Skip to main content Skip to search
rdzong rgyab klu khang /
ID:
T166730
  • རྫོང་རྒྱབ་ཀླུ་ཁང (Tibetan, Tibetan script, Original)
    • > rdzong rgyab klu khang / (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dzongyap lukhang (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

  • རྫོང་རྒྱབ་ཀླུ་ཁང་ [t' la'i sku phreng drug pa tshangs dbyangs rgya mtsho'i skabs btab pa rtse pho brang rgyab klu chen gtso 'khor gnas pa'i khang pa, hor zla bzhi pa'i tshes bco lnga nyin klu khang mjal mchod kyi dga' ston byed srol yod

    language:
    Tibetan
  • རྫོང་རྒྱབ་ཀླུ་ཁང་

    language:
    Tibetan

2. bod rgya tshig mdzod chen mo

[2360] ཏཱ་ལའི་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་སྐབས་བཏབ་པ་རྩེ་ཕོ་བྲང་རྒྱབ་ཀླུ་ཆེན་གཙོ་འཁོར་གནས་པའི་ཁང་པ། ཧོར་ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་ཀླུ་ཁང་མཇལ་མཆོད་ཀྱི་དགའ་སྟོན་བྱེད་སྲོལ་ཡོད། ...

language:
English

3. dung dkar bod rig pa'i tshig mdzod chen mo

ཕོ་བྲང་པོ་ཏ་ལའི་རྒྱབ་ཏུ་རྫོང་རྒྱབ་ཀླུ་ཁང་ཞེས་ལྗོན་ཤིང་དུ་མས་ཁེངས་པའི་སྐྱེད་ཚལ་གྱི་ནང་ཆུ་རྫིང་གི་དབུས་སུ་ཐོག་བརྩེགས་གསུམ་ལྡན་གྱི་ཕོ་བྲང་ཡང་སྟེང་དུ་རྒྱ་ཕིབས་ཟུར་དྲུག་ཏོག་ཅན་གྱིས་བརྒྱན་པ་ཞིག་ཡོད་པ་དེ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐུ་དུས་སུ་རྩེ་ཕོ་བྲང་དཀར་པོ་བཞེངས་སྐབས་དང་། དེ་རྗེས་སྡེད་སྲིད་སངས་རྒྱས་རྒྱ་མཚོས་ཕོ་བྲང་དམར་པོ་བཞེངས་པ་སོགས་ཀྱི་སྐབས་སུ་འཛུགས་སྒྲུན་ལ་མཁོ་བའི་ས་རྣམས་དེ་ནས་བླངས་སྟབས་དེར་གཞི་རྒྱ་ཆེ་ཙམ་གྱི་ས་དོང་ཞིག་ཆགས། ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོས་དེ་གར་ཆུ་བསྐྱིལ་བའི་དབུས་སུ་ཕོ་བྲང་དེ་བཞེངས་ཤིང་། མཚེའུ་དང་ཕོ་བྲང་གི་དབྱིབས་རྣམས་ཀླུའི་དཀྱིལ་འཁོར་ལ་དཔེ་བླངས་ནས་བཞེངས། ཐོག་ཚད་སོ་སོའི་གྱང་ངོས་སུ་ལྡེབས་བྲིས་ལ་སློབ་དཔོན་པངྨ་འབྱུང་གནས་ཀྱི་རྣམ་ཐར་དང་། པངྨ་འོད་འབར་གྱི་གཏམ་རྒྱུད་སོགས་རི་མོ་མང་པོ་ཡོད་ལཀླུ་མལ་གྲོ་གཟི་ཅན་ལ་ཀླུ་ཆེན་བརྒྱད་ཀྱིས་བསྐོར་པའི་འཇིམ་བརྙན་སོགས་ཡོད། ཆུ་དཀྱིལ་ཕོ་བྲང་དེའི་ལྷོ་ནུབ་ངོས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པའི་སྐབས་སུ་བསྐྱུན་པའི་གླང་ཁང་ཕུན་ཚོགས་ར་བ་ཞེས་གླང་པོ་ཆེ་འཇུག་ས་དང་། དེའི་ནུབ་ངོས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་པའི་སྐབས་བཞེངས་པའི་བྱང་ཆུབ་མཆོད་རྟེན་ཞིག་ཀྱང་ཡོད། ཀླུ་ཁང་གི་དཀོན་གཉེར་ནི་རྩེ་རྣམ་རྒྱལ་གྲྭ་ཚང་ནས་འཛུགས་སྲོལ་ཡོད།

language:
Tibetan

4. Thupten Phuntsok Dictionary

རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོས་ཆར་ཆུ་དུས་སུ་འབབ་པའི་ཆེད་དུ་ཀླུ་མཆོད་ཡུལ་གྱི་ལྷ་ཁང་དེ་བཞེངས། རྩེ་ཕོ་བྲང་རྒྱབ་ཀླུ་ཆེན་གཙོ་འཁོར་གནས་པའི་ཀླུ་ཁང་ཞིག་ཡིན། ཧོར་ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་ཀླུ་ཁང་མཇལ་མཆོད་ཀྱི་དགའ་སྟོན་བྱེད་སྲོལ་ཡོད། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཁོངས་སུ་ཡོད།

language:
Tibetan

5. smon lam tshig mdzod chen mo

ཏཱ་ལའི་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་སྐབས་བཏབ་པ་རྩེ་ཕོ་བྲང་རྒྱབ་ཀླུ་ཆེན་གཙོ་འཁོར་གནས་པའི་ཁང་པ། ཧོར་ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན་ཀླུ་ཁང་མཇལ་མཆོད་ཀྱི་དགའ་སྟོན་བྱེད་སྲོལ་ཡོད།

language:
Tibetan