- mu khri btsan po/
- ID:
- T148417
- མུ་ཁྲི་བཙན་པོ (Tibetan, Tibetan script, Original)
- > mu khri btsan po/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > mutri tsenpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Ives Waldo Dictionary
-
mu khri btsan po: 1) gnya' khri btsan po dang gnam mug mug gnyis kyi sras, bod rgyal gdung rabs gnyis pa yin la, gnam gyi khri bdun du grags pa'i gnyis pa'ang yin,; 2) khri srong lde btsan gyi sras su gyur pa'i mu khri btsan po ni, mkhas pa'i dga' ston du de'i sras che ba dang, deb dmar du de'i sras gnyis pa yin yang chung dus nas 'das zhes dang, dpyid kyi rgyal mo'i glu dbyangs su mu ne btsan po dang 'di gnyis don gcig ming gi rnam grangs yin par bshad do
- language:
- English
-
mu khri btsan po
- language:
- English
4. bod rgya tshig mdzod chen mo
[2100] 1༽ གཉའ་ཁྲི་བཙན་པོ་དང་གནམ་མུག་མུག་གཉིས་ཀྱི་སྲས། བོད་རྒྱལ་གདུང་རབས་གཉིས་པ་ཡིན་ལ། གནམ་གྱི་ཁྲི་བདུན་དུ་གྲགས་པའི་གཉིས་པའང་ཡིན། ... 2༽ ཁྲི་སྲོང་ལྡེ་བཙན་གྱི་སྲས་སུ་གྱུར་པའི་མུ་ཁྲི་བཙན་པོ་ནི། མཁས་པའི་དགའ་སྟོན་དུ་དེའི་སྲས་ཆེ་བ་དང། དེབ་དམར་དུ་དེའི་སྲས་གཉིས་པ་ཡིན་ཡང་ཆུང་དུས་ནས་འདས་ཞེས་དང། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སུ་མུ་ནེ་བཙན་པོ་དང་འདི་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པར་བཤད་དོ། ...
- language:
- English
5. dung dkar bod rig pa'i tshig mdzod chen mo
(མུག་ཁྲི་བཙན་པོ་ཞེས་པའང་སྣང)བོད་རྒྱལ་གཉིས་པ། གནམ་གྱི་ཁྲི་བདུན་གྱི་ཡ་གྱལ། ཡབ་གཉའ་ཁྲི་བཙན་པོ་དང་ཡུམ་མུ་ཚོ་བཟའ་གཉིས་ཀྱི་སྲས། བོན་གྱི་ལོ་རྒྱུས་ལྟར་ན། བཙན་པོ་འདིས་གསས་མཁར་ཁོ་མ་ནག་ཆུང་བཞེངས། ཞང་ཞུང་ནས་མཁས་པ་ཆེན་པོ་གཤེན་ནམ་མཁའ་སྣང་བ་མདོག་ཅན་ལ་སོགས་པ་བརྒྱ་བམ་རྩ་བརྒྱད་གདན་དྲངས། བོད་དུ་བོན་གྱི་འདུ་གནས་བཞི་བཅུ་རྩ་ལྔ་བཙུགས། བོན་གྱི་གསུངས་རབ་མདོ་འབུམ་རྒྱུད་མཛོད་སོགས་པོ་ཏི་མང་པོ་བསྒྱུར། དེ་ཡང་། དག་པ་ལྷ་ཡི་ཡི་གེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར། སྟག་གཟིག་སྤུངས་ཡིག་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར། ཡིག་རྒན་སྨར་སྦྲག་ཏུ་བསྒྱུར། དེ་སྨར་ཆེ་དང་སྨར་ཆུང་དུ་བསྒྱུར། སྨར་ཆེན་དབུ་ཆེན་ནམ་གཟབ་ཏུ་བསྒྱུར། ཡིག་སྣ་འབྲུ་མ་ལས་བརྩམ་སོ་ཞེས་དུས་དེའི་སྐབས་སུ་བོད་དུ་ཡི་གེ་ཡོད་པར་གསུངས། མུ་ཁྲི་ནི་བོད་དུ་གཡུང་དྲུང་བོན་དར་རྒྱས་མཛད་མཁན་གཙོ་བོ་ཡིན་ཞིང་། བོན་རྣམས་ཀྱིས་ཁོང་ལ་བརྩི་བཀུར་ཆེན་པོ་བྱེད། སྐྭ་གཤེན་ཅོའུ་ལན་ཚས་མཛད། ས་དིང་མ་འམ་ས་སྨན་ཏིང་ཏིང་མ་ཁབ་ཏུ་བཞེས་པར་སྲས་དིང་ཁྲི་བཙན་པོ་འཁྲུངས།
