Skip to main content Skip to search
mang srong mang btsan/
ID:
T144586
  • མང་སྲོང་མང་བཙན (Tibetan, Tibetan script, Original)
    • > mang srong mang btsan/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > mangsong mangtsen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

  • མང་སྲོང་མང་བཙན་ [dpe rnying du mang slon mang rtsan zhes bris, gung ri gung btsan dang ' zha bza' mang rje khri dkar gnyis kyi sras, bod rgyal gdung rabs so lnga pa yin la, yab gung ri de'i yab kyi gong du 'das pas, mes po srong btsan 'das nas dbon 'di khri la 'khod dus sku na chung stabs rgyal srid kyi bya ba blon chen mgar stong btsan gyis khri lo bco lnga'i bar bskyangs, dgung lo nyi shu rtsa bdun thog 'das

    language:
    Tibetan
  • king མང་སྲོང་མང་བཙན་

    language:
    English

2. Jim Valby Dictionary

name of a Tibetan king

language:
English

3. bod rgya tshig mdzod chen mo

[2055] དཔེ་རྙིང་དུ་མང་སློན་མང་རྩན་ཞེས་བྲིས། གུང་རི་གུང་བཙན་དང་འ་ཞ་བཟའ་མང་རྗེ་ཁྲི་དཀར་གཉིས་ཀྱི་སྲས། བོད་རྒྱལ་གདུང་རབས་སོ་ལྔ་པ་ཡིན་ལ། ཡབ་གུང་རི་དེའི་ཡབ་ཀྱི་གོང་དུ་འདས་པས། མེས་པོ་སྲོང་བཙན་འདས་ནས་དབོན་འདི་ཁྲི་ལ་འཁོད་དུས་སྐུ་ན་ཆུང་སྟབས་རྒྱལ་སྲིད་ཀྱི་བྱ་བ་བློན་ཆེན་མགར་སྟོང་བཙན་གྱིས་ཁྲི་ལོ་བཅོ་ལྔའི་བར་བསྐྱངས། དགུང་ལོ་ཉི་ཤུ་རྩ་བདུན་ཐོག་འདས། ...

language:
English

4. dung dkar bod rig pa'i tshig mdzod chen mo

རྒྱལ་པོ་སྲོང་བཙན་སྒམ་པོའི་སྲས་གུང་རི་གུང་བཙན་གྱི་སྲས། འདིའི་འཁྲུངས་འདས་ཀྱི་ལོ་ལ་བཤད་ཚུལ་མི་མཐུན་པ་མང་དུ་ཡོད་ཀྱང་མེས་པོ་སྲོང་བཙན་སྒམ་པོ་འདས་པའི་ལོ་དེར་འཁྲུངས་ཤིང་། ལོ་གསུམ་རིང་གསང་བ་བྱས། དགུང་ལོ་གསུམ་ལ་སླེབས་དུས་སྲིད་ཁྲིར་བསྐོས། བློན་པོ་མགར་གྱིས་གྲོགས་བྱས་ཏེ་ཆབ་སྲིད་ལོ་བཅོ་ལྔའི་བར་བསྐྱངས་པའི་ལོ་བཅུ་གསུམ་པ་ལ་མགར་སྟོང་བཙན་སླར་ཐང་གི་གོང་མར་འཚམས་འདྲི་ཞུ་བར་སོང་སྐབས་མགར་གྱིས་རྒྱལ་པོ་དགུང་ལོ་བཅུ་གསུམ་ལོན་པ་དང་སྲིད་ཁྲིར་བཞུགས་པ་བཅས་བཤད་པ་ཐོས་པར་བརྟེན་རྒྱའི་ཡིག་ཚང་དུ་མང་སྲོང་མང་བཙན་དགུང་ལོ་བཅུ་གསུམ་ལ་ཁྲིར་འཁོད་ཅེས་བྲིས་པ་ཡིན་ངེས་སྙམ། །

