Skip to main content Skip to search
ming bdun sring gcig
ID:
T148099
  • མིང་བདུན་སྲིང་གཅིག (Tibetan, Tibetan script, Original)
    • > ming bdun sring gcig (Tibetan, Latin script, Transliteration-THL Extended Wylie Transliteration)
    • > mingdün singchik (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Dan Martin Dictionary

seven brothers one sister. See brag skya ha bo.

language:
English

2. Thupten Phuntsok Dictionary

སྨན་གྱི་ཁུངས་བཅད་ལ་བལྟོས་ནས་བཏགས་པའི་བྲག་སྐྱ་ཧ་བོའི་མིང་གི་རྣམ་གྲངས་ཤིག་སྟེ། རྡོ་རྗེ་སྤྱི་འཇོམས་ལས། མིང་པོ་བདུན་གྱི་སྲིང་གཅིག་མ། །དལ་བརྒྱད་འབྱོར་པའི་གྲོང་ཁྱེར་དུ། །མིང་པོ་བདུན་གྱིས་དམག་ཚོགས་གཡོས། སྲོག་གི་ནོར་བུ་བཅོམ་ཉེ་ཚེ། །སྲིང་གཅིག་ཧ་བོས་ར་མདའ་བཟློག །ཅེས་དང་། སྡེ་དགེ་དྲུང་འཚོ་བ་གུ་རུ་འཕེལ་གྱིས་མཛད་པའི་སྨན་གྱི་བརྡ་བསྡུས་དང་གབ་མིང་འགའ་ཞིག་བཀྲོལ་བ་བློ་གསལ་མགྲིན་པའི་རྒྱན་ལས། མིང་བདུན་སྲིང་གཅིག་ཅེས་བྲག་སྐྱ་ཧ་བོའི་མིང་སྟེ། དེ་ལ་ཅིའི་ཕྱིར་མིང་དེ་ལྟར་བཏགས་ཤེ་ན། སྔོན་ལྷ་དང་ལྷ་མིན་གྱི་བདུད་རྩི་འདོད་ནས་རྒྱ་མཚོ་བསྲུབས་པའི་ཚེ་དུག་གི་སྐྱེས་བུ་ཧ་ལ་ཞེས་བྱ་བ་ཞིག་བྱུང་བས་དེ་ལ་ཚངས་པས་ཧཱུྃ་རིང་གིས་གཟིར་བས་སྣང་གཟུགས་ཞི་ནས་རྒྱུ་བ་དང་། མི་རྒྱུ་བའི་དུག་རིགས་སོ་སོར་ཐིམ་པས། མི་རྒྱུ་བའི་དུག་གི་ནང་ཚན་དུག་ལྔའི་རང་མདངས་ལས་བྱུང་བའི་བཙན་དུག་རིགས་ལྔ་དང་། ར་དུག སྤྱང་དུག་བཅས་རིགས་བདུན་སྐྱེས་ཏེ་སྐྱེ་འགྲོའི་སྲོག་འཕྲོག་པར་རྩོམ་པའི་ཚེ། སྨན་གྱི་ལྷ་མོའི་མངོན་མཁྱེན་གྱིས་གང་གི་དུག་དེས་འགྲོ་བའི་སྲོག་འཕྲོག་པར་གཟིགས། ནད་དེ་དག་གི་སྟོབས་ནུས་འཇོམས་བྱེད་ཀྱི་གཉེན་པོའི་སྨན་ཞིག་སྐྱེ་བར་སྨོན་ལམ་བཏབ་པས་བདུད་རྩི་བྲག་སྐྱ་ཧ་བོ་ཞེས་དུག་རིགས་ཐམས་ཅད་འཇོམས་བྱེད་ཀྱི་སྨན་མཆོག་འདི་འཁྲུངས་པས་མིང་ཡང་དེ་ལྟར་དུ་གྲགས་སོ། །ཞེས་སོ། །

language:
Tibetan