Skip to main content Skip to search
'brong gnyan lde ru/
ID:
T140945
  • འབྲོང་གཉན་ལྡེ་རུ (Tibetan, Tibetan script, Original)
    • > 'brong gnyan lde ru/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > drongnyen deru (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

  • འབྲོང་གཉན་ལྡེ་རུ་ [30th king of Tibet [R] son of 'brong ['bro], khri gnyan gzungs btsan and 'brong bza' mo dur yangs gzher, of the tibetan royal lineage 30th, sbal ba'i ro mar khur btsos pa'i za ma'i rigs mthong bas rnam par rtog pa'i dbang du gyur nas snyun du klu nad kyis thebs shing, sras kyang dmus long zhig bltams pas, gdung rgyud la snyun mi 'byung ba'i phyir gson bzhin bang sor bzhugs skad do, deb dmar dang mkhas pa'i dga' ston du, 'di dang stag ri gnyan gzigs gnyis bar gyi steng gnyis yin zhes gsungs

    language:
    Tibetan
  • འབྲོང་གཉན་ལྡེ་རུ་ [30th king of Tibet [R]

    language:
    Tibetan
  • འབྲོང་གཉན་ལྡེ་རུ་

    language:
    Tibetan

2. bod rgya tshig mdzod chen mo

[2008] འབྲོང་ཞེས་པ་འབྲོ་ཡང་སྣང། ཁྲི་གཉན་གཟུངས་བཙན་དང་འབྲོང་བཟའ་མོ་དུར་ཡངས་གཞེར་གཉིས་ཀྱི་སྲས། བོད་རྒྱལ་གདུང་རབས་སུམ་ཅུ་པ་ཡིན་ལ། སྦལ་བའི་རོ་མར་ཁུར་བཙོས་པའི་ཟ་མའི་རིགས་མཐོང་བས་རྣམ་པར་རྟོག་པའི་དབང་དུ་གྱུར་ནས་སྙུན་དུ་ཀླུ་ནད་ཀྱིས་ཐེབས་ཤིང། སྲས་ཀྱང་དམུས་ལོང་ཞིག་བལྟམས་པས། གདུང་རྒྱུད་ལ་སྙུན་མི་འབྱུང་བའི་ཕྱིར་གསོན་བཞིན་བང་སོར་བཞུགས་སྐད་དོ། དེབ་དམར་དང་མཁས་པའི་དགའ་སྟོན་དུ། འདི་དང་སྟག་རི་གཉན་གཟིགས་གཉིས་བར་གྱི་སྟེང་གཉིས་ཡིན་ཞེས་གསུངས། ...