- language:
- Tibetan
6. Thupten Phuntsok Dictionary
(1)གཉའ་ཁྲི་བཙན་པོ་དང་གནམ་མུག་མུག་གཉིས་ཀྱི་སྲས། བོད་རྒྱལ་གདུང་རབས་གཉིས་པ་ཡིན་ལ། གནམ་གྱི་ཁྲི་བདུན་དུ་གྲགས་པའི་གཉིས་པའང་ཡིན། བོན་གྱི་བླ་བརྒྱུད་དུ་མཚན་སྙན་ཆེ་བའི་སློབ་དཔོན་ཞིག་ཀྱང་ཡིན། (2)ཁྲི་སྲོང་ལྡེ་བཙན་གྱི་སྲས་སུ་གྱུར་པའི་མུ་ཁྲི་བཙན་པོ་ནི། མཁས་པའི་དགའ་སྟོན་དུ་དེའི་སྲས་ཆེ་བ་དང་། དེབ་དམར་དུ་དེའི་སྲས་གཉིས་པ་ཡིན་ཡང་ཆུང་དུས་ནས་འདས་ཞེས་དང་། དཔྱིད་ཀྱི་རྒྱལ་པོའི་གླུ་དབྱངས་སུ་མུ་ནེ་བཙན་པོ་དང་འདི་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པར་བཤད་དོ། །
- language:
- Tibetan
7. smon lam tshig mdzod chen mo
-
1.གཉའ་ཁྲི་བཙན་པོ་དང་གནམ་མུག་མུག་གཉིས་ཀྱི་སྲས། བོད་རྒྱལ་གདུང་རབས་གཉིས་པ་ཡིན་ལ། གནམ་གྱི་ཁྲི་བདུན་དུ་གྲགས་པའི་གཉིས་པའང་ཡིན།
- language:
- Tibetan
-
2.ཁྲི་སྲོང་ལྡེ་བཙན་གྱི་སྲས་སུ་གྱུར་པའི་མུ་ཁྲི་བཙན་པོ་ནི། མཁས་པའི་དགའ་སྟོན་དུ་དེའི་སྲས་ཆེ་བ་དང༌། དེབ་དམར་དུ་དེའི་སྲས་གཉིས་པ་ཡིན་ཡང་ཆུང་དུས་ནས་འདས་ཞེས་དང༌། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སུ་མུ་ནེ་བཙན་པོ་དང་འདི་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པར་བཤད་དོ། །
- language:
- Tibetan
8. gangs can mkhas grub rim byon ming mdzod
ཁོང་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་ནང་དུ་ཡུམ་བུ་བླ་སྒང་དུ་ཡབ་རྒྱལ་པོ་གཉའ་ཁྲི་བཙན་པོ་དང་། ཡུམ་བཙུན་མོ་གནམ་མུག་མུག་གམ་མུ་ཚོ་བཟའ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བོན་[1297]གྱི་ལོ་རྒྱུས་ལས་བཙན་པོ་འདིས་ས་སྨན་ཏིང་ཏིང་མའམ་ས་དིང་དིང་མ་ཁབ་ཏུ་བཞེས། སྐུ་གཤེན་ཅོའུ་ལན་ཚས་མཛད། གསས་མཁར་ཁོ་མ་ནེའུ་ཆུང་བཞེངས། ཞང་ཞུང་ནས་མཁས་པ་ཆེན་པོ་གཤེན་ནམ་མཁའ་སྣང་བ་མདོག་ཅན་ལ་སོགས་པ་བརྒྱ་དང་རྩ་བརྒྱད་གདན་དྲངས། བོད་དུ་བོན་གྱི་འདུ་གནས་ཆེན་པོ་བཞི་བཅུ་རྩ་ལྔ་བཙུགས། བོན་གྱི་གསུང་རབ་མདོ་འབུམ་རྒྱུད་མཛོད་སོགས་པོ་ཏི་མང་པོ་བསྒྱུར་ཞེས་དང་། བོན་ཆོས《ལུང་གི་སྙིང་པོ》ལས་ “དག་པ་ལྷ་ཡི་ཡི་གེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར། སྟག་གཟིག་གི་སྤུངས་ཡིག་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར། ཡིག་རྒན་སྨར་སྦྲག་ཏུ་བསྒྱུར། དེ་སྨར་ཆེ ཆུང་དུ་བསྒྱུར། སྨར་ཆེན་དབུ་ཆེན་ནམ་གཟབ་ཏུ་བསྒྱུར། ཡིག་སྣ་འབྲུ་མ་ལས་བརྩམས་སོ།” ཞེས་གསུངས་སོ། ཁོང་གི་བང་སོ་གནམ་ལ་བཏབ། ཁོང་ནི་གནམ་གྱི་ཁྲི་བདུན་ལས་ཁྲི་གཉིས་པ་ཡིན་ནོ། །
- language:
- Tibetan