- 'bru chen/
- ID:
- T140475
- འབྲུ་ཆེན (Tibetan, Tibetan script, Original)
- > 'bru chen/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > druchen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. bod rgya tshig mdzod chen mo
[1998] ༼ཡུལ༽ སྨྱུག་ཁ་སྦོམ་པོས་བྲིས་པའི་ཡི་གེ་ཤ་ཆེན། ...
- language:
- English
3. dung dkar bod rig pa'i tshig mdzod chen mo
(ཤ་ཆེན)བོད་ཡིག་དབུ་མེད་ཀྱི་ཡིག་གཟུགས་ཚུགས་དང་ལྡན་ཞིང་ཡིག་གཟུགས་ཀྱི་ཤ་ཚུགས་ཆེན་པོ་ཡོད་པ་སྟེ། ཚུགས་རིང་དང་ཚུགས་ཐུང་ལྟ་བུ་ཡིན་ཅིང་། འབྲུ་ཆེན་དེ་ལ་ལི་ལུགས་དང་ལྡན་ལུགས་གཉིས་ཡོད་པ་ལས་ལི་ལུགས་ཀྱི་འབྲི་རྒྱུན་ཆད་ཟིན་པ་དང་ལྡན་ལུགས་ཟེར་བ་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ལོ་ཙཱ་བ་ལྡན་མ་རྩེ་མངས་ཀྱི་ཕྱག་བྲིས་འབྲི་སྲོལ་ལ་ཟེར་ཞིང་། རྗེས་སུ་ཁྱུང་པོ་གཡུ་ཁྲིས་དེ་ལ་ཐིག་རིས་ཀྱང་མཛད་ཡོད། དེ་ཡང་ཡིག་གཟུགས་འདྲ་མིན་སྣ་ཚོགས་སུ་འགྱུར་ལྡོག་ཡོད་པ་མཐོང་ནས་དུས་རབ་བཅོ་ལྔ་པའི་མགོར་རྒྱལ་རྩེ་སྡེ་སྲིད་རབ་བརྟན་ཀུན་བཟང་འཕགས་པས་སྲིད་དབང་བཟུང་དུས་སྐབས་དེའི་ལྡན་ལུགས་ཀྱི་ཡིག་མཁན་མཁས་པ་རྣམས་བསྡུས་ནས་བཀའ་འགྱུར་དང་བསྟན་འགྱུར་སོགས་བཞེངས་པ་དང་བསྟུན་འབྲུ་ཆེན་དང་འབྲུ་ཆུང་གི་ཐེག་བཤད་བརྩམས་ཤིང་གཏན་འཁེལ་བའི་ཐིག་ཚད་ཀྱི་ལག་རྒྱུན་དར་སྤེལ་བཏང་བ་དང་། དེ་རྗེས་རབ་བྱུང་བཅུ་གཅིག་པའི་ས་འབྲུག(༡༦༨༨)ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས《བཻཌཱུརྱ་གཡའ་སེལ》བརྩམས་པའི་ནང་། གོང་གསལ་གྱི་ཐིག་བཤད་རྣམས་ཆ་ཚང་བར་དྲངས་ཡོད། ཡང་དེ་རྗེས་དུས་རབས་བཅོ་བརྒྱད་པའི་མགོ་ཙམ་དུ་གོང་གི་ཐིག་དང་ཡིག་གཟུགས་ཟུང་འབྲེལ་བྱས་པའི་དཔེ་རིས་ཤིག་མཚོ་སྔོན་ཞིང་ཆེན་གྱི་སྐུ་འབུམ་དགོན་པར་དཔར་སྐྲུན་བྱས་པའི་ཤིང་དཔར་ཡང་དེང་སྐབས་མ་ཉམས་པར་བསྡད་ཡོད།
- language:
- Tibetan