language:
English

3. dung dkar bod rig pa'i tshig mdzod chen mo

འབྲོང་གཉན་ལྡེའུའམ་འབྲོ་གཉེན་ལྡེ་རུ་ཞེས་པའམ་སྣངབོད་རྒྱལ་སུམ་ཅུ་པ། ཡབ་ཁྲི་གཉན་གཟུང་བཙན་དང་ཡུམ་འབྲོང་བཟའ་མོ་དུར་ཡངས་གཞིར་གྱི་སྲས་སུ་ཤིང་རྟ་༣༩༤ལོར་འཁྲུངས་། བློན་པོ་གཉགས་ཐང་བ་ཡར་རྗེ་དང་གནུབས་ཁྲོ་དར་རེ་མཐོང་པོས་བྱས། ཁུའི་བོན་པོ་མང་རྗེ་ལོད་པོས་སྐུ་བོན་བྱས། རྒྱལ་པོ་འདིའི་གཅུང་པོ་རྨུ་བཙན་དང་མོན་བུ་རྒྱལ་མཚན་གཉིས་ཐང་མཚམས་སུ་ཕབ། རྒྱལ་པོ་འདིས་དྭགས་པོའི་ཡུལ་ནས་མཆིམས་བཟའ་ཀླུ་རྒྱལ་བྱ་བ་མཛེས་མ་ཞིག་ཁབ་ཏུ་བཞེས། ཕྱིས་མི་མཛེས་པར་གྱུར་ནས་རྒྱུ་མཚན་དྲིས་པས་རང་གི་ཡུལ་ན་ཟས་ཤིག་ཡོད་པ་དེ་མེད་པས་ལན་ཟེར། དེ་ལེན་དུ་ཆུག་གསུངས་པས་གཡོག་མོས་སྦལ་པ་མར་ལ་བཙོས་པ་བླངས་ཏེ་མཛོད་དུ་སྦས་པ་ལ་དྲངས་པས་མདངས་ཤིན་ཏུ་མཛེས་པར་གྱུར་སྟབས་རྒྱལ་པོས་ཟས་དེ་ང་རང་ཡང་ཟའོ་དགོངས་ནས་ལྡེ་ཚབ་ཀྱིས་སྒོ་ཕྱེ་ནས་གཟིགས་སྐབས་སྦལ་རོ་མཐོང་བས་རྣམ་རྟོག་སྐྱེས་པ་ལས་སྐུ་ལ་མཛེ་ནད་ཕོག དེ་སྐབས་དྭགས་པོ་སྦལ་ཟན་གྱི་ཡུལ་ཞེས་པ་དེ་ན་ཉ་ཟ་ཞིང་ཉ་ལ་སྦས་པར་གྲགས་པ་ཡིན་སྐད། རྒྱལ་པོའི་བཙུན་མོ་ལ་སྲས་དམུས་ལོང་ཞིག་བལྟམས་ཤིང། དེ་ཅུང་ཟད་ཆེར་ལོངས་པ་ན་ཡབ་ཀྱིས་ཁྱོད་འ་ཞའི་ཡུལ་ནས་སྨན་པ་བོས་ཏེ་མིག་ཕྱེ་ནས་རྒྱལ་ས་ཟུངས། གལ་ཏེ་མིག་འབྱེད་མ་ཐུབ་ན་སུམ་པའི་ཡུལ་དུ་བོན་པོའི་ཆུང་མ་རྒྱ་མོ་རྒྱ་ལྕམ་བྱ་བ་ལ་ངའི་བུ་སུམ་རི་རིང་པོ་བྱ་བ་ཞིག་ཡོད་པ་དེ་བོས་ནས་ཁྱོད་རང་གཤེགས་རྫུ་ཐོབ་ལ་རྒྱལ་སར་ཆུག་ཅེས་གསུངས་ཏེ་རྒྱལ་པོ་ཡབ་ཡུམ་གཉིས་བློན་པོ་སྙགས་ཐང་པ་ཡར་རྗེ་དང་བཅས་པ་གདུང་རྒྱུད་ལ་སྙུན་མི་ཕོག་པའི་ཆེད་དུ་ཡར་ལུང་ཞང་མདར་བང་སོ་བརྩིགས་ནས་གསོན་པོར་དུར་དུ་བཞུགས་པར་གྲགས་ཤིང། བང་སོའི་མིང་ལའང་གསོན་མཆད་མཆན་ཟླུམ་པོ་ཟེར། འབྲོང་གཉན་ལྡེ་རུའི་སྐུ་དུས་སུ་བོད་ལ་སྔ་བའི་དཀར་ཡོལ་བྱུང་ཞེས་ལོ་རྒྱུས་ཡིག་ཚང་དུ་གསལ།

language:
Tibetan

4. smon lam tshig mdzod chen mo

འབྲོང་ཞེས་པ་འབྲོ་ཡང་སྣང༌། ཁྲི་གཉན་གཟུངས་བཙན་དང་འབྲོང་བཟའ་མོ་དུར་ཡངས་གཞེར་གཉིས་ཀྱི་སྲས། བོད་རྒྱལ་གདུང་རབས་སུམ་ཅུ་པ་ཡིན་ལ། སྦལ་བའི་རོ་མར་ཁུར་བཙོས་པའི་ཟ་མའི་རིགས་མཐོང་བས་རྣམ་པར་རྟོག་པའི་དབང་དུ་གྱུར་ནས་སྙུན་དུ་ཀླུ་ནད་ཀྱིས་ཐེབས་ཤིང༌། སྲས་ཀྱང་དམུས་ལོང་ཞིག་བལྟམས་པས། གདུང་རྒྱུད་ལ་སྙུན་མི་འབྱུང་བའི་ཕྱིར་གསོན་བཞིན་བང་སོར་བཞུགས་སྐད་དོ། དེབ་དམར་དང་མཁས་པའི་དགའ་སྟོན་དུ། འདི་དང་སྟག་རི་གཉན་གཟིགས་གཉིས་བར་གྱི་སྟེང་གཉིས་ཡིན་ཞེས་གསུངས།

language:
Tibetan