Skip to main content Skip to search
rtswa gnyer las khungs/
ID:
T157746
  • རྩྭ་གཉེར་ལས་ཁུངས (Tibetan, Tibetan script, Original)
    • > rtswa gnyer las khungs/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsanyer lekhung (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

Tibetan govt. office, providing food for l govt. horses and mules etc.

language:
English

2. bod rgya tshig mdzod chen mo

[2236] སྔར་བོད་ས་གནས་སྲིད་གཞུང་གི་ལས་ཁུངས་ཤིག་སྟེ། ལས་འགན་ནི་གཞུང་གི་རྟ་དྲེལ་ཁག་ལ་རྩྭ་གཟན་གཏོང་རྒྱུ་སོགས་ཡིན། ...

language:
English

3. dung dkar bod rig pa'i tshig mdzod chen mo

ལས་ཁུངས་འདི་དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཞོལ་དང་ནོར་གླིང་གི་ཆིབས་རར་གཟན་རྩྭ་མཁོ་འདོན་བྱེད་མཁན་ཞིག་ཡིན་པས་ལྷ་སའི་ཉེ་འཁོར་གྱི་འདམ་རར་དོ་དམ་དང། འདམ་རྩྭ་རྔ་འདྲེན་གྱིས་ནོར་གླིང་དང་ཞོལ་ཆིབས་ར་མདོ་སྦུག་གི་རྟ་དྲེལ་ཇི་ཡོད་ལ་གཟན་རྩྭ་གཏོང་རྒྱུ་དང། རྗེས་སུ་ནོར་བུ་གླིང་ཁར་རྟ་དྲེལ་གྲངས་འབོར་རིམ་འཕར་ལ་བརྟེན་འདམ་རྩྭས་མི་འདང་བས་ལྷ་ས་ཉེ་སྐོར་གྱི་ཟན་འཚོང་བའི་ས་ནས་རིན་འབབ་སྣེ་སེལ་སྤྲད་དེ་མཁོ་སྒྲུབ་བྱས་ཁུལ་གྱིས་ཆིབས་ར་ཁག་ལ་གཏོང་རྒྱུ། སྔར་བཀའ་བློན་བཞི་དང། ལྕང་ལོ་ཅན། ཧོར་ཁང་གིས་གཙོས་གོང་མའི་གོ་གནས་རྒྱུན་འཇགས་ཡོད་པའི་དཔོན་རིགས་ཕུད་དེ་བྱིངས་སུས་ཀྱང་འདམ་རའི་འདམ་རྩྭ་རྔ་འདྲེན་བྱས་མི་ཆོག་ཅིང། ཕྱིས་དཔོན་རིགས་དེ་དག་གི་འདམ་རྩྭ་རྔ་འདྲེན་དམིགས་བསལ་དབང་ཆ་ཡང་མེད་པར་བཟོས་ཐོག་ཉེ་འབྲེལ་རྒྱ་ཁྱབ་རྫོང་གཞིས་ཁག་ནས་དེབ་གསལ་འདམ་རའི་འུལ་མི་བསྐོངས་འགུགས་བྱེད་སྲོལ་དང། གླ་དངུལ་བསྡུ་ལེན་བྱེད་པའི་ལམ་སྲོལ་གསར་པ་དར་བའི་བཀོད་འདོམས་ལག་བསྟར་བྱེད་རྒྱུ་བཅས་ཀྱི་འགན་དབང་ཡོད། ལས་ཁུངས་དེར་དོ་དམ་རྩེ་ཤོད་དྲུང་རིགས་སེར་སྐྱ་གཉིས་དང། གཤམ་འོག་ལས་བྱེད་ལྟ་བུར་སྒེར་བཙུགས་གཉེར་པ་གཉིས། ཤོ་འགོ་མི་དྲུག་བཅས་ཡོད།

language:
Tibetan

4. Thupten Phuntsok Dictionary

སྔར་བོད་ས་གནས་སྲིད་གཞུང་གི་ལས་ཁུངས་ཤིག་སྟེ། ལས་འགན་ནི་གཞུང་གི་རྟ་དྲེལ་ཁག་ལ་རྩྭ་གཟན་གཏོང་རྒྱུ་སོགས་ཡིན།

language:
Tibetan

5. smon lam tshig mdzod chen mo

སྔར་བོད་ས་གནས་སྲིད་གཞུང་གི་ལས་ཁུངས་ཤིག་ལས་འགན་ནི་གཞུང་གི་རྟ་དྲེལ་ཁག་ལ་རྩྭ་གཟན་གཏོང་རྒྱུ་སོགས་ཡིན།

language:
Tibetan