- rba bzhed/
- ID:
- T141009
- རྦ་བཞེད (Tibetan, Tibetan script, Original)
- > rba bzhed/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > bazhé (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
3. dung dkar bod rig pa'i tshig mdzod chen mo
རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་བློན་པོ་རྦ་གསལ་སྣང་གིས་བརྩམས་པའི་ལོ་རྒྱུས་ཡིག་ཆ་ཞིག་གི་མིང་། རྦ་བཞེད་འདི་ལོ་རྒྱུས་ཁུངས་བཙན་དུ་བཞེད་པ་དང། ལྷད་ཅན་ཡིན་པར་བཞེད་པ། རྦ་བཞེད་གཙང་མ་དང་ལྷད་ཅན་རིགས་གཉིས་ཡོད་པར་བཞེད་པ་བཅས་ཁག་གསུམ་ཡོད། མཁས་དབང་དགེ་འདུན་ཆོསའཕེལ་སོགས་བོད་ཀྱི་ལོ་རྒྱུས་མཁས་ཅན་མང་པོ་ཞིག་གིས་རྦ་བཞེད་ཀྱི་སྟོད་ཆ་རྣམས་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཀྱི་ཆོས་སྲིད་གཉིས་ཀའི་ལོ་རྒྱུས་གསལ་ཞིང་དེའི་ནང་ནས་ཆོས་ཕྱོགས་ཀྱི་མཛད་པ་ཁོ་ན་གཙོར་འདོན་བྱས་ཏེ་བཤད་པ་དང་། འདི་ཉིད་མཛད་པ་པོ་ཡང་རྦ་གསལ་སྣང་གཅིག་པུས་མཛད་པ་མ་ཡིན་པཏ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཉིད་དང་ཐུན་མོང་དུ་མཛད་ནས་གཏན་འབེབས་གནང་བ་ཞིག་ཡིན་པར་བཞེད། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་སོགས་མང་པོ་ཞིག་གིས《རྦ་བཞེད་ཞབས་བཏགས་མ》ནི་སློབ་དཔོན་རིན་པོ་ཆེའི་རྣམ་ཐར་བཀའ་ཐང་སྡེ་ལྔ་སོགས་དང་མ་མཐུན་པའི་ལྷད་ཅན་ཡིན་པར་བཞེད། 《ཆོས་འབྱུང་མཁས་པའི་དགའ་སྟོན》ཛད་པ་པོ་ཡང་དགོངས་ཚུལ་དེ་དང་ཕྱོགས་འདྲ་བ་ཡོད་ན་ཡང། ཁྲི་སྲོང་ལྡེ་བཙན་གྱི་རྣམ་ཐར་ཐད་རྦ་བཞེད་དེ་རང་ཁུངས་སུ་དྲངས་ནས་གསུངས་ཤིང། སྐབས་རེ་རྦ་བཞེདདང་ཡང་མི་མཐུན་པ་ཡང་འགའ་ཞིག་གསུངས་ཡོད་པ་རྣམས་ཁུངས་གང་འདྲ་ཞིག་ལ་བརྟེན་ནས་གསུངས་པ་ཡིན་མིན་མི་གསལ། རང་ཉིད་ཀྱིས་ད་ཕན་རྦ་བཞེད་ཞབས་བཏགས་མ་ཁག་འདྲ་མིན་གཉིས་དང། ཞབས་བཏགས་མེད་པ་གཅིག་ སྡེ་སྲིད་སངས་རྒྱས་རྒྱ་མཚོས་བེེཌཱུརྱ་གཡའ་སེལ་དུ་ལུང་དྲངས་པའི་རྦ་བཞེད་ཀྱི་ཚིག་འགའ་ཞིག ཆོས་འབྱུང་མཁས་པའི་དགའ་སྟོན་ནང་རྦ་བཞེད་ཞབས་བཏགས་མ་ཞིག་གི་ལུང་ཕལ་ཆེ་བ་དྲངས་པ་རྣམས་བསྡུར་སྐབས་དོགས་པ་ཡོད་པའི་གནད་དོན་མི་ཉུང་བ་ཞིག་འདུག་པས་རྗེས་སུ་མཁས་པའི་དབང་པོ་རྣམས་ཀྱིས་ཞིབ་དཔྱད་མཛད་ཐོག་གསལ་བཤད་ཡོད་པ་ཞུ་རྒྱུ་ལས་འདིར་ཚིག་འགྲེལ་གྱི་སྐབས་སུ་གླེང་ན་མང་བར་དོགས་པས་མ་བྲིས་སོ། །
- language:
- Tibetan