- sbe ga rdo 'gyogs/
- ID:
- T141585
- སྦེ་ག་རྡོ་འགྱོགས (Tibetan, Tibetan script, Original)
- > sbe ga rdo 'gyogs/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > bega dongyok (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. bod rgya tshig mdzod chen mo
[2019] ཤེད་རྩལ་གྱི་གྲས་སྦེ་ག་དང་རྡོ་འགྱོགས་གཉིས། ... སྦེ་ག་རྡོ་འགྱོགས་ཀྱི་འགྲན་སྡུར་བྱེད་པ། ...
- language:
- English
3. dung dkar bod rig pa'i tshig mdzod chen mo
གནའ་བོའི་དུས་ནས་བོད་རིགས་དམངས་ཁྲོད་དུ་དར་བའི་ལུས་རྩལ་གྱི་རྣམ་གྲངས་ཤིག་ཡིན། ལྷ་ས་གཙུག་ལག་ཁང་དང། རྩེ་ཕོ་བྲང་པོ་ཏ་ལའི་ལྡེབས་རིས་བྲིས་ལའང་སྦེ་ག་དང་རྡོ་འགྱོགས་ཀྱི་རྣམ་པ་ཇི་བཞིན་མཚོན་པ་བྲིས་ཡོད། སྔར་སྲོལ་རྒྱུན་འཛིན་གྱིས་དེ་སྔ་ལོ་ལྟར་ལྷ་སའི་སྨོ་ལམ་ཆེ་མོ་གྲོལ་ཉིན་སྦེ་ག་དང་རྡོ་འགྱོགས་ཀྱི་འགྲན་སྡུར་བྱེད་སྲོལ་ཡོད། སྦེ་ག་ནི་དེ་སྔ་སྨོན་ལམ་ཆེ་མོའི་སྐབས་འཆར་ཅན་འཁྲི་ཁུངས་ལྟར་གཟིམ་པ་བས་གསུང་ཆོས་ར་བར་སྦེ་ག་འགྲན་གྱི་ཡོད། སྦེ་ག་འགྲན་སྟངས་ནི། ལུས་གཟུགས་དང་ཤུགས་ཚད་དོ་མཉམ་གྱི་སྐྱེས་པ་གཉིས་སྒུལ་སྟངས་གཏན་འབེབས་ལྟར་ཤུགས་ཚད་འགྲན་ཏེ་སུས་སུ་བསྒྱེལ་ཐུབ་མིན་གྱི་ཐོག་ནས་རྒྱལ་ཕམ་གཏན་འཁེལ་བྱེད་ཀྱི་ཡོད། རྟོ་འགྱོགས་ནི། ལྗིད་ཚད་སྤྱི་རྒྱ་བརྒྱ་ལྷག་ཙམ་ཡོད་པའི་རྡོ་དབྱིབས་རིལ་པོ་འཇམ་ཤ་དོད་ཅིང་། ད་དུང་རྡོའི་ཕྱི་ངོས་ལ་མར་དང་ཞག་བྱུགས་ཏེ་ལྕི་ལ་འཇམ་འདྲེད་ཤོར་ནས་འགྱོག་དཀའ་བ་བཟོས་པའི་རྡོ་རིལ་ཆེན་པོ་ཞིག་དཔུང་པའི་སྒང་དུ་འགྱོག་ཐུབ་མིན་གྱི་ཤུགས་ཚད་འགྲན་པ་ཞིག་རེད། དེ་སྔ་ལྷ་ས་སྨོན་ལམ་ཆེན་མོ་གྲོལ་ཉིན་བར་སྐོར་ནང་དུ་བྱམས་པའི་སྐུ་བརྙན་གདན་འདྲེན་ཞུ་སྐབས་གསུང་ཆོས་ར་བར་གཟིམ་པ་བ་དང་། དེ་མིན་སྤྱི་ཚོགས་ཐོག་ནས་ཡོང་བའི་མིས་རྡོ་འགྱོགས་ཀྱི་འགྲན་སྡུར་བྱེད་སྲོལ་ཡོད། ད་དུང་ལྗིད་ཚད་སྤྱི་རྒྱ་བཅུ་གྲངས་ལྷག་ཙམ་ཡོད་པའི་རྡོ་རིལ་རང་མི་མགོ་ཐོག་ནས་རྒྱབ་ཕྱོགས་ལ་གཡུགས་པ་དང། ཡང་ན་སྒབ་འོག་ནས་རྒྱབ་ཕྱོགས་ལ་གཡུགས་པའི་རྡོ་དེ་རྒྱང་ཐག་ཇི་ཙམ་སླེབས་ཐུབ་མིན་འགྲན་ཡོད།
- language:
- Tibetan
4. Thupten Phuntsok Dictionary
ཤེད་རྩལ་གྱི་གྲས་སྦེ་ག་དང་རྡོ་འགྱོགས་གཉིས། སྦེ་ག་རྡོ་འགྱོགས་ཀྱི་འགྲན་སྡུར་བྱེད་པ།
- language:
- Tibetan
5. smon lam tshig mdzod chen mo
ཤེད་རྩལ་གྱི་གྲས་སྦེ་ག་དང་རྡོ་འགྱོགས་གཉིས། སྦེ་ག་རྡོ་འགྱོགས་ཀྱི་འགྲན་སྡུར་བྱེད་པ།
- language:
- Tibetan