Skip to main content Skip to search
mer khri btsan po/
ID:
T149854
  • མེར་ཁྲི་བཙན་པོ (Tibetan, Tibetan script, Original)
    • > mer khri btsan po/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > mertri tsenpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

  • king མེར་ཁྲི་བཙན་པོ་ [son of so khri btsan po and dog mer mer, bod rgyal gdung rabs 5th, gnam gyi khri bdun du grags pa'i lnga pa

    language:
    English
  • king མེར་ཁྲི་བཙན་པོ་

    language:
    English

2. Jim Valby Dictionary

Tibetan king

language:
English

3. bod rgya tshig mdzod chen mo

[2116] སོ་ཁྲི་བཙན་པོ་དང་དོག་མེར་མེར་གཉིས་ཀྱི་སྲས། བོད་རྒྱལ་གདུང་རབས་ལྔ་པ་ཡིན་ལ། གནམ་གྱི་ཁྲི་བདུན་དུ་གྲགས་པའི་ལྔ་པའང་ཡིན་ནོ། ...

language:
English

4. dung dkar bod rig pa'i tshig mdzod chen mo

(དོག་ཁྲི་བཙན་པོའམ་དི་ཁྲི་བཙན་པོ་ཞེས་པའང་སྣང)བོད་རྒྱལ་ལྔ་པ། གནམ་གྱི་ཁྲི་བདུན་གྱི་ཡ་གྱལ། ཡབ་སོ་ཁྲི་བཙན་པོ་དང་ཡུམ་དོག་མེར་མེར་གཉིས་ཀྱི་སྲས། སྐུ་གཤེན་ཅོའུ་ཤང་ས་དཀར་གྱིས་བྱས། གསས་མཁར་ཟོ་བོ་ཁྱུང་ནག་བཞེངས། གདགས་ལྷ་དཀར་མོའམ་དར་བཟའ་ཁབ་ཏུ་བཞེས་པར་སྲས་གདགས་ཁྲི་བཙན་པོ་འཁྲུངས།

language:
Tibetan

5. Thupten Phuntsok Dictionary

སོ་ཁྲི་བཙན་པོ་དང་དོག་མེར་མེར་གཉིས་ཀྱི་སྲས། བོད་རྒྱལ་གདུང་རབས་ལྔ་པ་ཡིན་ལ། གནམ་གྱི་ཁྲི་བདུན་དུ་གྲགས་པའི་ལྔ་པའང་ཡིན་ནོ།

language:
Tibetan

6. smon lam tshig mdzod chen mo

སོ་ཁྲི་བཙན་པོ་དང་དོག་མེར་མེར་གཉིས་ཀྱི་སྲས། བོད་རྒྱལ་གདུང་རབས་ལྔ་པ་ཡིན་ལ། གནམ་གྱི་ཁྲི་བདུན་དུ་གྲགས་པའི་ལྔ་པའང་ཡིན་ནོ། །

language:
Tibetan

7. gangs can mkhas grub rim byon ming mdzod

ཁོང་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པའི་ནང་དུ་ཡབ་རྒྱལ་པོ་སོ་ཁྲི་བཙན་པོ་དང་། ཡུམ་སེ་བཟའ་སྨན་མོའམ་དོག་མེར་མེར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གི་སྐུ་གཤེན་ནི་ཅོའུ་ཤངས་དཀར་གྱིས་མཛད། གསས་མཁར་ཟོ་བོ་ཁྱུང་ལག་བཞེངས་ཤིང་བཙུན་མོ་གདགས་ལྷ་དཀར་མོའམ་དར་བཟའ་མ་ཁབ་ཏུ་བཞེས་ཏེ་རིགས་སྲས་གདགས་ཁྲི་བཙན་པོའམ་ཁྲི་སྤེ་བཙན་པོ་སྐུ་འཁྲུངས་སོ། ཁོང་གི་མཚན་གཞན་ལ《ཏུན་ཧོང་གཏེར་ཡིག》ལས་དེ་ཁྲི་བཙན་པོ་ཞེས་འཁོད་འདུག ཁོང་གི་བང་སོ་གནམ་ལ་བཏབ། ཁོང་ནི་གནམ་གྱི་ཁྲི་བདུན་ལས་ཁྲི་ལྔ་བ་ཡིན་ནོ། །

language:
Tibetan