Skip to main content Skip to search
mtshan nyid med pa'i chos kyi 'khor lo/
ID:
T162877
  • མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ (Tibetan, Tibetan script, Original)
    • > mtshan nyid med pa'i chos kyi 'khor lo/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > tsennyi mepé chökyi khorlo (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Rangjung Yeshe Dictionary

the Dharma wheel on the absence of characteristics, the wheel of the doctrine of signlessness

language:
English

2. Ives Waldo Dictionary

  • the wheel of Dharma on the lack/absence of characteristics, the wheel of the doctrine of signlessness [note phenomena's lack of possession of any signs of true existence = second turning of the wheel of dharma)

    language:
    English
  • the wheel of Dharma on the lack/ absence of characteristics, the wheel of the doctrine of signlessness

    language:
    English

3. dung dkar bod rig pa'i tshig mdzod chen mo

ཆོས་ཐམས་ཅད་རྒྱུ་དང་རྐྱེན་ལ་བརྟེན་ནས་འབྱུང་ཞིང་། རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྟོན་པའི་ཆོས《ཡུམ་རྒྱས་འབྲིང་བསྡུས་གསུམ》ལྟ་བུ་སྟེ། བཀའ་འགྱུར་གྱི་ནང་ཡུམ་རྒྱས་འབྲིང་བསྡུས་གསུམ་བསྡོམས་པའི་པོད་ཉི་ཤུ་ཐམ་པ་ཡོད་པ་དེ། ཡུམ་རྒྱས་པ《ཤེས་ཕྱིན་འབུམ་པ》[ཀ][ཁ][ག][ང][ཅ][ཆ][ཇ][ཉ][ཏ][ཐ][ད][ན]བར་པོད་བཅུ་གཉིས་ལ་བམ་བོ་སུམ་བརྒྱ། ལེའུ་དོན་གཉིས། ཤོ་ལོ་ཀ་ཆིག་འབུམ་ཡོད། ཡུམ་འབྲིང་པོ《ཤེར་ཕྱིན་སྟོང་ཕྲག་ཉི་ཤུ་ལྔ་པའམ》ཡོངས་གྲགས་སུ《ཉི་ཁྲི》ཞེས་འབོད་པ་པོད[ཀ][ཁ][ག]བར་པོད་གསུམ་ལ་བམ་པོ་བརྒྱད་ཅུ། ལེའུ་བདུན་ཅུ་དོན་གཉིས། ཤོ་ལོ་ཀ་ཉི་ཁྲི་ལྔ་སྟོང་། འབྲིང་གི་འབྲིང་པོ《ཁྲི་བརྒྱད་སྟོང་པ》པོད[ཀ][ཁ][ག]བར་པོད་གསུམ་ལ་བམ་པོ་དྲུག་ཅུ། ལེའུ་བརྒྱད་ཅུ་རྩ་བཞི། འབྲིང་གི་བསྡུས་པ《ཁྲི་བརྒྱད་སྟོང་པ》པོད་གཅིག་ལ་བམ་པོ་སུམ་ཅུ་རྩ་བཞི། ལེའུ་སོ་གསུམ། ཤོ་ལོ་ཀ་བརྒྱ་པ། ཡུམ་བསྡུས་པ《བརྒྱད་སྟོང་པ》པོད་གཅིག་ལ་བམ་པོ་ཉེར་བཞི། ལེའུ་སོ་གཉིས། ཤོ་ལོ་ཀ་བརྒྱད་སྟོང་། ཤེར་ཕྱིན་རྒྱས་བསྡུས་སྣ་ཚོགས་ཕྱོགས་གཅིག་ཏུ་བསྡུས་པ། ཤེར་ཕྱིན་སྣ་ཚོགས་པོད་གཅིག་བཅས། གོང་གསལ་རྣམས་མང་ཆེ་བ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ལོ་ཙཱ་བ་ཞང་ཡེ་ཤེས་སྡེ་དང་། ཛཱི་ན་མི་ཏྲ་སོགས་ཀྱིས་བསྒྱུར་བ་ཡིན།

language:
Tibetan