Skip to main content Skip to search
mu tig btsan po/
ID:
T148469
  • མུ་ཏིག་བཙན་པོ (Tibetan, Tibetan script, Original)
    • > mu tig btsan po/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > mutik tsenpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

  • མུ་ཏིག་བཙན་པོ་ [deb ther dmar po dang mkhas pa'i dga' ston du khri srong lde btsan la sras bzhi yod pa'i gsum pa yin la, blon po zhang gi bu bsad pas byang du spyugs, phyis su mu ne btsan po 'das rjes byang nas gdan drangs te rgyal sar 'jog rtsis byas kyang, btsun mo zhang sna nam bzas chibs dkrogs te rta las lhung nas 'das zhes bshad kyang, dpyid kyi rgyal mo'i glu dbyangs su spyugs pa de sras 'bring ba mu rug btsan po yin pa las, mu tig btsan po ni sad na legs mjing yon gyi ming yin par bshad do 1 of the three sons of Trisong detsen

    language:
    Tibetan
  • king མུ་ཏིག་བཙན་པོ་

    language:
    English

2. bod rgya tshig mdzod chen mo

[2101] དེབ་ཐེར་དམར་པོ་དང་མཁས་པའི་དགའ་སྟོན་དུ་ཁྲི་སྲོང་ལྡེ་བཙན་ལ་སྲས་བཞི་ཡོད་པའི་གསུམ་པ་ཡིན་ལ། བློན་པོ་ཞང་གི་བུ་བསད་པས་བྱང་དུ་སྤྱུགས། ཕྱིས་སུ་མུ་ནེ་བཙན་པོ་འདས་རྗེས་བྱང་ནས་གདན་དྲངས་ཏེ་རྒྱལ་སར་འཇོག་རྩིས་བྱས་ཀྱང། བཙུན་མོ་ཞང་སྣ་ནམ་བཟས་ཆིབས་དཀྲོགས་ཏེ་རྟ་ལས་ལྷུང་ནས་འདས་ཞེས་བཤད་ཀྱང། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སུ་སྤྱུགས་པ་དེ་སྲས་འབྲིང་བ་མུ་རུག་བཙན་པོ་ཡིན་པ་ལས། མུ་ཏིག་བཙན་པོ་ནི་སད་ན་ལེགས་མཇིང་ཡོན་གྱི་མིང་ཡིན་པར་བཤད་དོ། ...

