- mi chos gtsang ma bcu drug
- ID:
- T145569
- མི་ཆོས་གཙང་མ་བཅུ་དྲུག (Tibetan, Tibetan script, Original)
- > mi chos gtsang ma bcu drug (Tibetan, Latin script, Transliteration-THL Extended Wylie Transliteration)
- > michö tsangma chudruk (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
16 rules for public conduct, sixteen pure humanitarian doctrines
- language:
- English
2. Ives Waldo Dictionary
-
16 pure human laws [gdmk refer to the quotation in fundamentals sngar bod rgyal srong btsan sgam pos gtan 'bebs byas pa'i khrims srol don tshan bcu drug ste} lha dkon mchog gsum la mos gus bskyed pa, dam pa'i chos btsal zhing bsgrub pa, pha ma la drin lan 'jal ba, yon tan can la zhe mthong yod pa, rigs mtho ba dang rgan par bkur sti che ba, yul mi khyim mtses la phan 'dogs pa, bka' drang zhing sems chung ba, nye du mdza' bshes la gzhung ring ba, ya rabs kyi rjes snyeg cing phyi thag ring ba, zas nor la tshod 'dzin pa, sngar drin can gyi mi rtsad gcod pa, bu lon dus su 'jal zhing bre srang la gyo med pa, kun la phrag dog chung ba, ngan pa'i gros la mi nyan zhing rang tshugs 'dzin pa, ngag 'jam zhing smra ba nyung ba, theg pa che zhing blo khog yangs pa ste bcu drug //. 16 rules for public conduct, sixteen pure humanitarian doctrines (Gd-mk) chn
- language:
- English
-
16 pure human laws
- language:
- English
3. bod rgya tshig mdzod chen mo
[2067] སྔར་བོད་རྒྱལ་སྲོང་བཙན་སྒམ་པོས་གཏན་འབེབས་བྱས་པའི་ཁྲིམས་སྲོལ་དོན་ཚན་བཅུ་དྲུག་སྟེ། ལྷ་དཀོན་མཆོག་གསུམ་ལ་མོས་གུས་བསྐྱེད་པ། དམ་པའི་ཆོས་བཙལ་ཞིང་བསྒྲུབ་པ། ཕ་མ་ལ་དྲིན་ལན་འཇལ་བ། ཡོན་ཏན་ཅན་ལ་ཞེ་མཐོང་ཡོད་པ། རིགས་མཐོ་བ་དང་རྒན་པར་བཀུར་སྟི་ཆེ་བ། ཡུལ་མི་ཁྱིམ་མཚེས་ལ་ཕན་འདོགས་པ། བཀའ་དྲང་ཞིང་སེམས་ཆུང་བ། ཉེ་དུ་མཛའ་བཤེས་ལ་གཞུང་རིང་བ། ཡ་རབས་ཀྱི་རྗེས་སྙེག་ཅིང་ཕྱི་ཐག་རིང་བ། ཟས་ནོར་ལ་ཚོད་འཛིན་པ། སྔར་དྲིན་ཅན་གྱི་མི་རྩད་གཅོད་པ། བུ་ལོན་དུས་སུ་འཇལ་ཞིང་བྲེ་སྲང་ལ་གཡོ་མེད་པ། ཀུན་ལ་ཕྲག་དོག་ཆུང་བ། ངན་པའི་གྲོས་ལ་མི་ཉན་ཞིང་རང་ཚུགས་འཛིན་པ། ངག་འཇམ་ཞིང་སྨྲ་བ་ཉུང་བ། ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་སྟེ་བཅུ་དྲུག་...
