Skip to main content Skip to search
rtse dgu gtor/
ID:
T157068
  • རྩེ་དགུ་གཏོར (Tibetan, Tibetan script, Original)
    • > rtse dgu gtor/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsegutor (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

torma ceremony on the 29th of the 12th month

language:
English

2. Ives Waldo Dictionary

  • 9 pointed torma [ceremony] [nyin rtse rnam grwa pas gar 'cham dang 'brel lo mjug gtor zor 'phen pa'i dus ston, on the 29th of the 12th month]

    language:
    English
  • 9 pointed torma [ceremony]

    language:
    English

3. Jim Valby Dictionary

the votive offering of the twenty-ninth day (ceremony on the 29th day of the 12th Tibetan month)

language:
English

4. bod rgya tshig mdzod chen mo

[2224] སྔར་ཧོར་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་རྩེ་རྣམ་གྲྭ་པས་གར་འཆམ་དང་འབྲེལ་ལོ་མཇུག་གཏོར་ཟོར་འཕེན་པའི་དུས་སྟོན། ...

language:
English

5. dung dkar bod rig pa'i tshig mdzod chen mo

དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ལོ་ལྟར་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་རྩེ་དགུ་གཏོར་ཞེས་ཕོ་བྲང་ཤར་བརྒྱུད་གཟིམ་ཆུར་དུ་ཏཱ་ལའི་བླ་མ་ཞབས་འཁོད་ཀྱིས་དྲུང་བཞེས་ཚུགས། རྩེ་གཟིམ་འགག་ནས་སྨོན་ལམ་སྤྱི་ཁྱབ་སེར་སྐྱ་རྣམས་ལ་བྱེད་སྒོའི་བཀའ་བསྒྱུར་བསྩལ། སྲིད་བློན་བཅས་སོ་སོའི་གཟིགས་ཞིབ་རབ་གསལ་དང། ཤོད་སྐོར་ཛ་ཐའི་སོགས་བདེ་ཡངས་ཤར་གྱི་ལྷོ་ངོས་ཐོག་སྟེང་དུ་དབུ་གུར་ནང་དང། རྣམ་གྲྭའི་རོལ་ཆ་བ་རྣམས་བདེ་ཡངས་ཤར་གྱི་བྱང་ངོས་དབུ་གུར་ནང་བཞུགས་ཏེ་ཕན་བདེ་ལེགས་བཤད་གླིང་ཚོགས་ཡོངས་ནས་དགུ་གཏོར་འཆམ་དང། ལྕགས་མཁར་བསྲེགས་བླུགས་སོགས་གནང་ཐོག་དགོང་དྲོ་དགེ་འདུན་ཚོགས་ཡོངས་ནས་ཞོལ་རྡོ་རིང་ཕྱི་མའི་སུམ་མདོར་སོག་ཕུང་ཡོད་ས་ཟོར་འཕེན་གནང་སྐབས་ཟེར་སྣེ་གདན་ཞུར་ཤོད་དྲུང་ལྔ་མཆོད་ཀྱི་ཞབས་གསར་བ་གཉིས་ནས་སྤོས་ཕྲ་འཁྱེར་ཏེ་བཅར་དགོས་ཤིང་། ཟོར་འཕེན་མཚམས་གཟིམ་སྦྱོང་པ་ནས་བོད་མདའི་དགུར་ཤོག་རྒྱག་སྲོལ་ཡོད་པ་དང། དེ་ཉིན་རྨེ་རུ་དགོན་པར་རྨེ་རུ་དགུ་གཏོར་ཞེས་པའི་འཆམ་རྒྱག་སྐབས་ཨ་ཙ་རས་ལྟ་མོ་བལྟ་མཁན་ཁྲོད་ནས་ཕྲུ་གུ་ལོ་བཅུ་གྲངས་སྐོར་འགའ་ཞིག་རེས་མོས་ཀྱིས་བསླངས་ཏེ་བེར་ཀ་(ཨབ་ཐང་)ཚད་དུ་བཅུག རྒྱལ་ཁ་ཐོབ་མཁན་དེར་ཨ་ཙ་རས་མཐེ་བོར་བསྒྲེངས་ནས་བསྟོད་བསྔགས་བྱེད་པ་སོགས་ཀྱིས་བཞད་གད་སློང་སྲོལ་ཡོད། གོང་གསལ་དགུ་གཏོར་གཉིས་ལ་ལྟད་མོ་བ་མང་པོ་འཛོམས། དེ་སྔོན་བཞི་སྡེ་དགོན་པ་དང། ཚེ་སྨོན་གླིང། བསྟན་རྒྱས་གླིང་རྣམས་ལ་འཆམས་ཡོད་འདུག་ཀྱང་དུས་དབང་གིས་རྐྱེན་པས་ཕྱིས་སུ་མེད་པར་གླུར། དེ་མིན་ད་དུང་སེ་ར་དགོན་དུ་སེ་ར་དགུ་གཏོར་ཞེས་གྲྭ་ཚང་བྱེས་སྨད་སྔགས་གསུམ་ནས་གཏོར་ཟོར་འཕེན་པ་མཇལ་མཁན་ལྷ་ས་བ་དང་ཉེ་སྐོར་ཞིང་འབྲོག་སོགས་མང་ཙམ་ཡོད། དགོང་མོ་ཁྱིམ་ཚང་ཚང་མར་ནང་མི་མཉམ་འཛོམས་ཀྱིས་དགུ་ཐུག་འཐུང་ཞིང། དེ་ནི་ལོ་གསར་གྱི་འགོ་ཚུགས་ལྟ་བུ་ཡིན།

language:
Tibetan

6. Thupten Phuntsok Dictionary

སྔར་ཧོར་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་རྩེ་རྣམ་གྲྭ་པས་གར་འཆམ་དང་འབྲེལ་ལོ་མཇུག་གཏོར་ཟོར་འཕེན་པའི་དུས་སྟོན།

language:
Tibetan

7. smon lam tshig mdzod chen mo

སྔར་ཧོར་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་རྩེ་རྣམ་གྲྭ་པས་གར་འཆམ་དང་འབྲེལ་ལོ་མཇུག་གཏོར་ཟོར་འཕེན་པའི་དུས་སྟོན།

language:
Tibetan