Skip to main content Skip to search
gtsang sman ye shes bzang po/
ID:
T154964
  • གཙང་སྨན་ཡེ་ཤེས་བཟང་པོ (Tibetan, Tibetan script, Original)
    • > gtsang sman ye shes bzang po/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsangmen yeshé zangpo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

  • གཙང་སྨན་ཡེ་ཤེས་བཟང་པོ་ [lha sa lcags po ri'i gso rig 'gro phan gling gi sman pa mkhas chen zhig ste, rab byung bcu gnyis pa'i smadtsamdu rgyal dbang sku phreng bdun pa bskal bzang rgya mtsho dang, pho lha bsod nams stobs rgyal gnyis kyis mdo smad du ching wang bstan 'dzin dbang phyug gi bla sman du btang bas, lo shas ring bla sman pa mdzad de rjes su mdo smad bla brang bkra shis 'khyil du phebs nas sman pa grva tshang btsugs, rdo rje rab 'byams dang, sog po mer gan aem chi blo bzang dar rgyas sogs slob ma mang po bskyangs, bka' rtsom yang sman sbyor gces bsdus dang, byang khog yul thig rtsa 'grel sogs mdzad, gso rig rgyud bzhi'i khrid rgyun dang sman ngos 'dzin gyi skor sogs lag len dmar khrid srol gtod pa sogs mdo smad byang rgyud du gso rig la mdzad rjes shin tu che zhing da lta'i bar du phyag len de dag gi srol rgyun ma nyams par gnas so]

    language:
    Tibetan
  • གཙང་སྨན་ཡེ་ཤེས་བཟང་པོ་

    language:
    Tibetan

2. bod rgya tshig mdzod chen mo

[2191] ལྷ་ས་ལྕགས་པོ་རིའི་གསོ་རིག་འགྲོ་ཕན་གླིང་གི་སྨན་པ་མཁས་ཆེན་ཞིག་སྟེ། རབ་བྱུང་བཅུ་གཉིས་པའི་སྨད་ཙམ་དུ་རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་དང། ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གཉིས་ཀྱིས་མདོ་སྨད་དུ་ཆིང་ཝང་བསྟན་འཛིན་དབང་ཕྱུག་གི་བླ་སྨན་དུ་བཏང་བས། ལོ་ཤས་རིང་བླ་སྨན་པ་མཛད་དེ་རྗེས་སུ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་སྨན་པ་གྲྭ་ཚང་བཙུགས། རྡོ་རྗེ་རབ་འབྱམས་དང། སོག་པོ་མེར་གན་ཨེམ་ཆི་བློ་བཟང་དར་རྒྱས་སོགས་སློབ་མ་མང་པོ་བསྐྱངས། བཀའ་རྩོམ་ཡང་སྨན་སྦྱོར་གཅེས་བསྡུས་དང། བྱང་ཁོག་ཡུལ་ཐིག་རྩ་འགྲེལ་སོགས་མཛད། གསོ་རིག་རྒྱུད་བཞིའི་ཁྲིད་རྒྱུན་དང་སྨན་ངོས་འཛིན་གྱི་སྐོར་སོགས་ལག་ལེན་དམར་ཁྲིད་སྲོལ་གཏོད་པ་སོགས་མདོ་སྨད་བྱང་རྒྱུད་དུ་གསོ་རིག་ལ་མཛད་རྗེས་ཤིན་ཏུ་ཆེ་ཞིང་ད་ལྟའི་བར་དུ་ཕྱག་ལེན་དེ་དག་གི་སྲོལ་རྒྱུན་མ་ཉམས་པར་གནས་སོ། ...

