Skip to main content Skip to search
kha sbyor bdun ldan/
ID:
T15645
  • ཁ་སྦྱོར་བདུན་ལྡན (Tibetan, Tibetan script, Original)
    • > kha sbyor bdun ldan/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khajor dünden (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

1) endowed with the seven aspects of union. 2) Syn རྡོ་རྗེ་འཆང་; endowed with the seven aspects of integration

language:
English

2. Ives Waldo Dictionary

  • (met) rdo rje 'chang, endowed with the 7 aspects of union རྡོ་རྗེ་འཆང་;: 1) ལོངས་སྤྱོད་རྫོགས་པ་ complete enjoyment 2) ཁ་སྦྱོར་ union 3) བདེ་བ་ཆེན་པོ་ great bliss 4) རང་བཞིན་མེད་པ་ no self-nature 5) སྙིང་རྗེས་ཡོངས་སུ་གང་བ་ completely filled with compassion 6) རྒྱུན་མི་ཆད་པ་ uninterrupted 7) འགོག་པ་མེད་པ་ unceasing]

    language:
    English
  • (met rdo rje 'chang, endowed w the 7 aspects of union རྡོ་རྗེ་འཆང་;

    language:
    English

3. Jim Valby Dictionary

vajradhara, SA rdo rje 'chang

language:
English

4. Richard Barron Dictionary

ཁ་སྦྱོར་ཡན་ལག་བདུན་ལྡན་ endowed with the seven attributes/ aspects of integration

language:
Tibetan

5. bod rgya tshig mdzod chen mo

[204] ༼མངོན༽ རྡོ་རྗེ་འཆང། ...

language:
English

6. dung dkar bod rig pa'i tshig mdzod chen mo

ནང་པའི་ཆོས་ལུགས་ཀྱི་གསང་སྔགས་བླ་མེད་ཀྱི་གཞུང་ལས། རྒྱལ་བ་རྡོ་རྗེ་འཆང་གི་མཚན་གྱི་རྣམ་གྲངས་སུ་གསུངས་པ་སྟེ། ༡ལོངས་སྤྱོད་རྫོགས་པའི་ཡན་ལག༢་ཁ་སྦྱོར་གྱི་ཡན་ལག༣བདེ་བ་ཆེན་པོའི་ཡན་ལག༤རང་བཞིན་མེད་པའི་ཡན་ལག༥རྒྱུན་མི་ཆད་པའི་ཡན་ལག༦་སྙིང་རྗེས་ཡོངས་སུ་གང་བའི་ཡན་ལག༧འགོག་པ་མེད་པའི་ཡན་ལག་བཅས་ཡིན། དེ་རྣམས་ཀྱི་གོ་དོན་མདོར་བསྡུས་ཙམ་ནི། དང་པོ་ལོངས་སྤྱོད་རྫོགས་པའི་ཡན་ལག་ནི་མཚན་དཔེས་རྫོགས་པར་སྤྲས་པ། གཉིས་པ་ཁ་སྦྱོར་གྱི་ཡན་ལག་ནི་རང་སྣང་གི་རིག་མ་དང་མཉམ་པར་སྦྱོར་བ། གསུམ་པ་བདེ་བ་ཆེན་པོའི་ཡན་ལག་ནི་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས་ལུས་ཀྱི་བདེ་བ་དང་སེམས་ཀྱི་བདེ་བ་ཆེན་པོ་ཉམས་སུ་མྱོང་བ། བཞི་པ་རང་བཞིན་མེད་པའི་ཡན་ལག་ནི་ཐུགས་ཟག་མེད་ཀྱི་བདེ་བའི་ངོ་བོར་གནས་པ་དེས་སྟོང་པ་ཉིད་རྟོགས་པ། ལྔ་པ་རྒྱུན་མི་ཆད་པའི་ཡན་ལག་ནི་འཁོར་བ་ཇི་སྲིད་བར་མྱ་ངན་ལས་མི་འདའ་བར་བཞུགས་པ། དྲུག་པ་སྙིང་རྗེས་ཡོངས་སུ་གང་བའི་ཡན་ལག་ནི་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་མཛད་པ་ལ་གཡེལ་བ་མེད་པ། བདུན་པ་འགོག་པ་མེད་པའི་ཡན་ལག་ནི་མཛད་པ་འཕྲིན་ལས་དུས་ནམ་ཡང་འགོག་རྐྱེན་མེད་པར་འཇུག་པ་བཅས་ཡིན། ཞིབ་པར་གསང་སྔགས་བླ་མེད་ཀྱི་རྫོགས་རིམ་རྣམ་བཤད་རྒྱས་པ་རྣམས་ལས་གསལ།

language:
Tibetan

7. Thupten Phuntsok Dictionary

〔མངོན〕རྡོ་རྗེ་འཆང་།

language:
Tibetan

8. smon lam tshig mdzod chen mo

(མངོན་བརྗོད།) རྡོ་རྗེ་འཆང༌སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ནི་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པ་ལོངས་སྤྱོད་རྫོགས་པའི་ཡན་ལག་དང༌། ཁ་སྦྱོར་གྱི་ཡན་ལག་བདེ་བ་ཆེན་པོའི་ཡན་ལག་རང་བཞིན་མེད་པའི་ཡན་ལག་སྙིང་རྗེས་ཡོངས་སུ་གང་བའི་ཡན་ལག་རྒྱུན་མི་འཆད་པའི་ཡན་ལག་འགོག་པ་མེད་པའི་ཡན་ལག་རྣམས་སོ། །

language:
Tibetan

9. Negi Tibetan-Sanskrit Dictionary

= རྡོ་རྗེ་འཆང་།

language:
Sanskrit