- rtse phyag las khungs/
- ID:
- T157151
- རྩེ་ཕྱག་ལས་ཁུངས (Tibetan, Tibetan script, Original)
- > rtse phyag las khungs/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > tsechak lekhung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. dung dkar bod rig pa'i tshig mdzod chen mo
འདི་ནི་བོད་ས་གནས་སྲིད་གཞུང་སྐབས་ཀྱི་ལས་ཁུངས་ཤིག་སྟེ། ཚུགས་ཡུལ་ནི་རྩེ་ཕོ་བྲང་དཀར་པོའི་མདུན་དངོས་ཀྱི་གཟིམ་ཆུང་ཀ་བརྒྱད་ཅེས་ཚོགས་འདུ་ཧྲག་བསྡུས་ཚུགས་ཡུལ་གྱི་རབ་གསལ་འོག་མ་དེའི་ནང་ཡིན། རྩེ་ཕྱག་ལས་ཁུངས་སམ་རྩེ་འཕྲལ་བདེ་ལས་ཁུངས་ནི་(རྩེ་ཕྱག་ནི་རྩེའི་ཕྱག་མཛོད་དང་འཕྲལ་བདེ་ཞེས་པ་རྩེ་ཕོ་བྲང་ནང་གི་སྐབས་འཕྲལ་གྱི་མེ་སྐྱོན་སོགས་བདེ་འཇགས་སྲུང་རྒྱུའི་འགན་འཁྲིའི་གོ་དོན་དང། ཡང་སྐབས་འཕྲལ་གྱི་མཁོ་འདོན་སྟབས་བདེ་བྱེད་མཁན་ཞེས་པའི་གོ་དོན་ཡོད་ཟེར་)སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་རྩམ་ནས་གསར་དུ་བཙུགས། འདིར་དོ་དམ་བྱེད་མཁན་དང་ལས་བྱེད་མི་སྣ་ནི། རྩེ་ཕྱག་མཁན་ཆུང་གཉིས་དང། རིམ་བཞི་ཤོད་དྲུང་གཅིག ཕྱག་དྲུག་གཅིག(དྲུང་ཏོག)ཕྱག་མཛོད་ནང་གཟན་ཏེ་ཕྱག་ནང་ཉི་ཤུ་སྐོར། ཕྱག་ནང་འོས་སྒུག་སྟེ་ཤའོ་ལི་བཞི་བཅན་ཡོད། ལས་ཁུངས་འདིའི་གཙོ་བོའོ་འགན་དབང་ནི། ཏཱ་ལའི་བླ་མ་དང་སྲིད་སྐྱོང་ལ་འབུལ་བ་བྱུང་རིགས་བདག་གཉེར་དང། གནང་ཆ་སྤྲོད་པ། དམིགས་འཛུགས་ཀྱི་རྫོང་གཞིས་ཁག་ནས་དངུལ་དང། ཤ་མར། ཏཱ་ལའི་བླ་མའི་ནམ་རྒྱུ་དབུས་རྣམ་སོགས་བསྡུ་ལེན་གྱིས་ཏཱ་ལའི་བླ་མ་དང། སྲིད་སྐྱོང་རྒྱུན་དུ་རྩེ་པོ་ཏ་ལར་བཞུགས་སྐབས་ཀྱི་དགོས་མཁོ་ནར་གཏོང། རྩེ་དང་ནོར་གླིང་གི་ལས་ཁུང་ཁག་ལ་འཆར་འཕར་གྱི་གཏོང་སྒོ་གཏོང་བ། པོ་ཏ་ལ་དང་ནོར་གླིང་གི་ཁྲིམས་འདོམས། ཞོ་སྟོན་སྐབས་ལྷ་མོ་འཁྲབ་མཁན་ལ་དོ་དམ་རྒྱུགས་ལེན། རྒྱ་གར་ནས་རས་ཆ་སོགས་མཁོ་སྒྲུབ། ཚོང་པ་དང། སྟོད་གསེར་དཔོན། འབྲི་ཆུ་གསེར་སྡུད་པ་བཅས་ཀྱི་ལས་འཁུར་ལ་ཕྱག་ནང་རེས་འཁོར་གྱིས་བཏང་སྟེ་གསེར་ཁྲལ་བསྡུ་བ་དང། ཇ་སོགས་སྤུས་སྒྱུར་གྱིས་ཚོང་རྒྱག་པ། འབྲི་ཆུ་གསེར་སྡུད་པས་རེ་དཀར་སོག་གསུམ་ནས་སྤུས་མར་ཞེས་པ་བསྡུ་ལེན་དང་། ཆབ་མདོ་ཡན་ཚོང་པ་ཆེད་རྫོང་གིས་ལམ་འཁེལ་རྫོང་འགོ་སོ་སོས་རོགས་གང་ལེགས་བྱེད་དགོས་པའི་དོན་འཁོད་པའི་ཏཱ་ལའི་བླ་མའི་སྦུག་དམ་འབྱར་མའི་བཀའ་ཡིག་དང་གནང་ཆ་ཇ་སྦག་རས་འཐུམ་རེ་ལམ་འཁེལ་རྫོང་འགོ་ཁག་ལ་སྤྲོད་པ། དེ་བཞིན་ལྷ་ས་དང་དཔལ་དི་སོགས་ལ་གཞིས་སྡོད་ཕྱག་ནང་རེ་བསྐོ་མངགས་ཀྱིས་བྱུང་སོང་གཏོང་ལེན་དོ་དམ་བྱེད་རྒྱུ་བཅས་ཡིན། གོང་གསལ་ལས་བྱེད་དོ་དམ་མི་སྣ་སོ་སོའི་གོ་མིང་ལྟར་འགན་དབང་སྤྱོད་ཕྱོགས་ནི་བླ་ཕྱག་དང་འདྲ་བས་འདིར་ཞིབ་ཕྲ་མ་བཀོད་ལ། གོང་འཁོད་མཐོ་རིམ་དབང་འཛིན་ལས་ཁུངས་རྣམས་ཕུད་དེ་བྱིངས་འདི་མན་གྱི་ལས་ཁུངས་ཁག་གི་མི་དང་གཞི་རྩའི་འགན་དབང་ཙམ་ལས་རེ་རེ་བཞིན་འགོད་པའི་ངལ་བ་མ་ཞུས་སོ།།
- language:
- Tibetan
3. Thupten Phuntsok Dictionary
འདི་ནི་བོད་ས་གནས་སྲིད་གཞུང་སྐབས་ཀྱི་ལས་ཁུངས་ཤིག་སྟེ། ཚུགས་ཡུལ་ནི་རྩེ་ཕོ་བྲང་དཀར་པོའི་མདུན་ངོས་ཀྱི་གཟིམ་ཆུང་ཀ་བརྒྱད་ཅེས་ཚོགས་འདུ་བསྡུ་ས་ཚུགས་ཡུལ་གྱི་རབ་གསལ་འོག་མ་དེའི་ནང་ཡིན། རྩེ་ཕྱག་ལས་ཁུངས་སམ་རྩེ་འཕྲལ་བདེ་ལས་ཁུངས་ནི (རྩེ་ཕྱག་ནི་རྩེའི་ཕྱག་མཛོད་དང་འཕྲལ་ཞེས་པ་རྩེ་ཕོ་བྲང་ནང་གི་སྐབས་འཕྲལ་གྱི་མེ་སྐྱོན་སོགས་བདེ་འཇགས་སྲུང་རྒྱུའི་འགན་འཁྲིའི་གོ་དོན་དང་། ཡང་སྐབས་འཕྲལ་གྱི་མཁོ་འདོན་སྟབས་བདེ་བྱེད་མཁན་ཞེས་པའི་གོ་དོན་ཡོད་ཟེར) སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་ཙམ་ནས་གསར་དུ་བཙུགས། འདིར་དོ་དམ་བྱེད་མཁན་དང་ལས་བྱེད་མི་སྣ་ནི། རྩེ་ཕྱག་མཁན་ཆུང་གཉིས་དང་། རིམ་བཞི་ཤོད་དྲུང་གཅིག