language:
English

3. dung dkar bod rig pa'i tshig mdzod chen mo

རྗེ་འདི་ནི་ལྷ་ས་ལྕགས་པོ་རིའི་གསོ་རིག་འགྲོ་ཕན་གླིང་གི་སྨན་པ་མཁས་ཅན་ཞིག་ཡིན། སྐུ་ཆུང་དུས་ནས་གསོ་རིག་ལ་སྦྱངས་བརྩོན་མཛད་ཅིང། ཁྱད་པར་དུ་དགུང་ལོ་བཅོ་བརྒྱད་ལ་ལྷ་ས་ལྕགས་པོ་རིར་ཕེབས་རྗེས་བླ་སྨན་ཐབས་མཁས་སོགས་དགེ་བའི་བཤེས་གཉེན་དུ་བཀུར་ཏེ་ལོ་ངོ་བཅོ་བརྒྱད་རིང་རྒྱུད་བཞི་དང་སྨན་གྱི་ལག་ལེན་སོགས་ལེགས་པར་སྦྱངས་ནས་མཁས་པར་གྱུར། དགུང་ལོ་སོ་བདུན་ལ་ཕེབས་པ་རབ་བྱུང་བཅུ་གཉིས་པའི་སྨད་ཙམ་དུ་རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་དང། ཕོ་ལྷ་བསོད་ནམས་སྟོབས་རྒྱས་གཉིས་ཀྱིས་རྗེ་ཉིད་མདོ་སྨད་དུ་ཆིང་ཝང་བསྟན་འཛིན་དབང་ཕྱུག་གི་བླ་སྨན་དུ་ཕེབས་དགོས་ཀྱི་བཀའ་བསྒོས་དང་དུ་བཞེས་ནས་ལོ་ཤས་རིང་བླ་སྨན་པ་མཛད། བོད་སོག་གི་དོན་གཉེར་ཅན་མང་པོར་གསོ་རིག་གི་བརྒྱུད་སྤེལ། དེ་རྗེས་སུ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་སྨན་པ་གྲྭ་ཚང་བཙུགས། རྡོ་རྗེ་རབ་འབྱམས་དང། སོག་པོ་མེར་གན་ཨེམ་ཆི་བློ་བཟང་དར་རྒྱས་སོགས་སློབ་མ་མང་པོ་བསྐྱངས། རྒྱུད་བཞིའི་འཆད་ཉན་དང་ལུས་ཐིག་སོགས་ཀྱི་གསོ་རིག་སློབ་གཉེར་གྱི་སྲོལ་ལམ་ལེགས་པར་ཚུགས། བཀའ་རྩོམ་ཡང་<<སྨན་སྦྱོར་གཅེས་བསྡུས་>>དང། <<བྱང་ཁོག་ཡུལ་ཐིག་རྩ་འགྲེལ་>><<དུས་སུ་སྤྱོད་པའི་སྤྱོད་ལམ་ནད་མུན་བཞི་བརྒྱ་རྩ་བཞི་སེལ་བྱེད་ཚ་ཟེར་འབུམ་འཕྲོས་>> <<དངུལ་ཆུ་བཙོ་བཀྲུ་དང་རིན་ཆེན་རིལ་བུའི་དམར་ཁྲིད་ལག་ལེན་>> <<བཏུང་བ་ཆུ་ཡི་བཟང་ངན་དབྱེ་བའི་ཟིན་བྲིས་>> <<ཆིག་བརྒྱུད་གསང་སྨན་བདུད་རྩི་འཆི་གསོས་>>སོགས་པོ་ཏི་མང་པོ་མཛད། གསོ་རིག་རྒྱུད་བཞིའི་ཁྲིད་རྒྱུན་དང་སྨན་ངོས་འཛིན་གྱི་སྐོར་དང། ལག་ལེན་དམར་ཁྲིད་སྲོལ་གཏོད་པ་སོགས་མདོ་སྨད་བྱང་རྒྱུད་དུ་གསོ་རིག་ལ་མཛད་རྗེས་ཤིན་ཏུ་ཆེ་ཞིང་ད་ལྟའི་བར་དུ་ཕྱག་ལེན་དེ་དག་གི་སྲོལ་རྒྱུན་མ་ཉམས་པར་གནས་སོ། འཁྲུངས་འདས་ཀྱི་ལོ་ཚིགས་ཞིབ་པ་མ་རྙེད།

