Skip to main content Skip to search
khams gsum rnam rgyal/
ID:
T17005
  • ཁམས་གསུམ་རྣམ་རྒྱལ (Tibetan, Tibetan script, Original)
    • > khams gsum rnam rgyal/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • > khamsum namgyel (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Ives Waldo Dictionary

(met Rahu, sgra gcan

language:
English

2. Jim Valby Dictionary

planet, SA sgra gcan

language:
English

3. bod rgya tshig mdzod chen mo

[227] ༼མངོན༽ སྒྲ་གཅན། ...

language:
English

4. dung dkar bod rig pa'i tshig mdzod chen mo

བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱི་དབང་སྟེ། མི་ཏྲ་བརྒྱ་རྩའི་ནང་གི་དབང་གི་སྡེ་ཚན་སུམ་ཅུ་སོ་ལྔ་པ་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་ལྷ་ལྔ་བཅུ་ང་བདུན་ཡོད་པའི་དབང་དེ་ཡིན། <<མི་ཏྲ་བརྒྱ་རྩའི་དབང་ཆོག>>གི་ནང་དུ་ཡོད། འདིའི་ཟུར་བཀའི་དབང་ཆོག་ནི་ཐོ་ཡོན་བླ་མ་འཇམ་དབྱངས་འཕྲིན་ལས་ཀྱི་གསུང་འབུམ<<དཀྱིལ་ཆོག་ཕྱོགས་བསྒྲིགས་ནོར་བུའི་ཕྲེང་བ>>པོད་གཉིས་པའི་མཇུག་ཏུ་ཡོད། ཁམས་གསུམ་མི་ལྡོག་སྒྲོལ་གྱི་གཙུག་ལག་ཁང༌། ཁམས་གསུམ་ཟངས་ཁང་གླིང་ཀི་མིང་གི་རྣམ་གྲངས་ཡིན་ཞིང༌། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གྱིས་བསམ་ཡས་གཙུག་ལག་ཁང་ལྟེ་བར་དཔེ་བྱས་ནས་བཞེངས་པ་སྟེ། བསམ་ཡས་གཙུག་ལག་ཁང་གི་ལྷོ་ཕྱོགས་ལྕགས་རིའི་ཕྱི་ལ་ཡོད་པ་དེ་ཡིན། ལྷ་ཁང་ལྟེ་བ་ཐོག་སོ་གསུམ་ཡོད་པའི་སྟེང་ཐོག་ལ། རྣམ་པར་སྣང་མཛད་མི་བཞི་རྒྱབ་སྤྲོད་ལྟ་བུ། སེམས་དཔའ་སེམས་མ་ཁྲོ་བོ་གཉིས་བཅས་རྡོར་དབྱིངས་ཀྱི་ལྷ་ཚོགས་ཆ་ཚང་འཇིམ་སྐུ་ལ་ཕྲ་རྒྱན་ཡོད་པ། བར་ཁང་གི་རྟེན་གཙོར་སངས་རྒྱས་མ་ཆགས་པརྨོའི་སྤྱན་པད་སྡོང་གི་ཁར་བཞུགས་པ། གཡས་གཡོན་ལ་སེམས་དཔའ་བཞི་དང་སེམས་མ་བཞི། ཁྲོབོ་ཀང་དང་ཀིང་གཉིས་འཇིམ་སྐུ་ལ་ཕྲ་རྒྱན་སྣ་ཚོགས་ཡོད་པ། སྐོར་ཁང་ལ་ཕྱི་ནང་གཉིས་བལྟས་སུ་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྡེབས་བྲིས་བལ་བྲིས་རྙིང་མ། འོག་ཁང་གི་རྟེན་གཙོར་ཇོ་བོ་བྱང་ཆུབ་ཆེན་པོ་ཐོག་ཚད་མ། གཡས་གཡོན་དུ་ཉེ་བའི་སྲས་བརྒྱད། ཁྲོ་བོ་གཉིས་བཅས་འཇིམ་སྐུ་ལ་ཕྲ་རྒྱན་མང་པོ་ཡོད་པ། དེའི་མཐའ་བསྐོར་གྱི་སྐོར་ཁང་ཁ་ཕྱི་བལྟས་ནང་བལྟས་གཉིས་ཀར<<བཀའ་ཐང>>ནང་གསལ་བ་བཞིན་གྱི་ལྡེབས་བྲིས་རྣམས་བལ་བྲིས་རྙིང་མ། དབུ་རྩེར་གཡུ་རྩི་ཅན་གྱི་རྒྱ་ཕིབས་བཅས་ཡོད་ཅིང༌། དེ་སྔོན་ཀ་ཐོག་སི་ཏུ་རིན་པོ་ཆེ་ཆོས་ཀྱི་རྒྱ་མཚོ་དབུས་གཙང་གནས་མཇལ་དུ་ཕེབས་སྐབས་ཉམས་ཆག་མེད་པར་བསྡད་ཡོད་ཚུལ་དམ་པ་དེས་མཛད་པའི<<དབུས་གཙང་གནས་བསྐོར་ལམ་ཡིག>>སྡེ་དགེ་དཔར་མའི་ཤོག་གྲངས༡༠༣ནས༡༠༤བར་གསལ།

language:
Tibetan

5. Thupten Phuntsok Dictionary

(1) བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱི་དབང་སྟེ། མི་ཏྲ་བརྒྱ་རྩའི་ནང་གི་དབང་གི་སྡེ་ཚན་སུམ་ཅུ་སོ་ལྔ་པ་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་ལྷ་ལྔ་བཅུ་ང་བདུན་ཡོད་པའི་དབང་དེ་ཡིན། (2) 〔མངོན〕སྒྲ་གཅན།

language:
Tibetan

6. smon lam tshig mdzod chen mo

(མངོན་བརྗོད།) སྒྲ་གཅན།

language:
Tibetan

7. Lokesh Chandra Tibetan-Sanskrit dictionary

Sanskrit:


  • trailokyavijaya
  • trailokyavijaya mahākalparāja

8. Negi Tibetan-Sanskrit Dictionary

  • trailokyavijayaḥ, bhagavān kālacakraḥ — trailokyavijayaṃ natvā vajrabhairavabhīkaram

    language:
    Sanskrit
  • durdāntadamakaṃ vīraṃ kālacakraṃ kapālinam vi.pra.101kha/3.23.

    language:
    Sanskrit
Sanskrit:
trailokyavijaya, trailokyavijaya mahākalparāja