ཕྱག་དྲུང་གཅིག (དྲུང་ཏོག) ཕྱག་མཛོད་ནང་གཟན་ཏེ་ཕྱག་ནང་ཉི་ཤུ་སྐོར། ཕྱག་ནང་འོས་སྐུག་སྟེ་ཤའོ་ལི་བཞི་བཅས་ཡོད། ལས་ཁུངས་འདིའི་གཙོ་བོའི་འགན་དབང་ནི། ཏཱ་ལའི་བླ་མ་དང་སྲིད་སྐྱོང་ལ་འབུལ་བ་བྱུང་རིགས་བདག་གཉེར་དང་། གནང་ཆ་སྤྲོད་པ། དམིགས་འཛུགས་ཀྱི་རྫོང་གཞིས་ཁག་ནས་དངུལ་དང་། ཤ་མར། ཏཱ་ལའི་བླ་མའི་ནམ་རྒྱུ་དབུས་སྣམ་སོགས་བསྡུ་ལེན་གྱིས་ཏཱ་ལའི་བླ་མ་དང་། སྲིད་སྐྱོང་རྒྱུན་དུ་རྩེ་པོ་ཏ་ལར་བཞུགས་སྐབས་ཀྱི་དགོས་མཁོ་ནར་གཏོང་། རྩེ་དང་ནོར་གླིང་གི་ལས་ཁུངས་ཁག་ལ་འཆར་འཕར་གྱི་གཏོང་སྒོ་གཏོང་བ། པོ་ཏ་ལ་དང་ནོར་གླིང་གི་ཁྲིམས་འདོམས། ཞོ་སྟོན་སྐབས་ལྷ་མོ་འཁྲབ་མཁན་ཁག་ལ་དོ་དམ་རྒྱུགས་ལེན། རྒྱ་གར་ནས་རས་ཆ་སོགས་མཁོ་སྒྲུབ། ཚོང་པ་དང་། སྟོད་གསེར་དཔོན། འབྲི་ཆུ་གསེར་སྡུད་པ་བཅས་ཀྱི་ལས་འཁུར་ལ་ཕྱག་ནང་རེས་འཁོར་གྱིས་བཏང་སྟེ་གསེར་ཁྲལ་བསྡུ་བ་དང་། ཇ་སོགས་སྤུས་སྒྱུར་གྱིས་ཚོང་རྒྱག་པ། འབྲི་ཆུ་གསེར་སྡུད་པས་རེ་དཀར་སོག་གསུམ་ནས་སྤུས་མར་ཞེས་པ་བསྡུ་ལེན་དང་། ཆབ་མདོ་ཡན་ཚོང་པ་ཆེད་རྫོང་གིས་ལམ་འཁེལ་རྫོང་འགོ་སོ་སོས་རོགས་གང་ལེགས་བྱེད་དགོས་པའི་ནང་དོན་འཁོད་པའི་ཏཱ་ལའི་བླ་མའི་སྦུག་དམ་འབྱར་མའི་བཀའ་ཡིག་དང་གནང་ཆ་ཇ་སྦག་རས་འཐུམ་རེ་ལམ་འཁེལ་རྫོང་འགོ་ཁག་ལ་སྤྲོད་པ། དེ་བཞིན་ལྷ་ས་དང་དཔལ་དི་སོགས་ལ་གཞིས་སྡོད་ཕྱག་ནང་རེ་བསྐོ་མངགས་ཀྱིས་བྱུང་སོང་གཏོང་ལེན་དོ་དམ་བྱེད་རྒྱུ་བཅས་ཡིན། གོང་གསལ་ལས་བྱེད་དོ་དམ་མི་སྣ་སོ་སོའི་གོ་མིང་ལྟར་འགན་དབང་སྤྱོད་ཕྱོགས་ནི་བླ་ཕྱག་དང་འདྲ་བས་འདིར་ཞིབ་ཕྲ་མ་བཀོད་ལ། གོང་འཁོད་མཐོ་རིམ་དབང་འཛིན་ལས་ཁུངས་རྣམས་ཕུད་དེ་བྱིངས་འདི་མན་གྱི་ལས་ཁུངས་ཁག་གི་མི་དང་གཞི་རྩའི་འགན་དབང་ཙམ་ལས་རེ་རེ་བཞིན་འགོད་པའི་ངལ་བ་མ་ཞུས་སོ། །
- language:
- Tibetan