Skip to main content Skip to search
ma hA tsi na/
ID:
T144350
  • མ་ཧཱ་ཙི་ན (Tibetan, Tibetan script, Original)
    • > ma hA tsi na/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > maha tsina (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. bod rgya tshig mdzod chen mo

[2052] ༼ལེགས༽ རྒྱ་ནག་ཆེན་པོ། ...

language:
English

2. dung dkar bod rig pa'i tshig mdzod chen mo

འདི་ལ་ཐུའུ་ཀཱན་ཆོས་ཀྱི་ཉི་མའི་གྲུབ་མཐའ་ཤེལ་དཀར་མེ་ལོང་ལེ་ཚན་བཅུ་པའི་ཤོག་གྲངས་༡ལས་རྒྱ་གར་བ་རྣམས་ཀྱིས་རྒྱ་ནག་གི་ཡུལ་ལ་མ་ཧཱ་ཙི་ན་ཞེས་འབོད་དེ། མ་ཧཱ་ནི་ཆེན་པོ་དང་ཙི་ན་ཞེས་རྒྱ་ནག་གི་སྐད་ཆིན་(秦)ཞེས་པའི་སྒྲ་ཟུར་ཉམས་པ་སྟེ། རྒྱ་ཡི་རྒྱལ་པོ་རྣམས་ཀྱི་ཆིན་གྱི་རྒྱལ་སྲིད་ལ་ཆིན་ཧྲི་ཧོའང(秦始皇)བྱ་བའི་རྒྱལ་པོ་སྟོབས་དང་མངའ་ཐང་ཤིན་ཏུ་ཆེ་བ་ཞིག་གིས་མཐའ་དབུས་ཀྱི་ཡུལ་གྲུ་མང་པོ་དབང་དུ་བསྡུས་པའི་མིང་ལ་ཡང་རྒྱལ་སྲིད་ཀྱི་མིང་གིས་འབོད་དེ་ཆིན་གྱི་རྒྱལ་ཁམས་ཞེས་པ་སྒྲ་ཉམས་ནས་ཙི་ན་ཞེས་གྲགས་པར་སྣང་ངོ་ཞེས་བཤད། སྔར་གྱི་བཤད་རྒྱུན་དུ་ཤན་ཌའུ(神州)ཞེས་ལྷ་གླིང་དུ་འབོད་པ་ཡིན་ཚུལ་གུང་མགོན་པོ་སྐྱབས་ཀྱིས་བརྩམས་པའི་《རྒྱ་ནག་ཆོས་འབྱུང་》བོད་ཡིག་ལས་འབྱུང་། །

language:
Tibetan

3. Thupten Phuntsok Dictionary

〔ལེགས〕རྒྱ་ནག་ཆེན་པོ།

language:
Tibetan

4. smon lam tshig mdzod chen mo

(ལེགས་སྦྱར།) རྒྱ་ནག་ཆེན་པོ།

language:
Tibetan