Skip to main content Skip to search
rtsa dres ma/
ID:
T156104
  • རྩ་དྲེས་མ (Tibetan, Tibetan script, Original)
    • > rtsa dres ma/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsadrema (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Jim Valby Dictionary

a bodhisattva

language:
English

2. dung dkar bod rig pa'i tshig mdzod chen mo

ལོ་མང་སྐྱེ་བའི་རྩ་རིགས་ཤིག་ཡིན། ཨ་ར་འདྲ་བའི་རྩ་བ་མང་ལ་མཁྲིགས་པ་ལོ་མ་སྤུངས་ནས་སྐྱེ་བ། མེ་ཏོག་གི་མདོག་མུ་སྐྱ། འདབ་མ་དྲུག་པ། བོད་ཟླ་དང་པོ་ནས་གཉིས་པའི་བར་མེ་ཏོག་ཤར་བ། རང་ལྗོངས་ཀྱི་ཀླུང་ཐང་དང་། རི་ལྡེབས། ལམ་ཟུར་བཅས་ལ་སྐྱེ་བ་ཞིག་སྟེ། དེའི་ནུས་པ་ནི་ཚ་བ་དང་དུག་ནད་གཅིན་པ་འགག་པའི་ནད། ཁྲག་མང་པོ་བབས་པ་བཅས་ལ་ཕན་པ་ཞིག་ཡིན་པར། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་《ཤེལ་གོང་དང་ཤེལ་ཕྲེང་》ལས་གསལ།

language:
Tibetan

3. Thupten Phuntsok Dictionary

ལོ་མང་སྐྱེ་བའི་རྩ་རིགས་ཤིག་ཡིན། ཨ་ར་འདྲ་བའི་རྩ་བ་མང་ལ་མཁྲེགས་པ་ལོ་མ་སྤུངས་ནས་སྐྱེ་བ། མེ་ཏོག་གི་མདོག་སྨུག་སྐྱ། འདབ་མ་དྲུག་པ། བོད་ཟླ་དང་པོ་ནས་གཉིས་པའི་བར་མེ་ཏོག་ཤར། རང་ལྗོངས་ཀྱི་ཀླུང་ཐང་དང་། རི་ལྡེབས། ལམ་ཟུར་བཅས་ལ་སྐྱེ་ཞིག་སྟེ། དེའི་ནུས་པ་ནི་ཚ་བ་དང་དུག་ནད་གཅིན་པའི་ནད། ཁྲག་མང་པོ་བབས་པ་བཅས་ལ་ཕན་པ་ཞིག་ཡིན།

language:
Tibetan