- tsher sngon/
- ID:
- T161461
- ཚེར་སྔོན (Tibetan, Tibetan script, Original)
- > tsher sngon/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > tserngön (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Dan Martin Dictionary
blue poppy. TR XIV no. 4, p. 16. Mdo 357. SS 459.5. See do ba la.
- language:
- English
3. Jim Valby Dictionary
meconopsis horridula hook. f. et thoms. var. racemosa (maxim.) prain
- language:
- English
5. Thupten Phuntsok Dictionary
ཨ་བྱག་ཚེར་སྔོན་གྱི་བསྡུས་ཚིག སྤྱིར་རྫ་སྐྱེས་རྒོད་ལ་སྤང་སྐྱེས་གཡུང་། རྩ་བ་སྦོམ་ལ་རིང་བ་ནང་དཀར་སོབ་རོ་མངའ་བ་ཡུལ་སྐད་དྲེད་མོ་ལྕ་བ་ཞེས་པ། ལོ་མ་ལྗང་གུ་རྒྱབ་ལྗང་སྐྱ་དབྱིབས་གྲུ་སྐྱལ་འདྲ་བ་དང་ལུག་རྣ་འདྲ་བ་ཅི་རིགས་ལ་ཕྱི་ནང་ཡོངས་རྫོགས་ཚེར་མས་ཁྱབ་པ་རྩ་བ་ནས་གྱེས་པ། མཐོ་ཚད་སྨི་0.2~0.4ཟིན་པའི་ངར་པ་ཁོང་སྟོང་བཤད་ན་ཞོ་རྨང་འཛག་པ་ཚེར་མའི་སྤུ་ཅན། མེ་ཏོག་སྔོན་པོ་སྲབ་འཇམ་མཛེས་པ་འདབ་མ་ལྔ་དྲུག་དང་བདུན་བརྒྱད་ཙམ། ཟེའུ་འབྲུ་སེར་པོ་ཅན་མང་དུ་བཞད་པ། ཚེར་མས་ཁྱབ་པའི་ཐིའུ་རིམ་བཞིན་ཁ་བྱེ་རྗེས་གོས་སྔ་མོར་ལྷུང་། སྨན་དུ་སྦྱར་བྱ་ནི་མེ་ཏོག་སྟེ། ཟླ་བ་དྲུག་པ་ནས་བརྒྱད་པར་བཏུས་ནས་དམའ་ཕབ་བྱས་ལ་སྐམ་གསེད་ལེགས་ཚགས་བྱ། རོ་ཁ། ཞུ་རྗེས་བསིལ། ནུས་པས་རུས་པ་གས་ཆག་སྦྱོར་ཞིང་རུས་ཚད་སེལ། ཁྱད་པར་མགོ་རུས་ཆག་དང་རྨའི་ནད་ལ་མཆོག ལྷ་བ་གསོ་ཞིང་ཆུ་སེར་འདྲེན། རོ་སྟོད་དང་རྩིབ་ལོགས་གཟེར་བ་སོགས་ལ་ཕན།
- language:
- Tibetan