- rtsam bzhes las khungs/
- ID:
- T156529
- རྩམ་བཞེས་ལས་ཁུངས (Tibetan, Tibetan script, Original)
- > rtsam bzhes las khungs/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > tsamzhé lekhung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
sngar bod sa gnas srid gzhung gi las khungs shig der do dam pa las tsan rim pa lnga pa ser skya gnyis dang, gnyer pa gnyis bcas yod, las 'gan ni, mchod rgyun khag la rtsam pa'i dod dam, rtsam pa ngo gtong byed rgyu, gzhung gi mdzad sgo che khag la dkar spro gtong rgyu, lha ldan smon lam chen mo dang tshogs mchod la dge 'dun rnams kyi nang nas rtsam pa len mkhan la rtsam pa dang rtsam pa mi len mkhan la rtsam dod sprod rgyu bcas yin, las rgyun ni lo gsum re yin
- language:
- English
2. bod rgya tshig mdzod chen mo
[2216] སྔར་བོད་ས་གནས་སྲིད་གཞུང་གི་ལས་ཁུངས་ཤིག་དེར་དོ་དམ་པ་ལས་ཚན་རིམ་པ་ལྔ་པ་སེར་སྐྱ་གཉིས་དང། གཉེར་པ་གཉིས་བཅས་ཡོད། ལས་འགན་ནི། མཆོད་རྒྱུན་ཁག་ལ་རྩམ་པའི་དོད་དམ། རྩམ་པ་ངོ་གཏོང་བྱེད་རྒྱུ། གཞུང་གི་མཛད་སྒོ་ཆེ་ཁག་ལ་དཀར་སྤྲོ་གཏོང་རྒྱུ། ལྷ་ལྡན་སྨོན་ལམ་ཆེན་མོ་དང་ཚོགས་མཆོད་ལ་དགེ་འདུན་རྣམས་ཀྱི་ནང་ནས་རྩམ་པ་ལེན་མཁན་ལ་རྩམ་པ་དང་རྩམ་པ་མི་ལེན་མཁན་ལ་རྩམ་དོད་སྤྲོད་རྒྱུ་བཅས་ཡིན། ལས་རྒྱུན་ནི་ལོ་གསུམ་རེ་ཡིན། ...
- language:
- English
3. dung dkar bod rig pa'i tshig mdzod chen mo
དེ་སྔ་བོད་ལ་ས་གནས་སྲིད་གཞུང་སྐབས་ཀྱི་ལས་ཁུངས་ཤིག་སྟེ། དེའི་དོ་དམ་མི་སྣ་རིམ་པ་ལྔ་པའི་ལས་ཚན་སེར་སྐྱ་གཉིས་(སྐབས་འགར་སྲས་རྣམ་པའང་ཡོད་)ཚུགས་ཡུལ་ཤིང་རའི་རབ་གསལ་གྱི་ལྷོ་ཕྱོགས་ཐོག་བརྩེགས་གཉིས་པའི་ནང་ཡོད། དོ་དམ་སེར་སྐྱ་གཉིས་ཀྱི་གཤམ་འོག་ལས་བྱེད་ལྟ་བུར་སྒེར་འཛུགས་ནང་གཉེར་གཉིས་དང། གང་དགོས་གཉེར་པ་གཉིས། འབོ་ཁ་བ་གཅིག་དང། ལས་གཡོག་ཕོ་མོ་བཅོ་ལྔ་སྐོར་བཅས་ཡོད། འདི་ནི་གཏོང་སྒོའི་ལས་ཁུངས་ཤིག་ཡིན་པས་རྫོང་གཞིས་ཁག་ནས་རྩམ་པ་དང་སྣུམ་སོགས་ཀྱི་ཁྲལ་འབབ་བསྡུ་ལེན་དང། དེ་ཡང་རྩམ་སྣུམ་དངོས་མདོག་ཁག་གཅིག་དང་དེ་བྱིངས་སྔར་གྱི་འབྲུ་སྣུམ་གོང་ཚད་དམའ་བའི་ཐང་གཞི་ལྟར་དངུལ་སྒྲིལ་ཞུས་པ་ལ་སྐལ་པ་བཟང་པོའི་དུས་ཀྱི་རིན་ཐང་ཞེས་པའི་གོ་དོན་མཚོན་པའི་སྐལ་བཟང་ཐང་གའི་དངུལ་སྒྲིལ་འབབ་དེབ་གཞིར་བཟུང་ལྷ་སར་སྲོལ་ལམ་ལྟར་འབུལ་དགོས་པ་དག་བསྡུ་ལེན་དང། ཁྲལ་འབབ་ཆད་རིགས་རྣམས་འབབ་འདེད་ཆེད་རྫོང་གིས་བསྡུ་ལེན་བཅས་བྱས་ཏེ་ཡོང་འབབ་ཀྱི་ཐོག་ནས་སྨོན་ལམ་དང་ཚོགས་མཆོད་སྐབས་གྲྭ་པར་ཚ་གྲ་ཞེས་སྨོན་ལམ་ལ་གྲྭ་པ་རེར་རྩམ་པ་འབོ་བཅུ་རེ་དང། ཚོགས་མཆོད་ལ་བཅུ་འབོ་རེ། སྨོན་ལམ་དང་ཚོགས་མཆོད་གཉིས་ལ་འཆར་ཅན་ཉིན་རེ་གྲྭ་པ་རེེ་དངུལ་སྐར་ཕྱེད་གསུམ་རེ་རྒྱག་རྒྱུ་དང། སྲིད་སྐྱོང་གིས་གཙོས་པའི་གཞུང་ཞབས་ཡོངས་ལ་གྲོ་རྩམ་སྣུམ་གསུམ་གྱི་ཕོགས་ལོ་གསར་སྐབས་རྩེའི་དགྱེས་སྟོན་ཉིན་དང་གཉིས་ཀྱི་དཀར་སྤྲོ་སྒྲིག་གཤོམ། ཆིབས་སྒྱུར་དང། གཟབ་གསོལ་ཁག་གི་གཏོང་སྒོའི་ཁ་ཟས་ཀྱི་འགྲོ་གྲོན་གཏོང་སྒོ་འགན་ལེན་བཀོད་སྒྲིག་བཅས་བྱེད་དགོས་ཤིང་། ཏཱ་ལའི་བླ་མ་ཁྲི་ཕེབས་སོགས་མཛད་སྒོ་འཕར་མའི་རྩམ་གྲོ་སྣུམ་གསུམ་གྱི་འགྲོ་གྲོན་དམིགས་སྒོར་རྔོད་འཕར་མའི་རྩམ་གྲོ་སྣུམ་གསུམ་གྱི་འགྲོ་གྲོན་དམིགས་སྒོར་རྔོད་འཕར་བྱ་བའི་དོ་དམ་ཟུར་བཀོད་ཀྱིས་རྫོང་གཞིས་ཁག་ནས་ཁྲལ་འཕར་བསྡུ་ལེན་བྱེད་རྒྱུ་དང། ད་དུང་གར་དགོས་པ་ཞེས་པའི་ཉེ་འཁོར་ས་ཚིགས་ཀྱི་ཁལ་མ་དང། མི་ཧྲེང་གཏོང་དགོས་པ། རྩ་གཉེར་གྱི་གཟན་པ་འདྲེན་བྱེད་བོང་བུ་ཉི་ཤུ་དང་ཤིང་གཉེར་གྱི་ཤིང་འདྲེན་བྱེད་བོང་བུ་ཉེ་ཤུ་ཁུངས་འཛུགས་གར་དགོས་སུ་གཏོང་དགོས་པ་བཅས་རྩམ་ལེན་དོ་དམ་གྱི་ལས་འགན་ཧ་ཅང་རྒྱ་ཆེ་ཞིང་སྣེ་ཁ་མང་བ་ཡིན།
- language:
- Tibetan
4. Thupten Phuntsok Dictionary
སྔར་བོད་ས་གནས་སྲིད་གཞུང་གི་ལས་ཁུངས་ཤིག དེར་དོ་དམ་པ་ལས་ཚན་རིམ་པ་ལྔ་པ་སེར་སྐྱ་གཉིས་དང་། གཉེར་པ་གཉིས་བཅས་ཡོད། ལས་འགན་ནི། མཆོད་རྒྱུན་ཁག་ལ་རྩམ་པའི་དོད་དམ། རྩམ་པ་ངོ་གཏོང་བྱེད་རྒྱུ། གཞུང་གི་མཛད་སྒོ་ཆེ་ཁག་ལ་དཀར་སྤྲོ་གཏོང་རྒྱུ། ལྷ་ལྡན་སྨོན་ལམ་ཆེན་མོ་དང་ཚོགས་མཆོད་ལ་དགེ་འདུན་རྣམས་ཀྱི་ནང་ནས་རྩམ་པ་ལེན་མཁན་ལ་རྩམ་པ་དང་རྩམ་པ་མི་ལེན་མཁན་ལ་རྩམ་དོད་སྤྲོད་རྒྱུ་བཅས་ཡིན། ལས་རྒྱུན་ནི་ལོ་གསུམ་རེ་ཡིན།
- language:
- Tibetan
5. smon lam tshig mdzod chen mo
སྔར་བོད་ས་གནས་སྲིད་གཞུང་གི་ལས་ཁུངས་ཤིག་དེར་དོ་དམ་པ་ལས་ཚན་རིམ་པ་ལྔ་པ་སེར་སྐྱ་གཉིས་དང༌། གཉེར་པ་གཉིས་བཅས་ཡོད། ལས་འགན་ནི། མཆོད་རྒྱུན་ཁག་ལ་རྩམ་པའི་དོད་དམ། རྩམ་པ་ངོ་གཏོང་བྱེད་རྒྱུ། གཞུང་གི་མཛད་སྒོ་ཆེ་ཁག་ལ་དཀར་སྤྲོ་གཏོང་རྒྱུ། ལྷ་ལྡན་སྨོན་ལམ་ཆེན་མོ་དང་ཚོགས་མཆོད་ལ་དགེ་འདུན་རྣམས་ཀྱི་ནང་ནས་རྩམ་པ་ལེན་མཁན་ལ་རྩམ་པ་དང་རྩམ་པ་མི་ལེན་མཁན་ལ་རྩམ་དོད་སྤྲོད་རྒྱུ་བཅས་ཡིན། ལས་རྒྱུན་ནི་ལོ་གསུམ་རེ་ཡིན།
- language:
- Tibetan