- mdzes rtsal/
- ID:
- T165049
- མཛེས་རྩལ (Tibetan, Tibetan script, Original)
- > mdzes rtsal/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > dzetsel (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
2. Thupten Phuntsok Dictionary
བཟོ་དབྱིབས་སྐྲུན་པའི་སྒྱུ་རྩལ་ལམ་བར་སྟོང་སྒྱུ་རྩལ་བཅས་ཀྱང་ཟེར། དུས་རབས་བཅུ་བདུན་པའི་ནང་ཡོ་རོབ་ཏུ་མཛེས་རྩལ་རིག་པའི་དོན་སྙིང་ལྡན་པའི་རི་མོ་དང་། འབུར་བརྙན། རོལ་མོ་སོགས་མཐའ་དག་ལ་མཚོན་གྱི་ཡོད། དེ་དང་དོན་དངོས་ཀྱི་བེད་སྤྱོད་བྱེད་པའི་བཟོ་རྩལ་མཛེས་རིས་དང་དབྱེ་བ་ཡོད་པ་ཡིན། དེང་སྐབས་རྒྱུན་དུ་རི་མོ་དང་། འབུར་བརྙན། བཟོ་རྩལ། མཛེས་རིས། ཨར་སྐྲུན་སྒྱུ་རྩལ་སོགས་ལ་གོ་བ་ཡིན། དུས་རབས་ཉི་ཤུ་པའི་དུས་འགོ་ནས་བཟུང་རང་རྒྱལ་དུ་མིང་ཚིག་དེ་རྒྱ་ཁྱབ་ངང་སྤྱོད་འགོ་ཚུགས།
- language:
- Tibetan