language:
English

3. dung dkar bod rig pa'i tshig mdzod chen mo

ཡབ་ཁྲི་སྲོང་ལྡེ་བཙན་དང་ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཉིས་ཀྱི་སྲས་སུ་བོད་ཆུ་ཡོས་(༨༢༣)ལོར་འཁྲུངས་ཞེས་གྲགས། འདི་རྒྱལ་བློན་བཀའ་གྲོས་གནང་སར་བྱོན་པས་བློན་པོ་ཞང་སྣ་ནམ་གྱི་བུ་དབུ་རིང་གིས་བཀག་པར་སྲས་ཀྱིས་ཆུ་གྲི་བསྣུན་ཏེ་ཞང་གི་བུ་དབུ་རིང་བསད། དེའི་ཉེས་པར་བློན་པོ་མགོས་ཀྱིས་ཞལ་ལྕེ་དགའ་གསུམ་དང་སྡུག་གསུམ་བཅད་པའི་དོན་བཞིན་ལྷོ་བྲག་གམ་མོན་དུ་ལོ་དགུ་སྤྱུགས། མུ་ནེ་བཙན་པོ་སྐུ་གཤེགས་རྗེས་འདི་ཉིད་གདན་དྲངས་ཏེ་རྒྱལ་སར་བསྐོ་བར་བྱས་པ་ལས་སྔར་སྣ་ནམ་པས་ཤ་འཁོན་བཟུང་སྟེ་ལམ་བར་དུ་ཆིབས་དཀྲོག་ནས་བཀྲོངས་ཞེས་ལོ་རྒྱུས་ཡིག་ཚང་དུ་ནང་གསལ་རུང་། 《ཆོས་འབྱུང་མཁས་པའི་དགའ་སྟོན》ལྕགས་དཔར་ཤོག་གྲངས་༤༠༥ནང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གླང་ལོ་པ་དྲུག་ཆུ་རྩ་གཅིག་ལ་ལོགསར་ལ་མཚན་མོ་རྟ་རྒྱུག་པས་ཆིབས་ཀྱིས་བསྐྱུར་ནས་འདས། དེ་གསང་ནས་ལོ་གསུམ་སློབ་དཔོན་གྱིས་རྒྱལ་སྲིད་བཟུང་ནས་མུ་ཏིག་བཙན་པོ་བསྐོས། དེ་དུས་སློབ་དཔོན་སྲིན་ཡུལ་དུ་གཤེགས་ལ་ཐམས་ཅད་ཀྱིས་གཤེགས་སྐྱེལ་བྱས་ཞེས་སྣང་ཡང་འདི་སྐབས་ཕལ་ཆེར་བོད་ཕྱི་རབས་ཀྱི་རྩོམ་རིགས་ཁོ་ན་སྣང་བས་ལྷད་བསྲེས་པ་ཞིག་ཡིན་པར་དོགས་ལ། རྒྱལ་སྲས་ཁྲིད་ཤོག་ཟེར་ནས་ལུང་བསྟན་མཛད་ཟེར་བ་ལ་དཔགས་ན་སད་ན་ལེགས་དང་མུ་ཏིག་བཙན་པོ་ནོར་སོགས་ཀྱིས་དཔྱད་མི་བཟོད་པ་ཅིག་སྣང་ཞེས་གསལ་བ་མ་ཟད། ཁྲི་ལྡེ་སྲོང་བཙན་(སད་ན་ལེགས་མཇིང་ཡོན)སྐུ་དུས་བསྐྲུན་པའི་དབུས་སྟོད་ཞྭ་ལྷ་ཁང་གི་གཙིགས་ཀྱི་རྡོ་རིང་ནང་། མུ་ཏིག་བཙན་པོ་གཅུང་ཁྲི་ལྡེ་སྲོང་བཙན་བཙན་པོའི་ཁྲི་ལ་འཁོད་རྗེས་ཀྱང་ད་དུང་བཞུགས་ཡོད་པ་གསལ་ལོ། །མུ་ཏིག་བཙན་པོའི་བང་སོ་ནི་དཁའ་མདའ་ན་ཡིཝོད། མིང་ནི་སྐྱ་ལྡེམས་ལགས་སོ་སྐད།

language:
Tibetan

4. Thupten Phuntsok Dictionary

ཡབ་ཁྲི་སྲོང་ལྡེ་བཙན་དང་ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཉིས་ཀྱི་སྲས་སུ་སྤྱི་ལོ་༧༦༣པ་ཆུ་ཡོས་ལོར་སྐུ་འཁྲུངས། དགུང་ལོ་༡༨པར་གཅེན་མུ་ནེ་བཙན་པོ་རྒྱལ་སར་འཁོད། ལོ་དེར་ཞང་གི་བུ་དབུ་རིང་བསད་པའི་རྐྱེན་གྱིས་ལོ་དགུའི་རིང་ཞང་སྟོད་དུ་ཡུལ་ཕུད་པའི་ཆད་པ་བཅད། དགུང་ལོ་སོ་ལྔ་པ་མེ་གླང་ལོར་གཅེན་སྐུ་གཤེགས་པ་དང་མུ་ཏིག་བཙན་པོ་རྒྱལ་སར་འཁོད། སྐབས་དེར་དམག་ཤུགས་ཧ་ཅང་ཆེ་བས་ཕྱོགས་བཞིའི་རྒྱལ་ཁབ་རྣམས་ལ་དཔུང་འཇུག་བྱས། རྒྱ་གར་གྱི་རྒྱལ་པོ་དྷརྨ་པཱ་ལ་བོད་དུ་ཁྲིད་ནས་བཟང་བཙོན་བྱས་པར་གྲགས། དགུང་ལོ་ཞེ་གཉིས་པ་ཤིང་སྤྲེལ་སྤྱི་ལོ་༨༠༤ལོར་ཕོ་སྤོངས་བཟའ་འམ་སྣ་ནམ་པས་ངན་ཇུས་ཀྱིས་བཀྲོངས། དེབ་ཐེར་དམར་པོ་དང་མཁས་པའི་དགའ་སྟོན་དུ་ཁྲི་སྲོང་ལྡེ་བཙན་ལ་སྲས་བཞི་ཡོད་པའི་གསུམ་པ་ཡིན་ལ། བློན་པོ་ཞང་གི་བུ་བསད་པས་བྱང་དུ་སྤྱུགས། ཕྱིས་སུ་མུ་ནེ་བཙན་པོ་འདས་རྗེས་བྱང་ནས་གདན་དྲངས་ཏེ་རྒྱལ་སར་འཇོག་རྩིས་བྱས་ཀྱང་། བཙུན་མོ་ཞང་སྣ་ནམ་བཟས་ཆིབས་དཀྲོགས་ཏེ་རྟ་ལས་ལྷུང་ནས་འདས་ཞེས་བཤད་ཀྱང་། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སུ་སྤྱུགས་པ་དེ་སྲས་འབྲིང་བ་མུ་རུག་བཙན་པོ་ཡིན་པ་ལས། མུ་ཏིག་བཙན་པོ་ནི་སད་ན་ལེགས་མཇིང་ཡོན་གྱི་མིང་ཡིན་པར་བཤད་དོ། །