language:
Tibetan

4. Thupten Phuntsok Dictionary

ལྷ་ས་ལྕགས་པོ་རིའི་གསོ་རིག་འགྲོ་ཕན་གླིང་གི་སྨན་པ་མཁས་ཆེན་ཞིག་སྟེ། རབ་བྱུང་བཅུ་གཉིས་པའི་སྨད་ཙམ་དུ་རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་དང་། ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གཉིས་ཀྱིས་མདོ་སྨད་དུ་བཏང་བས། ལོ་ཤས་རིང་བླ་སྨན་པ་མཛད་དེ་རྗེས་སུ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་སྨན་པ་གྲྭ་ཚང་བཙུགས། རྡོ་རྗེ་རབ་འབྱམས་དང་། སོག་པོ་མེར་གན་ཨེམ་ཆི་བློ་བཟང་དར་རྒྱས་སོགས་སློབ་མ་མང་པོ་བསྐྱངས། བཀའ་རྩོམ་ཡང་སྨན་སྦྱོར་གཅེས་བསྡུས་དང་། བྱང་ཁོག་ཡུལ་ཐིག་རྩ་འགྲེལ་སོགས་མཛད། གསོ་རིག་རྒྱུད་བཞིའི་ཁྲིད་རྒྱུན་དང་སྨན་ངོས་འཛིན་གྱི་སྐོར་སོགས་ལག་ལེན་དམར་ཁྲིད་སྲོལ་གཏོད་པ་སོགས་མདོ་སྨད་བྱང་རྒྱུད་དུ་གསོ་རིག་ལ་མཛད་རྗེས་ཤིན་ཏུ་ཆེ་ཞིང་ད་ལྟའི་བར་དུ་ཕྱག་ལེན་དེ་དག་གི་སྲོལ་རྒྱུན་མ་ཉམས་པར་གནས་སོ།

language:
Tibetan

5. smon lam tshig mdzod chen mo

ལྷ་ས་ལྕགས་པོ་རིའི་གསོ་རིག་འགྲོ་ཕན་གླིང་གི་སྨན་པ་མཁས་ཆེན་ཞིག་རབ་བྱུང་བཅུ་གཉིས་པའི་སྨད་ཙམ་དུ་རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་དང༌། ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གཉིས་ཀྱིས་མདོ་སྨད་དུ་ཆིང་ཝང་བསྟན་འཛིན་དབང་ཕྱུག་གི་བླ་སྨན་དུ་བཏང་བས། ལོ་ཤས་རིང་བླ་སྨན་པ་མཛད་དེ་རྗེས་སུ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་སྨན་པ་གྲྭ་ཚང་བཙུགས། རྡོ་རྗེ་རབ་འབྱམས་དང༌། སོག་པོ་མེར་གན་ཨེམ་ཆི་བློ་བཟང་དར་རྒྱས་སོགས་སློབ་མ་མང་པོ་བསྐྱངས། བཀའ་རྩོམ་ཡང་སྨན་སྦྱོར་གཅེས་བསྡུས་དང༌། བྱང་ཁོག་ཡུལ་ཐིག་རྩ་འགྲེལ་སོགས་མཛད། གསོ་རིག་རྒྱུད་བཞིའི་ཁྲིད་རྒྱུན་དང་སྨན་ངོས་འཛིན་གྱི་སྐོར་སོགས་ལག་ལེན་དམར་ཁྲིད་སྲོལ་གཏོད་པ་སོགས་མདོ་སྨད་བྱང་རྒྱུད་དུ་གསོ་རིག་ལ་མཛད་རྗེས་ཤིན་ཏུ་ཆེ་ཞིང་ད་ལྟའི་བར་དུ་ཕྱག་ལེན་དེ་དག་གི་སྲོལ་རྒྱུན་མ་ཉམས་པར་གནས་སོ། །