language:
Tibetan

5. Thupten Phuntsok Dictionary

དབོན་སྲས་མང་སྲོང་མང་བཙན་དང་དོན་གཅིག

language:
Tibetan

6. smon lam tshig mdzod chen mo

དཔེ་རྙིང་དུ་མང་སློན་མང་རྩན་ཞེས་བྲིས། གུང་རི་གུང་བཙན་དང་འ་ཞ་བཟའ་མང་རྗེ་ཁྲི་དཀར་གཉིས་ཀྱི་སྲས། བོད་རྒྱལ་གདུང་རབས་སོ་ལྔ་པ་ཡིན་ལ། ཡབ་གུང་རི་དེའི་ཡབ་ཀྱི་གོང་དུ་འདས་པས། མེས་པོ་སྲོང་བཙན་འདས་ནས་དབོན་འདི་ཁྲི་ལ་འཁོད་དུས་སྐུ་ན་ཆུང་སྟབས་རྒྱལ་སྲིད་ཀྱི་བྱ་བ་བློན་ཆེན་མགར་སྟོང་བཙན་གྱིས་ཁྲི་ལོ་བཅོ་ལྔའི་བར་བསྐྱངས། དགུང་ལོ་ཉི་ཤུ་རྩ་བདུན་ཐོག་འདས།

language:
Tibetan

7. gangs can mkhas grub rim byon ming mdzod

ཁོང་ནི་བོད་ལུགས་ཆུ་མོ་གླང་ལོ་སྟེ་སྤྱི་ལོ 653 ལོར་ཡབ་རྒྱལ་པོ་གུང་རི་གུང་བཙན་དང་། འ་ཞ་བཟའ་ཁོ་འཇོ་མང་མོ་རྗེ་ཁྲི་དཀར་ཏི་ཤགས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བོད་ལུགས་ས་མོ་ཡོས་ལོ་སྟེ་སྤྱི་ལོ 679 ལོར་སྐུ་གཤེགས། ཁོང་དགུང་ལོ་བཅུ་གསུམ་པར་མི་འཇིགས་གདོང་ལྔའི་ཁྲི་ལ་བཞུགས་ནས་བོད་ཀྱི་རྒྱལ་སྲིད་བསྐྱངས། མགར་སྟོང་བཙན་ཡུལ་ཟུང་དང་། མཆིམས་མང་གཉེར་གཉིས་ཀྱིས་བློན་པོ་མཛད། འབྲོ་བཟའ་ཁྲི་མ་ལོད་ཁབ་ཏུ་བཞེས་ཏེ་རིགས་སྲས་འདུས་སྲོང་མང་བཙན་སྐུ་འཁྲུངས། ལོ་ངོ་བཅོ་ལྔའི་རིང་དུ་བོད་ཀྱི་ཆབ་སྲིད་བསྐྱངས་ཤིང་གྲུ་གུའི་རྒྱལ་ཁམས་སོགས་མངའ་འོག་ཏུ་བསྡུས་པ་དང་། འབྲོག་ལས་ཐོན་སྐྱེད། ཞིང་ལས་ཐོན་སྐྱེད་ཀྱང་མུ་མཐུད་ནས་གོང་འཕེལ་དུ་བྱུང་བར་ཞིང་འབྲོག་གི་དོར་ཀ་དང་ཐུལ་ཀ་བརྩི་བའི་བྱེད་ཐབས་སྣ་ཚོགས་བཀོད་དེ་ལོ་ལྟར་འདུ་ཚོགས་ཆེན་པོ་སྐོང་འཚོགས་བྱེད་པའི་ལམ་སྲོལ་ཡང་བསྟར་ཆགས་སུ་མཛད། དགུང་ལོ་ཉེར་བདུན་པར་གཙང་གི་བར་སྣང་སྒང་དུ་དགོངས་པ་མྱ་ངན་ལས་འདས་སོ། བང་སོ་ནི་གུང་རི་གུང་བཙན་གྱི་གཡོན་དུ་བརྩིགས་སོ། ཁོང་གི་འཁྲུངས་འདས་ཀྱི་ལོ་ཚིགས་ནི《དེབ་ཐེར་ཀུན་གསལ་མེ་ལོང་》 [1280] ལས་བཏུས་པ་ཡིན་ནོ། །

language:
Tibetan