- zhing shag pa/
- ID:
- T168814
- ཞིང་ཤག་པ (Tibetan, Tibetan script, Original)
- > zhing shag pa/ (Tibetan, Latin script, Transliteration-THL Extended Wylie Transliteration)
- > zhingshakpa (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Ives Waldo Dictionary
-
ཞིང་ཤག་པ་
- language:
- Tibetan
-
ཞིང་ཤག་པ་ [rin spungs pa'i sde pa zhing shag tshe brtan rdo rjes rab byung dgu pa'i shing glang lor 'bangs gyen log gi skabs dang bstun nas mnga' thang bzung, de'i tsha bo phun tshogs rdo rjes rab byung bcu pa'i sa rta lor lha sar 'dzul ba'i sog dmag gtor te, gtsug lag khang dang ra mo che sogs rten gnas zhig gso byas, dbus gtsang mtha' dag rim gyis chab 'og tu bcug gtsang stod rgyal por grags, de'i bu karma bstan skyong dbang po ste rgya'i deb ther du gtsang pa han zhes grags pa dang jo nang pa t' ra na tha mchod yon du 'brel, rab byung bcu gcig pa'i lcags rta lor gtsang la 'dzul ba'i la dvags kyi dmag gtor, chu rta lor gu shr'i bstan 'dzin chos rgyal gyis bkrongs,//1565// 1618//1630// 1630
- language:
- Tibetan
-
ཞིང་ཤག་པ་ [R]
- language:
- Tibetan
2. bod rgya tshig mdzod chen mo
[2390] རིན་སྤུངས་པའི་སྡེ་པ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེས་རབ་བྱུང་དགུ་པའི་ཤིང་གླང་ལོར་འབངས་གྱེན་ལོག་གི་སྐབས་དང་བསྟུན་ནས་མངའ་ཐང་བཟུང། དེའི་ཚ་བོ་ཕུན་ཚོགས་རྡོ་རྗེས་རབ་བྱུང་བཅུ་པའི་ས་རྟ་ལོར་ལྷ་སར་འཛུལ་བའི་སོག་དམག་གཏོར་ཏེ། གཙུག་ལག་ཁང་དང་ར་མོ་ཆེ་སོགས་རྟེན་གནས་ཞིག་གསོ་བྱས། དབུས་གཙང་མཐའ་དག་རིམ་གྱིས་ཆབ་འོག་ཏུ་བཅུག་གཙང་སྟོད་རྒྱལ་པོར་གྲགས། དེའི་བུ་ཀརྨ་བསྟན་སྐྱོང་དབང་པོ་སྟེ་རྒྱའི་དེབ་ཐེར་དུ་གཙང་པ་ཧན་ཞེས་གྲགས་པ་དང་ཇོ་ནང་པ་ཏཱ་ར་ན་ཐ་མཆོད་ཡོན་དུ་འབྲེལ། རབ་བྱུང་བཅུ་གཅིག་པའི་ལྕགས་རྟ་ལོར་གཙང་ལ་འཛུལ་བའི་ལ་དྭགས་ཀྱི་དམག་གཏོར། ཆུ་རྟ་ལོར་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་བཀྲོངས། ... 1565... 1618... 1630... 1630…
- language:
- Tibetan
3. Thupten Phuntsok Dictionary
རིན་སྤུངས་པའི་སྡེ་པ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེས་རབ་བྱུང་དགུ་པའི་ཤིང་གླང་ལོར་འབངས་གྱེན་ལོག་གི་སྐབས་དང་བསྟུན་ནས་མངའ་ཐང་བཟུང་། དེའི་ཚ་བོ་ཕུན་ཚོགས་རྡོ་རྗེས་རབ་བྱུང་བཅུ་པའི་ས་རྟ་ལོར་ལྷ་སར་འཛུལ་བའི་སོག་དམག་གཏོར་ཏེ། གཙུག་ལག་ཁང་དང་ར་མོ་ཆེ་སོགས་རྟེན་གནས་ཞིག་གསོ་བྱས། དབུས་གཙང་མཐའ་དག་རིམ་གྱིས་ཆབ་འོག་ཏུ་བཅུག གཙང་སྟོད་རྒྱལ་པོར་གྲགས། དེའི་བུ་ཀརྨ་བསྟན་སྐྱོང་དབང་པོ་སྟེ་རྒྱའི་དེབ་ཐེར་དུ་གཙང་པ་ཧན་ཞེས་གྲགས་པ་དང་ཇོ་ནང་པ་ཏཱ་ར་ན་ཐ་མཆོད་ཡོན་དུ་འབྲེལ། རབ་བྱུང་བཅུ་གཅིག་པའི་ལྕགས་རྟ་ལོར་གཙང་ལ་འཛུལ་བའི་ལ་དྭགསས་ཀྱི་དམག་གཏོར། ཆུ་རྟ་ལོར་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་བཀྲོངས།
- language:
- Tibetan
4. smon lam tshig mdzod chen mo
རིན་སྤུངས་པའི་སྡེ་པ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེས་རབ་བྱུང་དགུ་པའི་ཤིང་གླང་ལོར་འབངས་གྱེན་ལོག་གི་སྐབས་དང་བསྟུན་ནས་མངའ་ཐང་བཟུང༌། དེའི་ཚ་བོ་ཕུན་ཚོགས་རྡོ་རྗེས་རབ་བྱུང་བཅུ་པའི་ས་རྟ་ལོར་ལྷ་སར་འཛུལ་བའི་སོག་དམག་གཏོར་ཏེ། གཙུག་ལག་ཁང་དང་ར་མོ་ཆེ་སོགས་རྟེན་གནས་ཞིག་གསོ་བྱས། དབུས་གཙང་མཐའ་དག་རིམ་གྱིས་ཆབ་འོག་ཏུ་བཅུག་གཙང་སྟོད་རྒྱལ་པོར་གྲགས། དེའི་བུ་ཀརྨ་བསྟན་སྐྱོང་དབང་པོ་སྟེ་རྒྱའི་དེབ་ཐེར་དུ་གཙང་པ་ཧན་ཞེས་གྲགས་པ་དང་ཇོ་ནང་པ་ཏཱ་ར་ན་ཐ་མཆོད་ཡོན་དུ་འབྲེལ། རབ་བྱུང་བཅུ་གཅིག་པའི་ལྕགས་རྟ་ལོར་གཙང་ལ་འཛུལ་བའི་ལ་དྭགས་ཀྱི་དམག་གཏོར། ཆུ་རྟ་ལོར་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་བཀྲོངས། 1565 1618 1630 1630
- language:
- Tibetan