- language:
- English
4. Thupten Phuntsok Dictionary
ཆོས་འབྱུང་མཁས་པའི་དགའ་སྟོན》ནས་གསུངས་པ་ལྟར་ན། མི་དགེ་བ་བཅུ་སྤོང་བའི་སྟེང་དུ། ༡ མ་ལ་མའི་འདུ་ཤེས་བཟུང་ནས་གུས་བཀུར་བྱ་བ། ༢ ཕ་ལ་ཕ་ཡི་འདུ་ཤེས་བཟུང་ནས་གུས་བཀུར་བྱ་བ། ༣ དགེ་སྦྱོང་དང་བྲམ་ཟེ་ལ་དེ་ཡི་འདུ་ཤེས་བཟུང་ནས་གུས་བཀུར་བྱ་བ། ༤ རིགས་མཐོ་འདུ་ཤེས་བཟུང་ནས་གུས་བཀུར་ཞུ་བ། ༥ དྲིན་ཅན་གྱི་མི་ལ་དྲིན་ལན་འཇལ་བ། ༦ གཞན་ལ་གཡོ་སྒྱུ་བྱས་ནས་མགོ་བསྐོར་མི་གཏོང་བ་བཅས་བཅུ་དྲུག་ཡིན་པར་གསུངས་ལ། ཡང་འདྲེན་ཚུལ་གཞན་ཞིག་སྟེ། སྔར་བོད་རྒྱལ་སྲོང་བཙན་སྒམ་པོས་གཏན་འབེབས་མཛད་པའི་ཁྲིམས་སྲོལ་དོན་ཚན་བཅུ་དྲུག་ནི། ༡ ལྷ་དཀོན་མཆོག་གསུམ་ལ་མོས་གུས་བསྐྱེད་པ། ༢ དམ་པའི་ཆོས་བཙལ་ཞིང་བསྒྲུབ་པ། ༣ ཕ་མ་ལ་དྲིན་ལན་འཇལ་བ། ༤ ཡོན་ཏན་ཅན་ལ་ཞེ་མཐོང་ཡོད། ༥ རིགས་མཐོ་བ་དང་རྒན་པར་བཀུར་སྡི་ཆེ་བ། ༦ ཡུལ་མི་ཁྱིམ་མཚེས་ལ་ཕན་གདགས་པ། ༧ བཀའ་དྲང་ཞིང་སེམས་ཆུང་བ། ༨ ཉེ་དུ་མཛའ་བཤེས་ལ་གཞུང་རིང་། ༩ ཡ་རབས་ཀྱི་རྗེས་བསྙེག་ཅིང་ཕྱི་ཐག་རིང་བ། ༡༠ ཟས་ནོར་ལ་ཚོད་འཛིན་པ། ༡༡ སྔར་དྲིན་ཅན་གྱི་མི་རྩད་གཅད་པ། ༡༢ བུ་ལོན་དུས་སུ་འཇལ་ཞིང་བྲེ་སྲང་ལ་གཡོ་མེད་པ། ༡༣ ཀུན་ལ་ཕྲག་དོག་ཆུང་བ། ༡༤ ངན་པའི་གྲོས་ལ་མི་ཉན་ཞིང་རང་ཚུགས་འཛིན་པ། ༡༥ ངག་འཇམ་ཞིང་སྨྲ་བ་ཉུང་བ། ༡༦ ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་བཅས་སོ། །
- language:
- Tibetan
5. smon lam tshig mdzod chen mo
བོད་རྒྱལ་སྲོང་བཙན་སྒམ་པོས་གཏན་འབེབས་བྱས་པའི་ཁྲིམས་སྲོལ་དོན་ཚན་བཅུ་དྲུག ལྷ་དཀོན་མཆོག་གསུམ་ལ་མོས་གུས་བསྐྱེད་པ། དམ་པའི་ཆོས་བཙལ་ཞིང་བསྒྲུབ་པ། ཕ་མ་ལ་དྲིན་ལན་འཇལ་བ། ཡོན་ཏན་ཅན་ལ་ཞེ་མཐོང་ཡོད་པ། རིགས་མཐོ་བ་དང་རྒན་པར་བཀུར་སྟི་ཆེ་བ། ཡུལ་མི་ཁྱིམ་མཚེས་ལ་ཕན་འདོགས་པ། བཀའ་དྲང་ཞིང་སེམས་ཆུང་བ། ཉེ་དུ་མཛའ་བཤེས་ལ་གཞུང་རིང་བ། ཡ་རབས་ཀྱི་རྗེས་སྙེག་ཅིང་ཕྱི་ཐག་རིང་བ། ཟས་ནོར་ལ་ཚོད་འཛིན་པ། སྔར་དྲིན་ཅན་གྱི་མི་རྩད་གཅོད་པ། བུ་ལོན་དུས་སུ་འཇལ་ཞིང་བྲེ་སྲང་ལ་གཡོ་མེད་པ། ཀུན་ལ་ཕྲག་དོག་ཆུང་བ། ངན་པའི་གྲོས་ལ་མི་ཉན་ཞིང་རང་ཚུགས་འཛིན་པ། ངག་འཇམ་ཞིང་སྨྲ་བ་ཉུང་བ། ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་སྟེ་བཅུ་དྲུག
- language:
- Tibetan