- rtswa mchog grong /
- ID:
- T157738
- རྩྭ་མཆོག་གྲོང (Tibetan, Tibetan script, Original)
- > rtswa mchog grong / (Tibetan, Latin script, Transliteration-THL Extended Wylie Transliteration)
- > tsamchokdrong (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Rangjung Yeshe Dictionary
-
Kushinagar [grass-best village] [the place where Buddha passed into nirvana]
- language:
- English
-
Kushinagar. Location of the Buddha's Parinirvana
- language:
- English
4. dung dkar bod rig pa'i tshig mdzod chen mo
འདི་ནི་རྒྱ་གར་གྱི་གནས་ཆེན་ཞིག་སྟེ་མཁས་དབང་དགེ་འདུན་ཆོས་འཕེལ་ས་ར་ནཱ་ཐའི་གྲུ་ཟན་ནས་ཌི་ཀ་བླངས་ཏེ་ཏ་སིལ་དེ་བོ་རི་ཡ་བར་དང་དེ་ནས་མོ་ཌར་(རླང་འཁོར་)ནས་ཀུ་ཤི་ན་ར་ལ་སླེབས། དེ་ནི་རྩྭ་མཆོག་གྲོང་ཡིན་ཅིང་དེར་སང་མིང་ལ་མ་ཐ་ཀུ་ཝར་ཟེར། རྒྱ་གར་ཤར་ཕྱོགས་ན་ཡང་རྩྭ་མཆོག་གྲོང་སོགས་ཡོད་ཅིང། ནུབ་ཕྱོགས་ཨ་ཕ་ཀ་ནི་སཏན་དུ་ཡང་སྐུ་འཁྲུངས་པ། ཆོས་འཁོར་བསྐོར་བ། མྱ་ངན་འདས་པའི་གནས་ཐམས་ཅད་ཡོད་ཅིང། དེ་བཞིན་ཡུལ་གྲུ་གཞན་མང་པོར་ཡང་ཡོད་མོད། སྟོན་པ་རང་ཉིད་གདུལ་བྱ་ཐུན་མོང་གི་ངོར་མྱ་ངན་ལས་འདས་པའི་གནས་ནི་ཡུལ་དབུས་ཀྱི་འདི་ཉིད་འཁྲུལ་མེད་ཡིན་ནོ། བྷར་མས་བཞེངས་པའི་གསེར་གྱི་མཆོད་རྟེན་གྱི་ཤར་མལ་ལེ་གཅིག་ལྷག་ཙམ་ན་མཆོད་རྟེན་ཞིག་པོ་ཨ་མྲའི་སྡོང་པོ་སྐྱེས་པ་ཞིག་ཡོད་པ་མུ་ཀུ་ཊ་གས་བན་དྷ་ན་བྱའི་མཆོད་རྟེན་དེ་སྐུ་གདུང་ཞུགས་ལ་བཞུས་པའི་གནས་ཡིན་ཅིང་དེང་སང་གི་མིང་ལ་ར་མ་བྷར་ཞེས་ཟེར། དེ་གྱད་ཀྱིས་དབུ་རྒྱན་བཅིངས་པའི་མཆོད་རྟེན་ཞེས་མདོ་ལས་འབྱུང་བ་དེ་ལགས། རྩྭ་མཆོག་གྲོང་ནས་མོ་ཌར་ལས་གོ་རག་པུར་ལ་འགྲོ། གྲོང་འཁྱེར་དེའི་མཐའ་ན་གོ་རག་ན་ཐ་ཕན་བྱ་བའི་ལྷ་ཁང་ཞིག་ཡོད་པ་དེ་གྲུབ་ཐོབ་བརྒྱད་ཅུའི་ནང་གི་གོ་རཀྵའི་བཞུགས་གནས་ཡིན་ཟེར་ཅིང། གྲུབ་ཆེན་དེའི་ཆོས་བརྒྱུད་ཕྱི་རོལ་པའི་ལུགས་དང་བསྲེས་ནས་འཛིན་པ་རྣ་བ་ལ་ཨ་ལོང་ཆེན་པོ་བཏགས་པའི་སྡེ་ཚན་དེ་དག་ཡིན་ཅིང་ད་དུང་གྲུབ་ཆེན་དེའི་དོ་ཧ་ཡང་འདོན་པར་བྱེད་ཅེས་གསུངས་སོ། །དེར་གསར་དུ་བཞེངས་པའི་བོད་དགོན་ཞིག་ཀྱང་ཡོད་ཚུལ་གསལ།
- language:
- Tibetan