Skip to main content Skip to search
'brog mi dpal gyi ye shes/
ID:
T140913
  • འབྲོག་མི་དཔལ་གྱི་ཡེ་ཤེས (Tibetan, Tibetan script, Original)
    • > 'brog mi dpal gyi ye shes/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drokmi pelgyi yeshé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

  • Drogmi Lotsawa; or Drogmi Palgyi Yeshe; one of the nine spiritual heart-sons of Guru Padmasambhava

    language:
    English
  • disciple of G.R

    language:
    English

2. Ives Waldo Dictionary

  • འབྲོག་མི་དཔལ་གྱི་ཡེ་ཤེས་ [disciple of Guru Rinpoche]

    language:
    Tibetan
  • འབྲོག་མི་དཔལ་གྱི་ཡེ་ཤེས་

    language:
    Tibetan

3. gangs can mkhas grub rim byon ming mdzod

ཁོང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་སྐུ་འཁྲུངས་ཤིང་། སློབ་དཔོན་པདྨ་འབྱུང་གནས་ལས་དབང་ཆེན་ཞུ་དུས་མེ་ཏོག་བླ་མེད་ཧེ་རུ་ཀའི་དཀྱིལ་འཁོར་ལ་ཕོག་སྟེ་སྲིད་པ་མ་མོའི་བཀའ་བབས་ཡིན་ཞིང་། སྲིད་པ་བདེ་འགྲོའི་དཀྱིལ་འཁོར་མངོན་སུམ་དུ་གཟིགས་ཤིང་སྣང་སྲིད་མ་མོ་ཐམས་ཅད་བྲན་དུ་བཀོལ། ལོ་ཙཱ་བ་ལ་ཡང་མཁས་པར་མཁྱེན་པས་མ་མོའི་རྒྱུད་སོགས་བོད་ཡིག་ཏུ་བསྒྱུར་བ་མཛད། དེ་ནས་ཡར་སྟོད་ཤམ་པོ་གངས་རི་སོགས་སུ་ཕེབས་ཏེ་སྒྲུབ་པ་ཉམས་ལེན་ལ་བརྩོན་པ་མཛད་པས་གྲུབ་པ་བརྙེས་ཤིང་། [1247] 《གྲུབ་མཐའ་ཤེལ་གྱི་མེ་ལོང》ལས་ “དཔལ་གྱི་ཡེ་ཤེས་མ་མོ་མངོན་སུམ་འཁོར།” ཞེས་གསུངས་སོ། ཁོང་ནི་གྲུབ་ཐོབ་རྗེ་དང་འབངས་ཉེར་ལྔའི་ནང་གི་ཡ་གྱལ་ཞིག་ཡིན་ནོ། །

language:
Tibetan