- 'bru tsha/
- ID:
- T140536
- འབྲུ་ཚ (Tibetan, Tibetan script, Original)
- > 'bru tsha/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > drutsa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
3. dung dkar bod rig pa'i tshig mdzod chen mo
བོད་ཡིག་དབུ་མེད་འབྲུ་ཆེན་གྱི་ཡིག་གཟུགས་རིགས་གཅིག་སྟེ་འདིའི་ཡིག་མགོ་རྣམས་ཟུར་གསུམ་གྱི་རྣམ་པ་དང་སྟོད་སྒུར་ཞིང་རྐང་པ་རིང་བ་ཞིག་ཡིན་ལ་སྤྱིར་བཏང་དཔེ་དེབ་ཀྱི་ཁ་བྱང་དང་། སྲིད་གཞུང་གི་བཀའ་རྒྱ། རྩ་ཚིག ཁྲིམས་ཡིག་སོགས་སྐབས་འགར་ཡིག་གཟུགས་འདིས་བྲིས་པ་ཡང་ཡོད། རྒྱུན་གྱི་དཔེ་དེབ་རིགས་ལ་ཡི་གེ་འདི་ཟུར་མང་ཞིག་རྐང་པ་རིང་བའི་རྐྱེན་གྱིས་ཡིག་འབྲུ་ཤོང་རྒྱ་ཆུང་བས་བེད་སྤྱོད་མི་བྱེད་པ་ཡིན། འབྲུ་ཚ་ལ་འབྲུ་ཚ་སྒོང་ཞབས་མ། འབྲུ་ཚ་ཞབས་རིང་། འབྲུ་ཚ་ཞབས་ཐུང་བ་སོགས་ཡིག་གཟུགས་ཁག་གསུམ་ཡོད། འབྲུ་ཚའི་དཔེ་རིས་སྐོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་གྲྭའི་དགེ་རྒན་མཁས་དབང་སྨོན་ལམ་རྒྱ་མཚོས་བྲིས་པ་གནང་བའི《ཡིག་གཟུགས་བློ་གསལ་སྤྱི་ནོར》གྱི་ཤོག་གྲངས༨༢ནས༨༤བར་དང་། གྲངས༩༧ནས༡༠༤བར་གསལ་བ་དེར་གཟིགས།
- language:
- Tibetan