Skip to main content Skip to search
mu 'brel ri mo/
ID:
T148570
  • མུ་འབྲེལ་རི་མོ (Tibetan, Tibetan script, Original)
    • > mu 'brel ri mo/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > mundrel rimo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

comic strip/ book, illustrated story

language:
English

2. Thupten Phuntsok Dictionary

ལོ་རྒྱུས་སམ། ཡང་ན་དོན་རྐྱེན་ཞིག་གོང་འཕེལ་གྱི་བརྒྱུད་རིམ་མཚོན་པའི་སྒོ་ནས་མུ་འབྲེལ་ཏེ་བྲིས་པའི་རི་མོའི་རྣམ་པ་ཞིག་ཡིན། དེར་རྒྱུན་མཐུད་རང་བཞིན་དང་། ལོ་རྒྱུས་རང་བཞིན་གྱི་ཁྱད་ཆོས་ལྡན་ཡོད། མུ་འབྲེལ་རི་མོ་ཞེས་པ་དེ་དུས་རབས་ཉི་ཤུ་པའི་དུས་འགོར་བྱུང་བ་ཞིག་ཡིན། གཙོ་བོ་རྩོམ་རིག་བརྩམ་བྱ་དང་། དམངས་ཁྲོད་སྒྲུང་གཏམ། ལོ་རྒྱུས་སྒྲུང་གཏམ་སོགས་བརྗོད་བྱར་བྱས་ནས་དང་ཐོག་གཞི་འཛིན་སའི་དཔེ་ཆ་དེ་སྙིང་སྡུད་བྱས་རྗེས། གཞི་ནས་རི་མོའི་ལམ་དུ་འགོད་པ་དང་། གནས་ཚུལ་དུམ་བུ་རེ་མཚོན་པའི་རི་མོ་རེ་འབྲི་དགོས་པ་མ་ཟད། རྒྱབ་མདུན་དང་གནས་ཚུལ་གྱི་གོ་རིམ་ལྟར་འགོ་མཇུག་མཐུད་ནས་འབྲི་དགོས། སྤྱིར་བཏང་སྣག་བཅད་ཀྱིས་གཙོ་བོ་བྱེད་པ་དང་སྐབས་འགར་ཚོན་ཁྲ་དང་པར་རིས་བྱས་ཀྱང་འགྲིག

language:
Tibetan