Skip to main content Skip to search
rdzong rgyab zhar 'phen/
ID:
T166732
  • རྫོང་རྒྱབ་ཞར་འཕེན (Tibetan, Tibetan script, Original)
    • > rdzong rgyab zhar 'phen/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > dzongyap zhampen (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

on the 1st month 26th day smon lam gtor mjug dga' ston rdzong rgyab horse racing holiday

language:
English

2. bod rgya tshig mdzod chen mo

[2362] སྔར་ཧོར་ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་སྨོན་ལམ་གཏོར་མཇུག་དགའ་སྟོན་རྫོང་རྒྱབ་རྟ་རྒྱུག་གི་དུས་སྟོན། ...

language:
English

3. dung dkar bod rig pa'i tshig mdzod chen mo

དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་བོད་ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་ལྷ་ཀླུ་སྐོར་དུ་ཡོད་པའི་རྫོང་རྒྱབ་སྤྲོ་ཁང་གི་ནུབ་ངོས་ཐང་སྡེར་དུ་གུར་ཕུབ་ཐོག་རྫོང་རྒྱབ་ཞར་འཕེན་ཞེས་རྟ་དམག་རྣམས་ཀྱི་དྲག་རྩལ་མདའ་མེ་བཅས་རྒྱུགས་བཞེས་མཚོན་བྱེད་ཞིག་ཡིན་འདུག དེ་ཉིན་བཀའ་ཤག་གུར་པས་རྟ་རྒྱུགས་སའི་ས་གནས་ལྷ་ཀླུའི་མདུན་ངོས་སུ་བཀའ་ཤག་གི་དབུ་གཡབ་དང་། དེའི་ཉེ་འགྲམ་དུ་ལས་དཀྱུས་ཁག དེའི་གཤམ་བླ་ཕྱག་བཞུགས་ཡུལ་བྱང་བལྟ། ཁ་ནུབ་བལྟ་ཕྱི་རྒྱལ་སྐུ་མགྲོན་གྱི་བཞུགས་གུར། གདན་གཉེར་ནས་བཞུགས་གདན་ཁག་བརྒྱབ། ཞོལ་གཉེར་ནས་གྲོ་ཕྱེ་ཆང་ཕུད་དང་། མདའ་མེའི་འབེན་བཅས་གྲ་སྒྲིག བཀའ་བློན་དང་ཛ་ཐའི་ན་བཟའ་ཧོར་གོས་མཚོན་ཁྲ་སེར་པོ་དང་། རིམ་བཞི་རྣམས་རྒྱན་གཞི་སེར་པོ། སྲས་རྣམ་པ་དང་། ལས་ཚན་ཆེ་ཁག མགྲོན་དྲུང་བཀའ་ཤག་ཤོད་པ་བཅས་ཀྱིས་ཏོག་ཞྭ་དང་རྒྱན་གཞི་སྔོན་པོ། རྩིས་པ་དང་། རྩྭ་རྩམ། དམག་དྲུང་བཅས་ཚོས་མན་རྒྱ་སྨུག དྲུང་དཀྱུས་རྣམས་རྒྱུན་ཆས་ཁ་གསར་བཅས་བཞེངས་ནས་མཛད་གཟིགས་ལ་ཕེབས་པ་དང་། ཡ་སོར་ངོ་ལས་རྣམས་ཕྱག་འབུལ་དུ་བཅར། རང་རང་གདན་ཐོག་གྲལ་ལ་འཁོད་པ་དང་། གསོལ་ཇ་བཞེས་འབྲས། གྲོ་ཕྱེ་ཕུད་གཏོར་ཞུས་རྗེས་ཡ་སོར་རྒན་པ་ཡར་བཞེངས་ནས་གཡས་རུའི་རུ་གཞུང་བཀའ་བློན་རྣམ་པའི་གསོལ་ལྕོག་ཐོག་ཁ་ཕྱེ་གནང་མཛད་པ་དང་། བཀའ་བློན་ཁྲི་པས་རྟ་པའི