language:
Tibetan

6. gangs can mkhas grub rim byon ming mdzod

ཁོང་ནི་རབ་བྱུང་བཅུ་གཉིས་པའི་མེ་མོ་ཕག་ལོ་སྟེ་སྤྱི་ལོ 1707 ལོར་གཙང་དུ་སྐུ་འཁྲུངས། འདས་ལོ་མི་གསལ། ཁོང་དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་སྦྱོར་ཀློག་དང་ཆོས་སྤྱོད་བཅས་ལ་བྱང་བར་མཛད། དགུང་ལོ་བཅོ་བརྒྱད་པར་ལྷ་སར་ཕེབས་ཏེ་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་ཞུགས་ནས་ལོ་ངོ་བཅུ་དགུའི་རིང་དུ་བླ་སྨན་ཐབས་མཁས་སོགས་ལ་བསྟེན་ཞིང་གསོ་རིག་དང་རྩིས་རིག་ལ་སྦྱངས་པ་དཔྱིས་ཕྱིན་པ་མཛད། དགུང་ལོ་སོ་བདུན་པ་རབ་བྱུང་བཅུ་གཉིས་པའི་ཆུ་མོ་ཕག་ལོ་སྟེ་སྤྱི་ལོ 1743 ལོར་རྒྱལ་བ་བསྐལ་བཟང་རྒྱ་མཚོའི་བཀའ་ལུང་ལྟར་མཚོ་སྔོན་གྱི་ཆིང་ཝང་བསྟན་འཛིན་དབང་ཕྱུག་གི་བླ་སྨན་དུ་མདོ་སྨད་ལ་ཕེབས། བླ་བྲང་བཀྲ་ཤིས་འཁྱིལ་དང་། བྱ་ཁྱུང་དགོན། རོང་བོ་དགོན་སོགས་སུ་བཞུགས་ནས་གསོ་རིག་གི་ཁྲིད་རྒྱུན་མང་དུ་སྤེལ་ནས་སློབ་མ་མང་པོ་གསོ་སྐྱོང་མཛད། དགུང་ལོ་དོན་བཞི་པ་རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་འབྲུག་ལོ་སྟེ་སྤྱི་ལོ 1784 ལོར་བླ་བྲང་ཆགས་ནས་གསོ་རིག་གཞན་ཕན་གླིང་ཕྱག་བཏབ་ཅིང་འཆད་ཉན་སྤེལ་བཞིན་དགོངས་པ་ཆོས་དབྱིངས་སུ་གཤེགས། ཁོང་གི་སློབ་མ་གྲགས་ཆེ་བ་ནི་རྡོ་རྗེ་རབ་འབྱམས་པ་དང་། ལྔ་རིག་བློ་བཟང་དར་རྒྱས་ཡིན། ཁོང་གི་གསུང་རྩོམ་ནི《ཕྱི་མ་འཕྲིན་ལས་རྒྱུད་ཀྱི་དཀའ་བའི་གནད་གསལ་འགྲེལ་ཆེན་དོན་གསལ་སྒྲོན་མེ》དང་། 《ཞལ་གདམས་མན་ངག་གནད་འགག་དོ་ཤལ་མཛེས་རྒྱན》། 《རྨ་རིགས་བཅོས་ཐབས་ཡང་ཞུན་ནོར་བུའི་དོ་ཤལ》། 《ཆིག་བརྒྱུད་གསང་[1346]སྨན་བདུད་རྩི་འཆི་གསོས》བཅས་ཆོས་ཚན་བཞི་བཅུ་ཞེ་དྲུག་ལོངས་པའི་པོད་གཅིག་བཞུགས་སོ། །

language:
Tibetan