language:
Tibetan

5. smon lam tshig mdzod chen mo

དེབ་ཐེར་དམར་པོ་དང་མཁས་པའི་དགའ་སྟོན་དུ་ཁྲི་སྲོང་ལྡེ་བཙན་ལ་སྲས་བཞི་ཡོད་པའི་གསུམ་པ་ཡིན་ལ། བློན་པོ་ཞང་གི་བུ་བསད་པས་བྱང་དུ་སྤྱུགས། ཕྱིས་སུ་མུ་ནེ་བཙན་པོ་འདས་རྗེས་བྱང་ནས་གདན་དྲངས་ཏེ་རྒྱལ་སར་འཇོག་རྩིས་བྱས་ཀྱང༌། བཙུན་མོ་ཞང་སྣ་ནམ་བཟས་ཆིབས་དཀྲོགས་ཏེ་རྟ་ལས་ལྷུང་ནས་འདས་ཞེས་བཤད་ཀྱང༌། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སུ་སྤྱུགས་པ་དེ་སྲས་འབྲིང་བ་མུ་རུག་བཙན་པོ་ཡིན་པ་ལས། མུ་ཏིག་བཙན་པོ་ནི་སད་ན་ལེགས་མཇིང་ཡོན་གྱི་མིང་ཡིན་པར་བཤད་དོ། །

language:
Tibetan

6. gangs can mkhas grub rim byon ming mdzod

ཁོང་ནི་བོད་ལུགས་ཆུ་མོ་ཡོས་ལོ་སྟེ་སྤྱི་ལོ 763 ལོར་ཡབ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་། ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བོད་ལུགས་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ 804 ལོར་[1298]སྐུ་གཤེགས། ཁོང་དགུང་ལོ་སུམ་ཅུ་སོ་ལྔ་པ་མེ་མོ་གླང་ལོ་སྟེ་སྤྱི་ལོ 797 ལོར་གཅེན་རྒྱལ་པོ་མུ་ནེ་བཙན་པོ་ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གྱིས་དུག་དྲངས་ནས་བཀྲོངས་རྗེས། མི་འཇིགས་གདོང་ལྔའི་ཁྲི་ལ་བཞུགས་ཏེ་རྒྱལ་སྲིད་ལོ་ངོ་བརྒྱད་ཀྱི་རིང་དུ་བསྐྱངས་ནས་དགུང་ལོ་བཞི་བཅུ་ཞེ་གཉིས་པར་སྐུ་གཤེགས་སོ། བང་སོ་ནི་དོན་མཁར་མདའ་རུ་བརྩིགས་ཏེ་མིང་ལ་ཀྱ་རི་ཀྱང་ལྡེམ་ཞེས་ཟེར། གོང་གི་ལོ་ཚིགས་འདི་དག་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཐུབ་བསྟན་ཕུན་ཚོགས་ཀྱིས《བོད་ལྗོངས་ཞིབ་འཇུག》ཐོག་ཏུ་བཀོད་པའི《ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་གླང་དར་མའི་བར་གྱི་རྒྱལ་རབས་ལོ་ཚིགས་ལ་དཔྱད་པ》ཞེས་པའི་ལྟ་བ་བཞིན་བཀོད་པ་ཡིན་ནོ།།

language:
Tibetan