་མིང་སྨོས་གནང་བ་ཞོལ་མ་ནང་གཟན་གཅིག་གིས་གཟིགས་ལམ་ལ་ཞྭ་ཕུད་པུས་བཙུགས་ཀྱིས་ཉན་རྗེས་རྟ་སྐད་རྒྱག་སྟངས་གྲ་བཞི་རྩིས་བཤེར་སྐབས་ལྟར་ཡིན། གཡས་རུ་དང་པོ་དགའ་བཞི་བའི་རྟ་སྣ་འཁྲིད་མི་གསོལ་གོས་མདའ་ཤར་རྒྱུགས་དགོས་པ་དང་། དེ་བྱིངས་རྟ་པ་རྣམས་ཀྱིས་མེ་མདའ་དང་། མདའ་རྒྱག་དགོས། དམག་དྲུང་གཉིས་ནས་ཚ་ཐོ་བཀོད་དེ་རྟ་པ་རྣམས་གྲལ་བསྒྲིགས་ཏེ་ཡོང་། དབུས་མདས་ཚ་ཐོ་ཀློག་གནང་མཛད། བླ་ཕྱག་གིས་ཚ་དར་གཡོག མེ་ཚ་དང་། མདའ་ཚར་ཚ་དར་ཐེངས་གཉིས་རེ། རྟ་པ་རྣམས་ཀྱིས་མདུན་ཕྱོགས་སུ་གོམ་པ་གསུམ་སྤོས་ཏེ་པུས་མོ་ཡ་གཅིག་བཙུགས་ཙམ་བྱས་ཏེ་ཛོ་ཡོལ་ཞུས། ཕྱིར་བགྲོད་གསུམ་ཐོག་ཕྱིར་ལོག རྟ་བཞོན་ནས་ཀི་སོའོ་བསྒྲགས། རང་གི་སྒར་སར་ལོག དེ་བཞིན་འཁྲི་ཁུངས་ཀྱི་རྟ་པ་རྣམས་རེ་རེ་བཞིན་རྒྱུགས་སྟངས་གོང་ལྟར་ཡིན། གཡས་རུ་མཇུག་འགྲིལ་བ་དང་ཡ་སོར་རྒན་པས་རུ་གཞུང་ཕྱིར་ཞུ་གནང་སྟེ་མཛད་སྒོ་གྲོལ། བཀའ་ཤག་དབུ་གུར་དུ་ཕེབས། གསོལ་ཇ་བཞེས་འབྲས་དང་། བླ་ཕྱག་ནས་བཀའ་བློན་རྣམ་པར་གསོལ་ཚིགས་སྒྲོག་རྩེ(རྒྱ་ལུགས་ཀྱི་གསོལ་ཚིགས་གཏོང་སྟངས)དང་། མགྲོན་དྲུང་དང་། ཛ་ཐའི། དྲུང་དཀྱུས་ཡན་ལ་རྒྱ་ཁོག ཞལ་ཏོག་ཤིང་འབྲས་བཅས་སྒྲིག་དགོས། དགོང་དྲོ་གཡོན་རུ་རྒྱུགས་སྐབས་ཡ་སོར་གཞོན་པས་རུ་གཞུང་འབུལ་རྒྱུས་མཚོན་བྱེད་སྟངས་གོང་ལྟར་གྱིས་རྟ་པ་རྣམས་མཇུག་འགྲིལ་བ་དང་། ཡ་སོར་བྱིངས་བཅུས་མདའ་ཤར་རེ་རྒྱུགས་སྲོལ། དགོང་དྲོ་ཡ་སོར་ངོ་ལས་དང་། སོག་པོ་ཡ་སོར་བཅས་གསོལ་ཚིགས་གྲུབ་པ་དང་། གཟིམ་ཤག་སོ་སོར་ཕྱིར་ཕེབས། དེ་ཉིན་ཡིད་དབང་འཕྲོག་པའི་རྟ་རྩལ་འགྲན་བསྡུར་གྱི་ལྟད་མོར་མི་དམངས་ཇི་སྙེད་ཀྱང་རང་གི་འཁོས་བབ་ལ་གཞིགས་པའི་བཟའ་བཅའ་སོགས་འཁྱེར་ཏེ་ལྟད་མོ་དང་སྦྲགས་བག་ཡང་གང་སྐྱིད་ཀྱི་ཚུལ་དུ་བསྐྱོད་སྲོལ་ཡོད་འདུག

language:
Tibetan

4. Thupten Phuntsok Dictionary

ཧོར་ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་སྨོན་ལམ་གཏོར་མཇུག་དགའ་སྟོན་རྫོང་རྒྱབ་རྟ་རྒྱུག་གི་དུས་སྟོན།

language:
Tibetan

5. smon lam tshig mdzod chen mo

སྔར་ཧོར་ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་སྨོན་ལམ་གཏོར་མཇུག་དགའ་སྟོན་རྫོང་རྒྱབ་རྟ་རྒྱུག་གི་དུས་སྟོན།

language:
Tibetan