- 'byung ba thim rim/
- ID:
- T139494
- འབྱུང་བ་ཐིམ་རིམ (Tibetan, Tibetan script, Original)
- > 'byung ba thim rim/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > jungwa timrim (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Ives Waldo Dictionary
-
the stages of the dissolving of the elements [At the time of death the elements of flesh, blood, heat, and breath one by one dissolving is the order of dissolution of the four coarse elements. By the earth element dissolving into water external sign is that the body cannot move and the eye does not see forms, the internal sign is the arising of an appearance like smoke. By the dissolving of the water element into fire, the external sign is that all the body's moist parts become dried up and the ear does not hear sounds. The inner sign is the arising of appearance like a mirage. With the dissolving of the fire element into wind the external sign is that the body's heat subsides and the nose no longer smells scents. the internal sign is the arising of an appearance like fireflies. With wind dissolving into consciousness the external sign is that one cannot collect the breath inwardly and the body does not feel touchables. The internal sign is an appearance like that of a lamp disturbed by wind]
- language:
- English
-
the stages of the dissolving of the elements
- language:
- English
3. bod rgya tshig mdzod chen mo
[1982] འཆི་བའི་ཚེ་ཤ་ཁྲག་དྲོད་དབུགས་ཀྱི་ཁམས་རྣམས་གཅིག་ལ་གཅིག་ཐིམ་པ་རགས་པ་འབྱུང་བཞིའི་ཐིམ་རིམ་སྟེ། ས་ཁམས་ཆུ་ལ་ཐིམ་པས་ཕྱི་རྟགས་སུ་ལུས་འགུལ་སྐྱོད་མི་ནུས་ཤིང་མིག་གིས་གཟུགས་མི་མཐོང། ནང་རྟགས་སུ་དུ་བ་འབྱུང་བ་ལྟ་བུའི་སྣང་བ་འཆར། ཆུ་ཁམས་མེ་ལ་ཐིམ་པས་ཕྱི་རྟགས་སུ་ལུས་ཀྱི་གཤེར་བའི་ཆ་ཐམས་ཅད་སྐམ་ཞིང་རྣ་བས་སྒྲ་མི་ཐོས། ནང་རྟགས་སུ་སྨིག་རྒྱུ་ལྟ་བུའི་སྣང་བ་འཆར། མེ་ཁམས་རླུང་ལ་ཐིམ་པས་ཕྱི་རྟགས་སུ་ལུས་ཀྱི་དྲོད་ཡལ་ཞིང་སྣས་དྲི་མི་ཚོར། ནང་རྟགས་སུ་སྲིན་བུ་མེ་ཁྱེར་ལྟ་བུའི་སྣང་བ་འབྱུང། རླུང་རྣམ་ཤེས་ལ་ཐིམ་པས་ཕྱི་རྟགས་སུ་དབུགས་ནང་དུ་སྡུད་མི་ནུས་ཤིང་ལུས་ཀྱིས་རེག་བྱ་མི་ཚོར། ནང་རྟགས་སུ་མར་མེ་རླུང་གིས་བསྐྱོད་པ་ལྟ་བུའི་སྣང་བ་འབྱུང་བའོ། ...
- language:
- English
4. Thupten Phuntsok Dictionary
འཆི་བའི་ཚེ་ཤ་ཁྲག་དྲོད་དབུགས་ཀྱི་ཁམས་རྣམས་གཅིག་ལ་གཅིག་ཐིམ་པ་རགས་པ་འབྱུང་བཞིའི་ཐིམ་རིམ་སྟེ། ས་ཁམས་ཆུ་ལ་ཐིམ་པས་ཕྱི་རྟགས་སུ་ལུས་འགུལ་སྐྱོད་མི་ནུས་ཤིང་མིག་གིས་གཟུགས་མི་མཐོང་། ནང་རྟགས་སུ་དུ་བ་འབྱུང་བ་ལྟ་བུའི་སྣང་བ་འཆར། ཆུ་ཁམས་མེ་ལ་ཐིམ་པས་ཕྱི་རྟགས་སུ་ལུས་ཀྱི་གཤེར་བའི་ཆ་ཐམས་ཅད་སྐམ་ཞིང་རྣ་བས་སྒྲ་མི་ཐོས། ནང་རྟགས་སུ་སྨིག་རྒྱུ་ལྟ་བུའི་སྣང་བ་འཆར། མེ་ཁམས་རླུང་ལ་ཐིམ་པས་ཕྱི་རྟགས་སུ་ལུས་ཀྱི་དྲོད་ཡལ་ཞིང་སྣས་དྲི་མི་ཚོར། ནང་རྟགས་སུ་སྲིན་བུ་མེ་ཁྱེར་ལྟ་བུའི་སྣང་བ་འབྱུང་། རླུང་རྣམ་ཤེས་ལ་ཐིམ་པས་ཕྱི་རྟགས་སུ་དབུགས་ནང་དུ་སྡུད་མི་ནུས་ཤིང་ལུས་ཀྱིས་རེག་བྱ་མི་ཚོར། ནང་རྟགས་སུ་མར་མེ་རླུང་གིས་བསྐྱོད་པ་ལྟ་བུའི་སྣང་བ་འབྱུང་བའོ། །
- language:
- Tibetan
5. smon lam tshig mdzod chen mo
འཆི་བའི་ཚེ་ཤ་ཁྲག་དྲོད་དབུགས་ཀྱི་ཁམས་རྣམས་གཅིག་ལ་གཅིག་ཐིམ་པ་རགས་པ་འབྱུང་བཞིའི་ཐིམ་རིམ་ས་ཁམས་ཆུ་ལ་ཐིམ་པས་ཕྱི་རྟགས་སུ་ལུས་འགུལ་སྐྱོད་མི་ནུས་ཤིང་མིག་གིས་གཟུགས་མི་མཐོང༌། ནང་རྟགས་སུ་དུ་བ་འབྱུང་བ་ལྟ་བུའི་སྣང་བ་འཆར། ཆུ་ཁམས་མེ་ལ་ཐིམ་པས་ཕྱི་རྟགས་སུ་ལུས་ཀྱི་གཤེར་བའི་ཆ་ཐམས་ཅད་སྐམ་ཞིང་རྣ་བས་སྒྲ་མི་ཐོས། ནང་རྟགས་སུ་སྨིག་རྒྱུ་ལྟ་བུའི་སྣང་བ་འཆར། མེ་ཁམས་རླུང་ལ་ཐིམ་པས་ཕྱི་རྟགས་སུ་ལུས་ཀྱི་དྲོད་ཡལ་ཞིང་སྣས་དྲི་མི་ཚོར། ནང་རྟགས་སུ་སྲིན་བུ་མེ་ཁྱེར་ལྟ་བུའི་སྣང་བ་འབྱུང༌། རླུང་རྣམ་ཤེས་ལ་ཐིམ་པས་ཕྱི་རྟགས་སུ་དབུགས་ནང་དུ་སྡུད་མི་ནུས་ཤིང་ལུས་ཀྱིས་རེག་བྱ་མི་ཚོར། ནང་རྟགས་སུ་མར་མེ་རླུང་གིས་བསྐྱོད་པ་ལྟ་བུའི་སྣང་བ་འབྱུང་བའོ།
- language:
- Tibetan