Skip to main content Skip to search
mtshan nyid kyi grwa sa/
ID:
T162805
  • མཚན་ཉིད་ཀྱི་གྲྭ་ས (Tibetan, Tibetan script, Original)
    • > mtshan nyid kyi grwa sa/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsennyi kyidrasa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Dan Martin Dictionary

Dung-dkar 172.

language:
English

2. dung dkar bod rig pa'i tshig mdzod chen mo

སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པའི་གཞུང་ལྔ(༡.ཚད་མ། ༢.ཕར་ཕྱིན། ༣.དབུ་མ། ༤.མཛོད། ༥.འདུལ་བ)ལ་སློབ་སྦྱོང་གཙོ་བོར་བྱེད་མཁན་གྱི་དགོན་པ་ཆེ་བ་རྣམས་ལ་མཚན་ཉིད་ཀྱི་གྲྭ་ས་ཟེར། དེ་སྔོན་སེ་འབྲས་དགེ་གསུམ་མ་བྱུང་གོང་དུ་བོད་ཀྱི་མཚན་ཉིད་གྲྭ་ས་ཆེན་པོ་ནི་དབུས་ཀྱི་གདན་ས་ཆེན་པོ་དྲུག་སྟེ། ༡.གསང་ཕུ། ༢.བདེ་བ་ཅན(རྭ་བ་སྟོད) ༣.ཚལ་གུང་ཐང་། ༤.དགའ་གདོང་། ༥.སྐྱོར་མོ་ལུང་། ༦.ཟུལ་ཕུ་བཅས་ལ་ཡོངས་གྲགས་སུ་གསང་བདེ་གུང་གསུམ་དགའ་སྐྱོར་ཟུལ་གསུམ་ཟེར། རྗེས་སུ་དགེ་ལུགས་ཀྱི་གདན་ས་ཆེན་པོ་དགའ་ལྡན་དང་འབྲས་སྤུངས། སེ་ར་བཅས་ཀྱི་སྟེང་དུ་བཀྲ་ཤིས་ལྷུན་པོ། སྐུ་འབུམ། བཀྲ་ཤིས་འཁྱིལ་བཅས་ཀྱང་མཚན་ཉིད་ཀྱི་གྲྭ་ས་ཆེན་པོའི་གྲས་སུ་འདྲེན་སྲོལ་ཡོད། འོན་ཀྱང་དགེ་ལུགས་ཀྱི་གྲྭ་ས་ཆེན་པོ་རྣམས་གཙོ་བོར་མཚན་ཉིད་རིག་པ་ལ་སློབ་གཉེར་བྱེད་ཀྱི་ཡོད་ཀྱང་། གྲྭ་སའི་ནང་གསང་སྔགས་ཀྱི་གཞུང་ལ་སློབ་གཉེར་བྱེད་མཁན་གྲྭ་ཚང་ཟུར་དུ་ཡོད།

language:
Tibetan

3. Thupten Phuntsok Dictionary

སངས་རྒྱས་ཆོས་ལུགས་མཚན་ཉིད་རིག་པའི་གཞུང་ཆེན་པོ་ལྔ་སྟེ། ༡ ཚད་མ། ༢ ཕར་ཕྱིན ། ༣ དབུ་མ། ༤ མཛོད། ༥ འདུལ་བ་བཅས་ལ་སློབ་སྦྱོང་གཙོ་བོར་བྱེད་མཁན་གྱི་དགོན་པ་ཆེ་བ་རྣམས་ལ་མཚན་ཉིད་ཀྱི་གྲྭ་ས་ཟེར།

language:
Tibetan