- rtsa ba lnga/
- ID:
- T156157
- རྩ་བ་ལྔ (Tibetan, Tibetan script, Original)
- > rtsa ba lnga/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > tsawanga (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
the five principal medicines, ར་མཉེ་, (ཉེ་ཤིང་, ལྕ་བ་, བ་སྤྲུ་, གཟེ་མ་
- language:
- English
2. Ives Waldo Dictionary
-
the five principal medicines ར་མཉེ་, ཉེ་ཤིང་, ལྕ་བ་, བ་སྤྲུ་, གཟེ་མ་
- language:
- English
-
the five principal medicines
- language:
- English
3. Jim Valby Dictionary
five cardinal virtues (byams pa chen po, snying rje chen po, dge ba'i rtsa bas mi ngoms shing dge ba'i rtsa ba thams cad ngas yongs su bsngo ba, nyes pa brdul bas 'chags pa, theg pa gzhan mi 'dod), five medicinal roots are ra mnye, nye shing, lca ba, ba spru, gze ma
- language:
- English
4. Thupten Phuntsok Dictionary
ར་མཉེ་དང་། ཉེ་ཤིང་། ལྕ་བ། བ་སྤྲུ། གཟེ་མ་ལྔའི་བསྡུས་མིང་སྟེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་དྲི་མེད་ཤེལ་ཕྲེང་གི་བསྡུས་དོན་གསལ་བཀྲོལ་ལས། ར་མཉེ་ཉེ་ཤིང་ལྕ་བ་དང་བ་སྤྲུ་གཟེ་མ་རྩ་བ་ལྔ། ཞེས་གསུངས་པ་ལྟར་དང་། གཟེ་མ་འབྲས་བུ་ཡིན་པས་འདིར་རྩ་བའི་སྨན་གྱི་གྲངས་སུ་ཅིའི་ཕྱིར་འདྲེན་ནམ་སྙམ་ན། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། བོད་ཀྱི་རྩ་བ་ལྔའི་ནང་ཚན་གཟེ་མ་ནི་དཔའ་བོའི་ཡན་ལག་བརྒྱད་པ་སོགས་སུ་བྱི་ཚེར་ལ་བཞེད་ཀྱང་། རང་རེའི་ལྗོངས་འདིར་རྗེ་བཙུན་གཡུ་ཐོག་པ་ནས་བཟུང་མཁས་དབང་རིམ་བྱོན་རྣམས་ཀྱིས་ཕྱག་བཞེས་སུ་གཟེ་མའི་འབྲས་བུ་རྩ་བའི་སྨན་གྱི་གྲངས་སུ་བཀོད་པ་ནི་བོད་ཀྱི་དྲང་སྲོང་རྣམས་ཀྱིས་ཡུལ་དུས་དང་སྦྱར་བའི་མཁས་པའི་ཁྱད་ཆོས་ཡིན་ནོ། །ཞེས་དང་། གཞན་ཡང་རྨ་བཅོས་སྐབས་ཀྱི་རྩ་བ་ལྔ་ཞེས་པ་ནི་རེ་ལྕག་དང་། རི་ཤོ། སྤྲུ་མ། སྲུབ་ཀ། སྤྱང་ཚེར་ལྔ་ལ་གོ་དགོས་པར་མཆིས་ཏེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་མན་ངག་རྒྱུད་ཀྱི་འགྲེལ་པ་བཻ་ཌཱུར་སྔོན་པོ་ལས། སྨན་ནི་རྩ་བ་ལྔ་ཞེས་པ་འདིར་བ་སྤྲུ་བ་སྦྱོར་སྡེ་འདི་གར་བཤད་པས་རྩ་བ་ལྔ་ཕྱི་རྒྱུད་སྐབས་ལྟར་མ་ཡིན། ཡན་ལག་བརྒྱད་པ་ནས་བཤད་པའི་བིལྦ་ཀརྨ་ཏཏྐ་རི། བ་ཏ་ལ་དང་ཏུནྟུ་ཀ། རྩ་ཆེན་ལྔ་པོ་བསྐ་ཁ་དྲོ། རླུང་དང་བད་ཀན་སེལ་བྱེད་ཡིན། ཞེས་པ་ལྟར་འཐད་ནའང་གོང་གསལ་ཚུལ་བཞིན་རྟོགས་དཀའ་བས་ཡན་ལག་གི་ལེའུར་འཆད་པ་ལྟར་སྔོ་རྩ་བ་རེ་ལྕག རི་ཤོ། སྤྲུ་མ། སྲུབ་ཀ། སྤྱང་ཚེར་ཏེ་ལྔ་བྱས་ཀྱང་རུང་ངོ་། །
- language:
- Tibetan