ཆུང་མ་གཉིས་ཀྱི་སྲས་སུ་རབ་བྱུང་གཉིས་པའི་མེ་ལུག་༡༡༢༧ལོར་འན་ཡུལ་གྱི་དཀའ་བ་ཡུལ་སྣ་ཞེས་པར་སྐུ་འཁྲུངས། མཚན་འབུམ་སྐྱབས་གསོལ། དགུང་ལོ་བརྒྱད་ལ་ཕེབས་སྐབས་མཁན་པོ་ཀ་བ་དར་མ་སེང་གེ་དང། སློབ་དཔོན་དབང་ཕྱུག་གཞོན་ནུ་གཉིས་ལ་རབ་ཏུ་བྱུང་། མཚན་དར་མ་དབང་ཕྱུག་གསོལ། དགེ་བཤེས་བྱ་ཡུལ་བ་དང་། པོ་ཏོ་བའི་བུ་ཆེན་གྲུ་འབུ་ལུང་པ་ལ་བཀའ་གདམས་ཀྱི་ཆོས་སྐོར་རྣམས་གསན། དགུང་ལོ་ཉི་ཤུ་རྩ་གཅིག་ལ་ཕེབས་སྐབས་སྒམ་པོར་ཕེབས་ཤིང་། དེ་ནས་བཟུང་རྗེ་སྒམ་པོ་བ་དང་བླ་སློབ་ཏུ་གྱུར་ཏེ་བཀའ་བརྒྱུད་ཀྱི་ཆོས་རྣམས་བུམ་པ་གང་བྱོའི་ཚུལ་དུ་གནང་། དཀའ་ཚེགས་མེད་པར་རྟོགས་པ་ཅིག་ཅར་དུ་འཁྲུངས། དགུང་ལོ་ཉེར་བརྒྱད་ལོར་སྒྲུབ་པ་མཛད་ཅིང། ཕལ་ཆེར་ཏིང་ངེ་འཛིན་གྱིས་དངོས་སུ་འཚོ་བ་བྱུང་། དེ་སྐབས་བཀའ་འགྱུར་ཀྱི་བླ་མའི་གསོལ་འདེབས་སོགས་མགུར་ཆེན་ཉི་ཤུ་རྩ་དགུའི་སྐོར་རྣམས་གསུངས། ལ་སྟོད་བྱང་དུ་འབའ་རོམ་གྱི་དགོན་པ་ཕྱག་བཏབ། རབ་བྱུང་གསུམ་པའི་ལྕགས་སྦྲུལ་༡༡༦༡ལོར་ནག་ཆུའི་ས་ཆར་རི་བོ་ཆེ་བཏབ། བདེ་སྟོང་ཕྱག་རྒྱ་ཆེན་པོ་མདོ་སྔགས་ཟུངས་དུ་འབྲེལ་གྱིས་ཉམས་བཞེས་མཛད་པས་སློབ་མ་མང་དུ་འདུས་པ་དེ་ནས་འབའ་རོམ་བཀའ་བརྒྱུད་ཅེས་པའི་གྲུབ་མཐའ་དར། མཐར་དགུང་ལོ་བདུན་ཅུ་རྩ་གསུམ་པ་རབ་བྱུང་གསུམ་པའི་ས་ལུག་༡༡༩༩ལོའི་ཟླ་བ་གཉིས་པའི་ཚེས་གཉིས་ཀྱི་ནམ་ཕྱེད་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་ཞི་བར་གཤེགས་སོ། །འབའ་རོམ་གྱི་གདན་ས་དེ་ཁོང་གི་གདུང་རྒྱུད་རིམ་པས་བསྐྱངས་ཀྱང་མཐར་ནང་མ་འཆམས་པས་རིམ་གྱིས་ཉམས་པར་གྱུར།
- language:
- Tibetan
5. Thupten Phuntsok Dictionary
འཕན་ཡུལ་དུ་རུས་མདའ་ཁར་བར་འཁྲུངས། རྗེ་སྒམ་པོ་བའི་སློབ་མ་ཡིན། ལ་སྟོད་བྱང་དུ་འབའ་རོམ་གྱི་དགོན་པ་བཏབ། གནས་ལུགས་ཕྱག་རྒྱ་ཆེན་པོ་དང་བདེ་སྟོང་ཕྱག་རྒྱ་ཆེན་པོ་མདོ་སྔགས་ཟུང་འབྲེལ་གྱིས་སློབ་མ་མང་པོ་ཁྲིད་བཏབ་ཅིང་འབའ་རོམ་བཀའ་བརྒྱུད་ཀྱི་སྲོལ་ཕྱེ། གདན་ས་དེ་ཁོང་གི་གདུང་བརྒྱུད་ཀྱིས་བསྐྱངས་ཀྱང་ནང་མ་འཆམ་པས་རིམ་གྱིས་ཉམས་པར་གྱུར། འབའ་རོམ་བཀའ་བརྒྱུད་ཀྱི་སྒོམ་སྡེ་རི་དགོན་བཅོ་བརྒྱ། ཉིན་དགོན་པ། རྒོད་ཚང་པ། བེའུ་རུ་པ། དགོན་སར་བ། རྣ་རོང་པ། སྟོང་ནག་རས་པ། ཇབ་པ་བ། སྐྱོ་བྲག་པ། ཤོར་ཕུ་པ། ཕུག་པ་བ། རོ་ལོ་པའམ་ཟུར་མང་པ། ཤར་པ་བ། རྒིས་སྣ་བ། སོ་རག་པ། ཁོ་བ་ཕུག་པ། རི་ཕ་པ། རྡེང་ཐོག་པ། རྫ་རི་པ་བཅས་བཅོ་བརྒྱད་དོ།
- language:
- Tibetan
6. smon lam tshig mdzod chen mo
འཕན་ཡུལ་དུ་རུས་མདའ་ཁར་བར་འཁྲུངས། རྗེ་སྒམ་པོ་བའི་སློབ་མ་ཡིན། ལ་སྟོད་བྱང་དུ་འབའ་རོམ་གྱི་དགོན་པ་བཏབ། གནས་ལུགས་ཕྱག་རྒྱ་ཆེན་པོ་དང་བདེ་སྟོང་ཕྱག་རྒྱ་ཆེན་པོ་མདོ་སྔགས་ཟུང་འབྲེལ་གྱིས་སློབ་མ་མང་པོ་ལ་ཁྲིད་བཏབ་ཅིང་འབའ་རོམ་བཀའ་བརྒྱུད་ཀྱི་སྲོལ་ཕྱེ། གདན་ས་དེ་ཁོང་གི་གདུང་བརྒྱུད་ཀྱིས་བསྐྱངས་ཀྱང་ནང་མ་འཆམས་པས་རིམ་གྱིས་ཉམས་པར་གྱུར།
- language:
- Tibetan